ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་དགུ་པ་བསྡུས་པ།

སྤེལ་དུས 2022-11-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
   ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་ཞིང་། འབྲེལ་ཡོད་བཅོས་སྒྱུར་གྱི་ཇུས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད། རང་ཞིང་གི་གཞི་གྲངས་དཔལ་འབྱོར་གྱི་བཅོས་སྒྱུར་འཕེལ་རྒྱས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཝེ་ཏུང་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། པད་ཁོ། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།
  གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཐད་ཀྱི་བཀོད་སྒྲིག་གལ་ཆེན་དང་ཟུང་འབྲེལ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་དུས་རིམ་གྱི་བཅོས་སྒྱུར་རྒྱུན་མཐུད་དང་གཏིང་ཟབ་ཏུ་སྤེལ་བ། བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཁོག་རང་བཞིན། མཉམ་ལས་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ། རིམ་པ་ཟབ་པའི་སྒྲིག་གཞིའི་རྐྱེན་སྲོལ་གྱི་བགག་རྐྱེན་རྒྱུན་མཐུད་ངང་སེལ་བ། འཕེལ་རྒྱས་ཐད་ཀྱི་གནད་དོན་ཐག་གཅོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེར་བསྐྱེད་པའི་མཚོན་བྱེད་རང་བཞིན་གྱི་བཅོས་སྒྱུར་སྔར་ལས་མང་པོ་སྤེལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པར་བསྟན།
  གྲོས་ཚོགས་སྟེང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་གཞིར་བཟུང་ནས། གཞི་གྲངས་དཔལ་འབྱོར་གྱི་གནས་བབ་དང་འཕེལ་ཕྱོགས། མ་འོངས་པ་གསལ་རྟོགས་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་གྲངས་དཔལ་འབྱོར་ཅིའི་ཕྱིར་འཕེལ་རྒྱས་སུ་གཏོང་བ་དང་། གཞི་གྲངས་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་ལ་ལན་གསལ་བོ་བཏབ་ཅིང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ཁ་ཕྱོགས་དང་གཙོ་གནད་ཁྱབ་ཁོངས། ལམ་བུ་བྱེད་ཕྱོགས་གཏན་ཁེལ་གསལ་བོ་བྱས་ཏེ། ང་ཚོས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གཞི་གྲངས་དཔལ་འབྱོར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གཉིས་ཟུང་འབྲེལ་བྱེད་པ་དང་། གཞི་གྲངས་ཅན་གྱི་བཅོས་སྒྱུར་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་གཞི་གྲངས་དཔལ་འབྱོར་དང་དངོས་ཡོད་དཔལ་འབྱོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།
  གྲོས་ཚོགས་སྟེང་། རང་རེའི་ཞིང་ཆེན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ད་ལྟའི་གནས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་པ། བར་ཐག་དང་ཞན་ཆ་འཚོལ་བ། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་རྨང་གཞི་བརྟན་པོ་འདིང་བ། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མཆོང་བསྐྱོད་བྱེད་ས་དང་ཤུགས་འདོན་ས་འཚོལ་བ། ཡིད་ཆེས་ཇེ་བརྟན་བཏང་ནས་གཡོ་འགུལ་མི་བྱེད་པ་དང་། ནན་ནན་ཏན་ཏན་གྱིས་སྐུལ་འདེད་གཏོང་བ། བྱ་བ་གལ་ཆེན་བཟང་བོར་བསྒྲུབ་པ་དང་བྱ་བ་ཁ་ཤས་མི་བསྒྲུབ་པ་དང་ཡང་ན་གནས་སྐབས་སུ་མི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ་མ་ཟད། རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཞོར་དུ། རྣམ་གྲངས་རྐྱང་མའི་བྱ་དགའ་ཨང་དང་པོ་བསྐྲུན་དགོས། ཕྱོགས་ཡོངས་ནས་གཞི་གྲངས་དཔལ་འབྱོར་གྱི་སྒྲིག་གཞི་རྐྱེན་སྲོལ་འཛུགས་པ་དང་། སྲིད་ཇུས་ཞིབ་འཇུག་སྔར་ལས་བཟང་བོ་བྱེད་པ། རྩེ་རིམ་ཇུས་འགོད་ཇེ་དྲག་ཏུ་གཏོང་བ། སྲིད་ཇུས་ཀྱི་མ་ལག་མཉམ་ལས་ལ་ཤུགས་སྣོན་པ། བྱེད་ཐབས་ཀྱི་མཐུན་འགྱུར་འབྲེལ་བ་མཐོར་འདེགས་གཏོང་བ། འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་གཟིགས་སྐྱོང་སྲིད་ཇུས་ཀྱི་འགྲན་རྩོད་ནུས་པ་དང་ནང་འགུག་ནུས་པ་ཇེ་དྲག་ཏུ་བཏང་སྟེ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྒུལ་ནུས་གསར་བ་སྣོན་དགོས། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་པ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཤར་གྲངས་ནུབ་རྩིས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དམ་འཛིན་བྱེད་པ། ཞིབ་སྡུར་དགེ་མཚན་འདོན་སྤེལ་བྱེད་པ། གཞི་གྲངས་དཔལ་འབྱོར་དང་དག་གཙང་ནུས་ཁུངས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། ལྗང་གློག་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དངོས་སྤྱོད་ལ་ཤུགས་བསྣན་ནས། དགེ་སྤེལ་སྐྱོན་སྤང་དང་དམིགས་ཕྱོགས་འབད་འཐབ་བྱེད་པ་མངོན་འགྱུར་བྱེད་དགོས། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་གྲངས་གློད་འགྲོལ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་གཞི་གྲངས་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་རང་ཉིད་ཀྱི་གཞི་གྲངས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། སྒོ་འབྱེད་མཉམ་སྤྱོད་ཀྱི་གཞི་གྲངས་ཐོན་ཁུངས་མ་ལག་འཛུགས་པ། སྤྱི་ཚོགས་དང་སྡེ་ཁག ཁེ་ལས་ཁྲོད་བསྡུ་རུབ་བྱས་པའི་གཞི་གྲངས་བཀོལ་སྤྱོད་བྱེད་པ། ཤར་རྒྱུད་ཞིང་ཆེན་གྱི་གཞི་གྲངས་ནང་འགུག་བྱས་ཏེ། གཞི་གྲངས་ཆེན་པོའི་ཐོན་ལས་སྐྱེད་སྲིང་བྱེད་པ་དང་སྟོབས་ལྡན་དུ་བསྒྱུར་དགོས་པའི་བླང་བྱ་བཏོན།
  གྲོས་ཚོགས་སྟེང་། འབྲེལ་ཡོད་སྡེ་ཁག་གི་གནས་ཚུལ་སྙན་ཞུ་ལ་ཉན་ནས། 《མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྔོན་ལ་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་གལ་ཆེན་ལག་བསྟར་བྱས་པའི་གནས་ཚུལ་ལ་ཕྱིར་བལྟ་བྱེད་པའི་བྱ་བའི་སྙན་ཞུ》དང་། 《མཚོ་སྔོན་ཞིང་ཆེན་གྱི་སྒྲིག་གཞིའི་རྐྱེན་སྲོལ་བཅོས་སྒྱུར་བྱེད་པ་དང་འཐུས་ཚང་དུ་བཏང་ནས་འཐབ་ཇུས་དང་འཕྲལ་བསྟུན་དངོས་ཟོག་ཉར་ཚགས་བྱེད་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི》 《མཚོ་སྔོན་ཞིང་ཆེན་གྱི〈ཚན་རྩལ་མི་ཆོས་བཅོས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞིའི〉ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས》 《ཞིང་ཆེན་ཁོངས་གཏོགས་རྒྱལ་ཁབ་ལ་དབང་བའི་འབྲུ་རིགས་ཉར་གསོག་ཁེ་ལས་ཀྱི་སྲིད་ཇུས་རང་བཞིན་དང་ཚོང་གཉེར་རང་བཞིན་གྱི་འགན་ནུས་དབྱེ་བགོའི་ལག་བསྟར་ཇུས་གཞི》 《མཚོ་སྔོན་ཞིང་ཆེན་གྱི་ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ལུས་སྦྱོང་སྤྱི་ཐུན་ཞབས་ཞུ་མ་ལག་འཛུགས་པའི་སྐོར་གྱི་ལག་བསྟར་གྲོས་གཞི》 《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་བྱེད་སའི་བྱ་བའི་གཏན་འབེབས(བཟོ་བཅོས་འཆར་ཟིན)》བཅས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། །