ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་བོད་ཀྱི་ལུས་རྩལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

སྤེལ་དུས 2017-12-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཉི་ཆོས།
​ཀོའུ་ཀྲུང་ཝུན་དང་ཆེ་དགྲ་ལྷ་སོགས་ཚོགས་འདུར་ཕེབས་པ།
          ཚེས་22ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་བོད་ཀྱི་ལུས་རྩལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་རེད། 
          རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་ཀོའུ་ཀྲུང་ཝུན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཡུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
          རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚའེ་ཀྲེང་ཧྭ་དང་། ཀའོ་ཀྲེ་ཏན། ལི་ཡིང་ཁྲོན་བཅས་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་ཝང་ཆིང་ཡུན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བཅས་ཚོགས་འདུར་ཞུགས་པ་རེད། 
          ཀོའུ་ཀྲུང་ཝུན་གྱིས་ལུས་རྩལ་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་མི་སེམས་གཅིག་སྒྲིལ་དང་། བོད་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་དང་། བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག བོད་ཡུན་རིང་བདེ་འཁོད་ཡོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་རེད།
          རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་ལུས་རྩལ་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བ། ཞི་མཐུན་སྲུང་སྐྱོང་། ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པ་བཅས་ཁྲོད་ཀྱི་ལུས་རྩལ་གྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
          ཀོའུ་ཀྲུང་ཝུན་གྱིས་དུས་རབས་གསར་པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཁོངས་གཏོགས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང(གྲོང་ཁྱེར)ཁག་གི་ལུས་རྩལ་ཅུས་དང་འབྲེལ་ཡོད་ལུས་རྩལ་སློབ་གླིང་དང་སློབ་གྲྭ་བཅས་ཀྱིས་ལུས་རྩལ་བོད་སྐྱོར་ལས་དོན་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ནས་དམངས་འཚོ་སྔོན་ལ་འཇོག་པ་དང་། ཡུལ་བབ་དང་བསྟུན་པ། གཙོ་གནད་འབུར་ཐོན། འཕེལ་རྒྱས་གསར་གཏོད། ཚན་རིག་དང་མཐུན་པའི་འཆར་འགོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་བོད་ཀྱི་ལུས་རྩལ་ལས་དོན་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལུས་རྩལ་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱེད་དགོས། བོད་ཀྱི་སྤྱི་པའི་ལུས་རྩལ་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོར་གཏོང་དང་གཞོན་ནུ་ལོ་ཆུང་གི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། བརྒྱུད་རོགས་འཁྲིད་གསུམ་དང་། བོད་སྐྱོད་སྦྱོང་བརྡར། ཚོགས་སྒྲིག་རྣམ་པའི་བོད་སྐྱོར། རྗེས་སྙེག་གསོ་སྐྱོང་། གསོ་སྐྱོང་ཞིབ་ཚགས་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས་རིག་སྟོབས་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། རི་རྩེའི་ཐོན་ཁུངས་ཆ་འཕྲིན་མ་ལག་བཙུགས་ཏེ་བོད་ཀྱི་རི་འཛེག་ལུས་རྩལ་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུ་དང་། ལུས་རྩལ་ལས་དོན་ལ་མ་དངུལ་གཏོང་རྒྱུ། ཁྱད་ལྡན་ལུས་རྩལ་རིག་གནས་འཛུགས་སྐྱོང་སོགས་ཐད་མུ་མཐུད་དེ་བོད་ཀྱི་ལུས་རྩལ་གྱི་ཕྱོགས་མང་དང་ཤུགས་ཆེའི་རྒྱབ་སྐྱོར་བྱེད་དགོས་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་གསལ་པོ་བཟོ་བ། སྤྱི་འདོམས་མཐུན་སྦྱོར། དཔྱད་ཞིབ་ནན་པོ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་བོད་ཀྱི་ལུས་རྩལ་བྱ་གཞག་ལེགས་ལ་མགྱོགས་པའི་སྒོ་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
          ཆེ་དགྲ་ལྷས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་ལུས་རྩལ་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལུས་རྩལ་བོད་སྐྱོར་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་གལ་ཆེའི་གྲོས་རིམ་ནང་བཞག་པ་དང་། གནས་བབ་གལ་ཆེན་ཐོག་བཞག་པ། སྤྱིའི་འཆར་འགོད་ནང་འཇུག་པ་བཅས་བྱས་པ་དང་འབྲེལ་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་འཚོགས་པ་དང་ཆབ་སྲིད་ཐད་བློ་རྩ་བརྟན་པ་དང་། འདུ་ཤེས་གསར་པ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་7བཏང་ནས་བོད་ཀྱི་ལུས་རྩལ་ལས་དོན་ནང་ཐད་ཀར་ཞུགས་པ་དང“ལུས་རྩལ་བོད་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་བདུན”དོན་འཁྱོལ་བྱས་པར་བརྟེན་བོད་ཀྱི་ལུས་རྩལ་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད། 
          ཆེ་དགྲ་ལྷས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་ལུས་རྩལ་བོད་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྣམ་གྲངས་བོད་སྐྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཕྲལ་མཁོ་ཆེ་བའི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བཀོད་སྒྲིག་བཅས་བྱས་ཏེ་བོད་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། རིག་སྟོབས་བོད་སྐྱོར་བྱ་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་དང་ཚན་རྩལ་བོད་སྐྱོར་གྱི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་བོད་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི“འཇམ་ཤུགས”ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ལ། ང་ཚོས་ཀྱང་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་དེ་དག་བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ། ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ཐོག་ནས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་དྲིན་ལན་འཇལ་རྒྱུ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་སྒྲིག་གཞིའི་ཁོངས་གཏོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། 
          ཚོགས་འདུ་མ་འཚོགས་གོང་དུ་ཀོའུ་ཀྲུང་ཝུན་དང་ཆེ་དགྲ་ལྷ་བཞུགས་མོལ་གནང་ཞིང་། ཚོགས་འདུའི་ཐོག་ལུས་རྩལ་སྤྱི་ཁྱབ་ཅུས་མཆོང་རྒྱུག་འཕེན་གསུམ་ལྟེ་གནས་དང་། རི་འཛེག་ལྟེ་གནས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། པེ་ཅིང་གྲོང་ཁྱེར་ལུས་རྩལ་ཅུས་བཅས་ཀྱི་འགན་འཁུར་མི་སྣས་གཏམ་བཤད་སྤེལ་རེས་བྱས་པ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཁག་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མཆོང་རྒྱུག་འཕེན་གསུམ་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཐུན་མོང་ཐོག་བོད་ཀྱི་རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་འབྲེལ་ཡོད་གྲོས་མཐུན་བཞག་པ་རེད།