ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཚོ་སྔོན་ཏ་ཐུང་རྫོང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་མང་ཚོགས་དངོས་སུ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་མ་བཏང་བ།

སྤེལ་དུས 2017-12-25 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་རྣམ་པ་གསར་གཏོད་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་དགོངས་པ་གསར་པ་དང་བརྗོད་ཚུལ་གསར་པ་མའེ་ཧུའུ་དང་ཕིང་ཤོན་ལུགས་སོགས་ས་གནས་ཀྱི་གཞས་མ་གཏམ་དུ་སྒྲིག་བཟོ་བྱས་ནས་དུང་ཆུང་དང་། སྐད་འཕྲིན། ཏང་ཡོན་བྱེད་སྒོ་ཁང་སོགས་ལ་བརྟེན་ཏེ་སྒྲོག་འགྲེལ་བྱས་པས། རྒྱ་ཆེའི་མང་ཚོགས་ཚོར་དབུལ་སྒྲོལ་ཡོང་བར་རེ་བ་གསར་པ་བྱུང་བ་དང་ལས་བྱེད་པ་ཚོར་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔ་ཙམ་དབུལ་སྒྲོལ་ཡོང་བར་ཁ་ཕྱོགས་གསར་པ་རྙེད་ཡོད།
           “ཧའོ་ལའེ་གྲོང་ཚོ་ཞེས་པ་ནི་ཚང་མས་འཚོ་བ་གསར་པར་རེ་སྨོན་བྱེད་པའི་དོན་ཡིན་པ་དང་བསམ་ཡུལ་ལས་འདས་པ་ཞིག་ལ་འཚོ་བ་ཡག་པོ་དངོས་སུ་སྐྱེལ་རྒྱུ་བྱུང་ཡོད” ཏ་ཐུང་རྫོང་ཁྲེང་ཀོན་གྲོང་རྡལ་ཧའོ་ལའེ་གྲོང་ཚོའི་གྲོང་མི་ཀྲང་མིང་གིས་ད་ཆ་སྲིད་ཇུས་ཡག་པོ་ཡོད་པས་སློབ་གྲྭར་བསྐྱོད་ན་སློབ་ཡོན་སྤྲོད་མི་དགོས་པ་དང་ལས་རིགས་སློབ་གྲྭར་བསྐྱོད་ན་ཁ་གསབ་ཀྱང་སྤྲོད་ཀྱི་འདུག་ཅེས་བཤད།
           ཧའོ་ལའེ་གྲོང་ཚོའི“ཧྲུའུ་ཅི་ཨང་དང་པོ”ཡེ་ཧྲོའུ་ཨའེ་ཡིས་ཉེ་བའི་ལོ་གཉིས་ནང་ངས་མངོན་གསལ་དོད་ཤོས་ཀྱི་འགྱུར་ལྡོག་གཉིས་ཚོར་བྱུང་བ་སྟེ། གཅིག་ནི་གྲོང་ཚོ་མཛེས་སུ་ཕྱིན་པ་དང་གཅིག་ཤོས་ནི་མི་ཚོའི་གཤིས་རྒྱུད་ལེགས་སུ་ཕྱིན་འདུག་ཅེས་བཤད།
           “གནད་སྨིན་དབུལ་སྐྱོར་བྱས་ཚུན། གྲོང་ཚོའི་ནང་གི་དཔལ་འབྱོར་གནས་ཚུལ་ལེགས་སུ་ཕྱིན་པས། མི་རྣམས་ཀྱང་གདེང་ཚོད་ཆེ་རུ་ཕྱིན་ཡོད། དེ་སྔ་གྲོང་ཚོའི་ལས་བྱེད་པ་གྲོང་རྡལ་ནང་ཚོགས་འདུར་འགྲོ་སྐབས་རྟག་ཏུ་གཤེ་གཤེ་གཟེད་དོགས་ཀྱིས་ཟུར་དུ་སྡོད་ཀྱི་ཡོད། ད་ཆ་གྲོང་ཚོའི་ལས་བྱེད་པས་ཚོགས་ཁང་ནང་འཛུལ་སྐབས་མགོ་དགྱེ་དགྱེ་ངང་འགྲོ་བ་དང་རང་ཉིད་ཀྱི་ཡིད་ཆེས་བསམ་པ་ཆེ་རུ་ཕྱིན་ཡོད”ཅེས་ཡེ་ཧྲའོ་ཨའེ་ཡིས་བཤད། ཁོང་གིས་དེ་སྔ་གྲོང་མི་ཚོ་ཕན་ཚུན་མཐུན་སྒྲིལ་མེད་ནའང་ད་ཆ་གྲོང་མིའི་ཁྲོད་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་ཐོན་ཚེ་འཕྲལ་དུ་འཇགས་པར་བྱེད་ཀྱི་ཡོད་པས་གྲོང་མི་ཚོས་གྲོང་ཚོར་གཅེས་པའི་ཚོར་སྣང་མངོན་གསལ་དོད་དུ་སོང་ཡོད་ཅེས་བཤད་པ་རེད།
           ཏ་ཐུང་རྫོང་ཞང་དཔའ་ཤང་ཅང་ཅུན་ཀའུ་གྲོང་ཚོར་ལོ་53ལ་སླེབས་པའི་ལི་ཁྲེང་ཏུང་གིས་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་སྤྲད་པའི་རྒྱང་བསྒྲགས་ཆུང་ཆུང་བཏོན་ཏེ་སྒྲ་གཏོང་མཐེབ་གནོན་མནན་མ་ཐག་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་ཀློག་ཡོང་གི་ཡོད་ལ་ད་དུང་མཚོ་སྔོན་གྱི་ཡུལ་སྐད་ལའང་བསྒྱུར་ཆོག་གི་ཡོད།
           ལི་ཁྲེང་ཏུང་དང་ནད་ཀྱིས་མནར་བའི་ཁོང་གི་ཨ་མ་གཉིས་པོས་ས་ཞིང་མུའུ་ཁ་ཤས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཅིང་། དེ་སྔ་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། “མཛེས་སྡུག་ལྡན་པའི་གྲོང་གསེབ”ཀྱི་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱས་པ་དང་སྦྲགས་ལི་ཁྲེང་ཏུང་སྣོད་བཅུད་ནགས་སྲུང་བར་བདམས་པ་དང་ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་ཡོད།
           “གྲོང་ཚོའི་ནང་སྣོད་བཅུད་ཡུལ་སྐོར་གཉེར་བཞིན་ཡོད་པས་ངས་བསགས་པའི་དངུལ་གྱིས་རྟ་ཉོས་ཏེ་ཡུལ་སྐོར་བར་པར་རྒྱག་ཏུ་འཇུག་པ་དང་། དེ་ནས་ཚོང་ཙག་ཙིག་བརྒྱབ་ནས་ཡུལ་སྐོར་ཐོན་ལས་ནང་ཞུགས་འདོད་འདུག དེ་ལྟར་བྱུང་ན་རང་ཉིད་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་ཀྱི་རེད”ཅེས་ལི་ཁྲེང་ཏུང་གིས་བཤད།
           “ཅང་ཅུན་ཀའུ་གྲོང་ཚོ་2016ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་བྱུང་བ་དང་འདི་ལོ་ནི་སྲ་བརྟན་དུ་གཏོང་བའི་དུས་ཡིན། ང་ཚོས་གྲོང་ཚོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་གཉེར་སྐྱོང་བྱས་ཏེ་གྲོང་ཚོར་རྒྱུན་སྲིང་འཕེལ་རྒྱས་ཐུབ་པའི་ཐོན་ལས་ཤིག་གཏོད་རྩིས་ཡོད། དེ་ལྟར་བྱུང་ཚེ་ང་ཚོ་ཕྱིན་ནའང་རྣམ་གྲངས་མུ་མཐུད་གཉེར་ཐུབ”ཅེས་ཅང་ཅུན་ཀའུ་གྲོང་ཚོའི“ཧྲུའུ་ཅི་དང་པོ”ལིའུ་ཅན་ཤིན་གྱིས་བཤད།
           ཏ་ཐུང་རྫོང་ནི་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་ཞིག་ཡིན་ཞིང་། 2015ལོའི་ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱིས་གྲོང་ཚོ་དབུལ་པོ་116གི་དུད་ཚང་དབུལ་པོ་8980ཡི་མི་32505དབྱེ་འབྱེད་བྱས་ཡོད། མིག་སྔར་ཏ་ཐུང་རྫོང་དུ་གྲོང་ཚོ་དབུལ་པོ་33དབུལ་སྒྲོལ་བྱུང་བ་དང་རྫོང་དེ་ཡོངས་ཀྱི་དབུལ་པོར་འགྱུར་ཚད་ལོ་སྟོད་ཀྱི་8.7%ནས་5.3%བར་ཆག་ཡོད།
           2015ལོར་ཏ་ཐུང་རྫོང་གིས་མ་དངུལ་སྒོར་ཁྲི་2170བཏང་སྟེ་སྤེན་མ་ལུང་མེ་ཏོག་གི་ཞིང་ར་ཁྱབ་འགྱེད་དུ་བྱས་ཏེ་ཏེའོ་ཀོའུ་ཡུག་ཁུལ་གྱི་གྲོང་ཚོ་10སྣེ་ཁྲིད་དེ་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་དཔེ་སྟོན་གླིང་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་རེད།
           དུས་ཐུང་ལོ་གཉིས་ནང་མི་ཕལ་མོ་ཆེས་མི་ཤེས་པའི་ཡུལ་དེས་རྩྭ་དང་མེ་ཏོག་གི་རྟེན་གཞི་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས། བཟའ་བཏུང་ཞག་སྡོད། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་ཤིག་བཏོད་པ་དང“མེ་ཏོག་གི་ཞིང་ར”འདི་ཉིད་ཡུལ་གཞན་གྱི་ཡུལ་སྐོར་བས་མཚོ་སྔོན་ལ་ཡོང་སྐབས་ངེས་པར་དུ་འགྲོ་བའི་ས་ཆ་ཞིག་ཏུ་གྱུར་པ་རེད།
           “མང་ཚོགས་ལ་ཕྱོགས་པའི་སྒྲོག་འགྲེལ་ནི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དམངས་འཚོའི་གནད་དོན་དང་ཟུང་འབྲེལ་དང་། དབུལ་སྐྱོར་ལས་དོན་དང་ཟུང་འབྲེལ། མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ་དེ་རེད”ཅེས་ཟི་ལིང་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཞ་ཡིས་བཤད།