ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

སྤེལ་དུས 2022-05-23 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཟླ5པའི་ཚེས22ཉིན་གྱི་ཕྱི་དྲོར། གསར་འགོད་པས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་བྱ་བ་ཟླ5པའི་ཚེས18ཉིན་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འདེམ་བསྐོ་ལས་ཁུངས་ཉེར་ལྔས་བསྡོམས་པས་ཏང་གི་འཐུས་མི438བདམས།
  ཏང་གི་འཐུས་མི་འདེམ་བསྐོ་བྱེད་རྒྱུ་ནི་ཏང་གི་འཐུས་མི་ཚོགས་ཆེན་བཟང་པོར་བསྡུ་བའི་རྨང་གཞི་གལ་ཆེན་ཡིན། ངོ་སྤྲོད་ལྟར་ན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམ་བསྐོ་བྱ་བའི་ཐད་ནས་ཁྱད་ཆོས་ཆེན་པོ་བཞི་མངོན་པ་སྟེ། གཅིག་ནས་དྲིལ་སྒྲོག་སྐུལ་སློང་གཏིང་ཟབ་བཏང་བ་དང་། ཟབ་ཞུགས་ཀྱི་སྤྲོ་སེམས་ཆེ་རུ་བསྐྱེད་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་འདེམ་བསྐོ་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་པ་དང་། བརྗོད་དོན་ཏང་གི་ཉིན་མོ་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས། གཅིག་བསྡུས་སྒྲོག་འགྲེལ་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། གསར་འགྱུར་སྨྱན་བྱད་དང་སྐད་འཕྲིན་འཕྲིན་ཐུང་སོགས་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ནས། འཐུས་མི་འདེམ་བསྐོ་བྱ་བའི་དོན་སྙིན་གལ་ཆེན་དང་སྲིད་ཇུས་ཀྱི་རེ་བ། བརྒྱུད་རིམ་དུས་རིམ་དྲིལ་སྒྲོག་ཟབ་མོ་བྱས་པ་དང་། དྲིལ་སྒྲོག་ཡིག་ཆ་ཁྲི་བཞི་དང་སྟོང་ལྔ་ལྷག་སྒྲིག་འགྲེམ་ཕྱིར་བཀྲམས་བྱས་ལ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཁྱོན་ཡོངས་སུ་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་སྤྲོ་སེམས་ཆེ་རུ་བསྐྱེད།
  གཉིས་ནས་དམངས་གཙོ་དར་སྤེལ་བཏང་བ་དང་། ཏང་ཡོན་གྱི་དབང་ཆར་འགན་སྲུང་བྱས་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཡོན་གྱི་དམངས་གཙོ་དབང་ཆར་བརྩི་མཐོང་དང་འགན་སྲུང་བྱས་ཤིང་། དམངས་གཙོའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་དོ་སྣང་བྱས་ལ། གོང་འོག་ཟུང་འབྲེལ་དང་ཡང་དང་བསྐྱར་དུ་གྲོས་སྡུར་བྱེད་པ། རིམ་པ་བཞིན་འདེམ་བསྐོ་བྱེད་པའི་བྱེད་ཐབས་སྤྱད་པ་དང་། ཡར་ཞུ་གསུམ་དང་མར་བསྒྲགས་སུམ་གྱི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་བསམ་འཆར་ལ་ཉན་ནས། བདམས་པའི་འཐུས་མི་ཚང་མ་གཞི་རིམ་ནས་ངོ་སྤྲོད་བྱས་པ་དང་ཏང་ཡོན་མང་ཆེ་ཤོས་ཀྱི་འདོད་བློ་མཚོན་པར་ཁག་ཐེག་བྱས་པ་དང་། ཏང་ཡོན་གྱིས་ཤེས་རྟོགས་དབང་ཆ་དང་ཟབ་ཞུགས་དབང་ཆ། ལྟ་སྐུལ་དབང་ཆར་འགན་སྲུང་བྱས།
