ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

པད་མ་རྫོང་གི་ལྷ་མོ་ཚོགས་པས《རྟ་རྒྱུག་རྒྱལ་འཇོག》འཁྲབ་སྟོན་བྱས།

སྤེལ་དུས 2022-06-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ལྷ་མོ་ཚོགས་པའི་འཁྲབ་སྟོན་གྱི་ཡུལ་དངོས།
          ཉེ་ཆར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཡག་པོ་བྱས་ནས་གླིང་སྒྲུང་གི་མངོན་མིན་རིག་གནས་ཤུལ་བཞག་སྔར་བས་དར་སྤེལ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་པད་མ་རྫོང་ཐང་དཀར་མ་དགོན་གྱི་གེ་སར་ལྷ་མོ་ཚོགས་པས2022ལོའི་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་འཁྲབ་སྟོན་ཏེ། འཛམ་གླིང་སྤྱི་བསང་དང་ཟློས་གར་འགྲེམ་སྟོན་བྱེད་སྒོ་སྤེལ།

འཁྲབ་སྟོན་གྱི་ཡུལ་དངོས།

ལྟད་མོ་བ་ཚོས་འཁྲབ་སྟོན་ལ་ལྟ་བཞིན་པ།
          ཐེངས་འདིའི་བྱེད་སྒོས་ལྟད་མོ་བ་ཚོར་གེ་སར་ཟློས་གར་རྒྱུན་འཛིན་ཕྱོགས་ཀྱི་མཚོན་བྱེད་ཟློས་གར《རྟ་རྒྱུག་རྒྱལ་འཇོག》འཁྲབ་སྟོན་བྱས་ཤིང་། ཟློས་གར་དེའི་ནང་གླིང་ཡུལ་དུ་གཞན་ནས་སྤྱུགས་པའི་ལྷ་སྲས་ཇོ་རུ་དེ་ཉིད་དགུང་ལོ་བཅུ་གཉིས་སུ་སླེབས་སྐབས། ཚོ་བའི་རྟ་རྒྱུག་རྒྱལ་འཇོག་ཐོག་ནས་རྒྱལ་ཁ་ཐོབ་སྟེ་གླིང་གི་རྒྱལ་པོའི་གོ་ས་ཐོབ་པ་མ་ཟད། གླིང་གི་ཆེས་མཛེས་པའི་འབྲུག་མོ་ཆུང་མར་བླངས། ཇོ་རུ་གླིང་གི་རྒྱལ་པོར་བསྐོས་རྗེས་ཁོང་གི་མིང་ལ་གེ་སར་རྒྱལ་པོ་ཞེས་བསྒྱུར་བ་དང་། འདི་ནི་ངག་རྒྱུན་ཁྲོད་ཀྱི་གླིང་རྗེ་གེ་སར་ཡིན་པ་རེད།

འཁྲབ་སྟོན་གྱི་ཡུལ་དངོས།
འཁྲབ་སྟོན་བྱེད་བཞིན་པ།
འཁྲབ་སྟོན་བྱེད་བཞིན་པ།
          《གེ་སར》གྱི་སྒྲུང་དཔེ་ལ་སྙན་ངག་ཚིག་རྐང་ཁྲི100ལྷག་ཙམ་དང་ཡིག་འབྲུ་ཁྲི2000ལྷག་ཙམ་ཟིན་པ་དང་། དེ་འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་གྲས་ལྔའི་ཡིག་གྲངས་ཀྱི་བསྡོམས་འབོར་ལས་བརྒལ་བ་མ་ཟད། ནང་དོན་སྔར་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། 2006ལོར་ཀྲུང་གོའི་གཞུང་ཕྱོགས་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོབ་ནང་བཅུག་པ་དང་། 2009ལོར“གེ་སར་ལོ་རྒྱུས་སྙན་ངག་གི་སྲོལ་རྒྱུན”དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོབ》ནང་བཅུག་པ་རེད།
འཁྲབ་སྟོན་བྱེད་བཞིན་པ།
འཁྲབ་སྟོན་བྱེད་བཞིན་པ།

འཁྲབ་སྟོན་པ་ཡོངས་ཀྱི་མཉམ་པར།
རྩོམ་སྒྲིག་པ། བདེ་སྒྲོན།