ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

བསྟན་འཛིན་ལེ་ཚན་གྲགས་ཅན་འདིའི་ནང་དངོས་སུ་ཞུགས་རྒྱུ།

སྤེལ་དུས 2022-05-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ཟླ་5ཚེས་18ཉིན་གྱི་ཕྱི་དྲོ། ཧུའུ་ནན་བརྙན་འཕྲིན་ལས་ཁུངས་དང་མང་ཀུའོ་TVཡི་འབྱུང་ཁམས་གསར་པའི་དཔྱད་ཞིབ་ཚོགས་འདུའི་ཐོག ཝང་ཧན་གྱིས་བསྟན་འཛིན་༼ཉིན་བཞིན་ཡར་རྒྱས་༽ཞེས་པའི་ལེ་ཚན་དེའི་ནང་དངོས་སུ་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། བསྟན་འཛིན་གྱིས། ངས་རྒན་རབས་ཚོའི་རྗེས་སུ་འབྲངས་ནས་བསླབ་ལ་དེ་བས་བརྩོན་པ་བྱེད་རྒྱུ་དང་། ལེ་ཚན་ནང་གྲོང་གསེབ་ཀྱི་རིག་གནས་དང་མཐོ་སྒང་གི་རིག་གནས་ལྷན་རྒྱས་ལ་མཉམ་སྤྱོད་ཞུ་འདོད་ཡོད་ཅེས་བརྗོད་པ་རེད། རང་ལོ་21ལ་སླེབས་པའི་སྐྱེས་སྐར་བཏང་མ་ཐག་པའི་བསྟན་འཛིན་གྱིས་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་དེའི་ནང་ཞུགས་པ་དེས་རྟགས་མཚན་གང་ཞིག་བརྒྱུད་སྤྲོད་བྱེད་མིན་ཐད་རེ་སྒུག་བྱེད་རིན་ཡོད།

     བསྟན་འཛིན་གྱིས་༼ཉིན་བཞིན་ཡར་རྒྱས་༽ཞེས་པའི་ལེ་ཚན་དེར་རྒྱུས་མངའ་ཏོག་ཙམ་ཡོད། སྐབས་དེ་དུས་ལེ་ཚན་ཕབ་འཇུག་ནང་ཐེངས་དང་པོ་ཞུགས་སྐབས། མ་གཞི་ཁོང་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་ནང་ཞུགས་ཐེངས་དང་པོ་ཡིན་པ་དང་འཁྲབ་སྟེགས་ཐོག་དོན་དུས་འཚེར་སྣང་ཏོག་ཙམ་ཡོད་མོད། འོན་ཀྱང་བསྟན་འཛིན་གྱིས་ལེ་ཚན་དེའི་གཙོ་སྐྱོང་བ་འཕྲལ་དུ་འབྲེལ་འདྲིས་བྱུང་ཡོད། ལྷོད་ལ་བབས་རྗེས་ཁོང་ནི་དེ་འདྲའི་སྙིང་ཉེ་བ་དང་ཁོང་གི་འཛུམ་མདངས་ནི་དེ་འདྲའི་ལྷད་མེད་པ་ཞིག་རེད། ཉེ་ཆར་སྐུ་མགྲོན་གྱི་ཐོབ་ཐང་ངོས་ནས་བསྟན་འཛིན་ལེ་ཚན་ཞིག་ནང་ཞུགས་པ་དང་། ཡུལ་དུས་དངོས་སུ་ཁམས་པའི་ཕོ་རྒོད་ཅིག་བདམས་པའི་ཚད་གཞི་ཞིབ་ཞིང་ཕྲ་བ་གླེང་པ་མ་ཟད། རོང་བྲག་བུ་མོའི་མདུན་དུ་ཁམས་པའི་ཕོ་རྒོད་ཀྱི་ཉམས་གཏན་ནས་ཤོར་མི་རུང་ཞེས་བཤད་པ་རེད།

    འདི་ལོ་ནས་བཟུང་༼ཉིན་བཞིན་ཡར་རྒྱས་༽ཞེས་པའི་ལེ་ཚན་དེ་རེས་གཟའ་ཉི་མའི་དགོང་མོ་སྟོན་པ་ནས་རེས་གཟའ་པ་སངས་ཀྱི་དགོང་མོ་བསྟན་རྒྱུར་བསྒྱུར་ཡོད། མིག་སྔར་ཝང་ཧན་དང་ཆི་སི་ཅུན་ཕུད། དབྱང་དབྱི་ཧྥན་དང་ཀྲའོ་ཞའོ་ཐང་། ཝུའུ་ཙེ་ལིན། ཏུང་ཅ་རྨིན། ཤའེ་ཤིང་དབྱང་བཅས་དང་། དེ་བཞིན་ཀའོ་ཧན་ཡུས་དང་ཀྲང་ཡན་ཆི་ཚང་མ་ནི་སློབ་སྦྱོང་ཡག་པོ་ཅེས་པའི་ཚོགས་པའི་ཁོངས་མི་ཡིན་པས། རྒྱ་ཆེའི་གཟིགས་མོ་ལྷན་རྒྱས་དང་མཉམ་དུ་དུས་ཐེངས་རེ་རེའི་ལེ་ཚན་སློབ་སྦྱོང་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་གསར་པ་དང་ཤེས་བྱ་གསར་པ་མྱོང་རོལ་ཞུ་རྒྱུ་ཡིན་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།