  གསུམ་ནས་ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་པ་དང་། ཞིབ་བཤེར་འགག་སྲུང་ནན་མོ་བྱས་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚད་གཞི་གོ་གནས་དང་པོར་བཞག་པ་དང་། ཏང་གི་མགོ་ཁྲིད་འཐུས་མི་འདེམ་བསྐོའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ལ། འཐུས་མིའི་འདེམ་མི་ཡི་ཆབ་སྲིད་འགག་སྒོ་དང་སྲིད་གཙང་འགག་སྒོ བྱང་ཚད་འགག་སྒོ་བརྟན་སྲུང་བྱས། ཐོབ་ཐང་མཉམ་བཤེར་རྐྱེན་སྲོལ་བཙུགས་པ་དང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་འཐབ་ཕྱོགས་གཅིག་གྱུར། སྤྱི་བདེ། རྩིས་བཤེར། འཕྲིན་བཅར་སོགས་སྡེ་ཁག་གི་བསམ་འཆར་ལ་ཉན་ཞིང་། མཉམ་འབྲེལ་སྒོས་ཞིབ་བཤེར་བྱས་པ་དང་དབྱེ་བགོས་འགག་སྲུང་བྱས་ལ། རིམ་པ་བཞིན་ཚེགས་འདེམ་བྱས་པ་དང་ཁྱོན་ཡོངས་ཞིབ་བཤེར་བྱས་ཏེ། གནད་དོན་ཡོད་པའི་མི་འཐུས་མི་འདེམ་བསྐོའི་ཁྲོད་ཞུགས་མི་ཐུབ་པར་བྱས་པ་དང་། བདམས་པའི་འཐུས་མིའི་ཆབ་སྲིད་འདུ་ཤེས་བརྟན་པ་དང་དག་གཙང་སྤྱོད་བཟང་དང་བྱང་ཚད་བཟང་བའི་མི་སྣ་ཡིན་པར་ཁག་ཐེག་བྱས།
  བཞི་ནི་བྱ་བའི་སྒྲིག་ལམ་ཇེ་དམ་དུ་བཏང་བ་དང་། སྤྱོད་གཙང་སྲོལ་བཟང་ཡིན་པར་ཁག་ཐེག་བྱས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནམ་ཡང་སྒྲིག་ལམ་དང་སྒྲིག་སྲོལ་གཙོར་བཟུང་བ་དང་། སློབ་གསོ་དང་ཉེན་བརྡ། སྔོན་འགོག་སྔོན་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ལ། རྒྱ་ཆེའི་ཏང་ཡོན་གྱི་སྒྲིག་ལམ་གཏན་ཁེལ་སྣ་ཚོགས་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ། སྒྲིག་ལམ་གྱི་ཚད་མཐའ་གཏན་ཁེལ་གསལ་བོ་བྱས། འཐུས་མི་འདེམ་བསྐོ་བྱ་བའི་གོ་རིམ་ཧྲིལ་བོའི་ལྟ་སྐུལ་ལ་ཤུགས་བསྣན་པ་དང་། གྲོས་ཚོགས་ཀྱི་འདེམ་བསྐོ་ལ་རྩ་འཛུགས་ནན་མོ་བྱས་ནས། འདེམ་ཤོག་འཕེན་པའི་ཐད་ནས་ཁྲིམས་འགལ་སྒྲིག་འགལ་གྱི་སྣང་ཚུལ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱས།
  རྒྱུས་ལོན་བྱུང་བ་ལྟར་ན། འཐུས་མིའི་ཁྱབ་ཚུལ་ལ་བལྟས་ཚེ། དཔལ་འབྱོར་དང་ཚན་རྩལ། སྲིད་ཁྲིམས། སློབ་གསོ། དྲིལ་སྒྲོག  རིག་གནས། འཕྲོད་བསྟེན། ལུས་རྩལ་དང་སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་དང་། གྲོང་ཁྱེར་དང་རྫོང་། ཡུལ་ཚོ། གྲོང་རྡལ། སྲང་ལམ། སྡེ་བ་དང་གཞིས་ཁུལ་སོགས་རིམ་ངོས་སོ་སོ། ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཁག  མི་དམངས་ཚོགས་པ་སོགས་ཕྱོགས་སོ་སོར་ཁེབས་ཡོད་ལ། འཐུས་མིའི་གྲུབ་ཚུལ་ལ་བལྟས་ཚེ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཟིན་པའི་བསྡུར་ཚད་སྐབས་སྔོན་མའི་ཏང་གི་འཐུས་མི་ཚོགས་ཆེན་དང་བསྡུར་ན་བརྒྱ་ཆའི་ཚེག0.59ཇེ་དམའ་རུ་སོང་བ་དང་། ཐོན་སྐྱེད་དང་བྱ་བའི་ཡུལ་དངོས་ཀྱི་འཐུས་མིས་ཟིན་པའི་བསྡུར་ཚད་བརྒྱ་ཆའི་ཚེག0.59འཕར་ལ། བཟོ་བ་ཏང་ཡོན་གྱི་འཐུས་མིས་ཟིན་པའི་བསྡུར་ཚད་སྐབས་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཚེག1.36འཕར་བ་དང་། བུད་མེད་ཏང་ཡོན་འཐུས་མིའི་བསྡུར་ཚད་ཞིང་ཆེན་ཡོངས་ཀྱི་བུད་མེད་ཏང་ཡོན་གྱི་ཟིན་ཚད་ལས་བརྒྱ་ཆའི་ཚེག0.33གྱིས་མཐོ། བདམས་ཐོན་བྱུང་བའི་འཐུས་མི438ཀྱི་བྱང་ཚད་མཐོ་བ་དང་གྲུབ་ཚུལ་འོས་མཐུན་ཡིན་ལ། ཁྱབ་ཚད་རྒྱ་ཆེ་ཞིང་ཏང་ཡོན་གྱིས་ཁས་ལེན་བྱེད་ཀྱིན་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་སྲོག་ཤིང་སྟོབས་ཤུགས་དང་བྱ་བའི་རྐང་འཛིནཔ་ཡིན་ལ། སྔོན་ཐོན་རང་བཞིན་དང་རྒྱ་ཆེའི་འཐུས་ཚབ་རང་བཞིན་ལྡན།  །