ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཟི་ལིང་མཁར་ནུབ་ཀྱི་བཀག་སྡོམ་ཁུལ་སྐོར་དང་པོ་གློད་པ།

སྤེལ་དུས 2022-05-23 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཟི་ལིང་གྲོང་ཁྱེར་གྱི་ཀི་ལིན་ལན་ཅོན་གཞིས་ཁུལ་དང་སུའུ་ཅཱ་ཧི་ཝན་སྡེ་བ། ཧོ་ཏུང་སྡེ་བ། ཞི་ཧེ་ཅཱ་ཡོན་གཞིས་ཁུལ་གྱི་བཀག་སྡོམ་ཁུལ་དང་དམ་སྡོམ་ཁུལ་ལ། ཆེད་མཁས་པས་དཔྱད་དཔོག་བརྒྱུད། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་ཆོག་མཆན་ཐོབ་སྟེ། གློད་གྲོལ་གྱི་ཚད་གཞིར་སླེབས་འདུག་པས། 2022ལོའི་ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད0ནས་བཟུང་བཀག་སྡོམ་ཚོད་འཛིན་གློད།
  ཟླ5པའི་ཚེས21ཉིན་བར། གོང་གི་བཀག་སྡོམ་ཁུལ་དང་དམ་སྡོམ་ཁུལ་ལ་ཉིན14ཡི་རིང་། ས་ཁོངས་སུ་གཏན་ཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་མ་བྱུང་ཞིང་། ས་ཁོངས་ནང་གི་ཆེས་མཐའ་མའི་འབྲེལ་འདྲིས་དམ་ཟབ་ཅན་དེ་ཉིན14བརྒལ་ནས་ཉིང་སྐྱུར་བརྟག་དཔྱད་བྱས་པར་བརྟག་འབྲས་སྲིབ་གཤིས་རེད། བཀག་སྡོམ་མ་གློད་གོང་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་ཤིག་བྱས་པར་བརྟག་འབྲས་སྔར་བཞིན་སྲིབ་གཤིས་རེད། དུས་མཉམ་དུ་ས་ཁོངས་ཀྱི་ཁོར་ཡུག་ཀུན་ལ་ཕྱོགས་ཡོངས་ནས་དུག་སེལ་བྱས་པར་མ་ཟད། ཁོར་ཡུག་མ་དཔེ་ཚད་ལེན་གྱི་བརྟག་འབྲས་ཀྱང་སྲིབ་གཤིས་རེད།
མིག་སྔར། མཁར་ནུབ་ས་ཁུལ་གྱི་རིམས་འགོག་གནས་བབ་སྤྱིའི་ཆ་ནས་ལེགས་མོད། ས་ཁུལ་ཡོངས་ཀྱི་འཇགས་རྣམ་དོ་དམ་ད་དུང་གྲོལ་མེད།  །