ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བྱམས་བརྩེ་ངང་འཚམས་འདྲི་གནང་བ།

སྤེལ་དུས 2022-05-23 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཟླ5པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་ལ་ཉེ་དུས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཞིན་ཁྲང་ཞིང་དང་། ཝུའུ་ཞའོ་ཅུན། ཡན་པའེ་སོགས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཚོགས་པ་སོ་སོར་ཕེབས་ཤིང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལ་བྱམས་བརྩེ་ངང་འཚམས་འདྲི་གནང་བ་དང་། ཚང་མས་གཟི་བརྗིད་ལ་གཅེས་སྤྲས་བྱས་ཏེ། ཚད་མཐོ་བའི་ཆབ་སྲིད་ཀྱི་ལས་འགན་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས། ལས་སྒྲུབ་འགན་ལེན་ལ་ནན་ཏན་དང་། གྲོས་འདོན་ཇུས་འབུལ་ལྷུར་ལེན་པ། སྒྲིག་ཁྲིམས་ཁག་ནན་མོར་སྲུང་བ། རིམས་ནད་འགོག་སྡོམ་གྱི་བླང་བྱ་དངོས་འབེབས་བཅས་བྱས་ཏེ། ཚོགས་ཆེན་སྲོལ་ལེགས་སྤྱོད་གཙང་ཡོང་བ་དང་ཕུན་སུམ་ཚོགས་པར་ལེགས་འགྲུབ་འབྱུང་བར་ཁག་ཐེག་སྒོས། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་དགའ་བསུ་བྱེད་པར་སྐུལ་མ་གནང་།
  འཐུས་མི་ཚོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་རིགས་སོ་སོའི་མང་ཚོགས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར། བསམ་བློ་དང་། ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་སྟེང་ནས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ཕུན་སུམ་ཚོགས་པའི་ཆབ་སྲིད་སྤྲོ་བ་དང་བསམ་པའི་ཉམས་འགྱུར་ལེགས་པོ་སྒོས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ཏུ་ཟབ་ཞུགས་བྱ་རྒྱུ་ཡིན་ལ། བློ་གཅིག་སེམས་གཅིག་གིས་ལས་སྒྲུབ་འགན་ལེན་དང་ཚོགས་འདུའི་སྒྲིག་སྲོལ་གཟབ་ནན་སྒོས། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་བློ་དཀར་གཞུང་དྲང་གིས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་སྒྲུབ་ཐུབ་པར་བྱས་ཏེ། གྲོས་ཚོགས་ཀྱི་གྲོས་རིམ་ཁག་གི་དམིགས་འབེན་ལས་འགན་ཕུན་སུམ་ཚོགས་པར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་རྩོམ་པར་དགོས་ངེས་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་པར་བསྟན། །