ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཏིང་ཡེ་ཤན་གྱིས་2018ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་ལེན་ལས་དོན་ལ་རྟོག་ཞིབ་གནང་བ།

སྤེལ་དུས 2017-12-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཉི་ཆོས།
          2018ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་ལེན་ཚེས་23ཉིན་འགོ་ཚུགས་པ་དང་རང་ལྗོངས་ཀྱི་རྒྱུགས་སྤྲོད་སློབ་མ་3000ལྷག་ཙམ་ཞུགས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རྒྱུགས་ལེན་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཞབས་ཞུ་ལེགས་སུ་གཏོང་བ་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ནས་བྱ་ཐབས་ནན་དུ་བཏང་སྟེ་ཏན་ཏན་ཏིག་ཏིག་གི་སྒོ་ནས་རྒྱུགས་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་རྒྱུགས་ལེན་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 
          ལྷ་ས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་དང་པོའི་རྒྱུགས་ལེན་ས་ཚིགས་ཀྱི་བརྙན་ལམ་ལྡིར་སོ་ཁང་དུ་ཏིང་ཡེ་ཤན་གྱིས་བརྙན་ལམ་མ་ལག་བརྒྱུད་རྒྱུགས་སྤྲོད་ས་ཚིགས་ནང་གི་རྒྱུགས་ར་ཁག་གི་གནས་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་བ་དང་།  རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་ལས་དོན་བཀོད་འདོམས་ལྟེ་གནས་སུ་ཏིང་ཡེ་ཤན་གྱིས་རྒྱུགས་ཁུལ་དང་རྒྱུགས་སྤྲོད་ས་ཚིགས་ཁག་ལ་བརྙན་ལམ་སྐོར་ཞིབ་གནང་ནས་རྒྱུགས་ཁུལ་དང་རྒྱུགས་སྤྲོད་ས་ཚིགས་ཁག་གི་བཀོད་སྒྲིག་དང་། རྒྱུགས་ལེན་ལྟ་སྐུལ། བདེ་འཇགས་སྲུང་སྐྱོང་། རྒྱུགས་ཞུགས་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྟོག་ཞིབ་གནང་རིང་། ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཡིག་རྒྱུགས་ལས་དོན་པ་དང་ད་ཐེངས་ཀྱི་ཡིག་རྒྱུགས་ལ་ཞབས་ཞུ་འགན་ལེན་བྱེད་མཁན་གྱི་ལས་དོན་མི་སྣ་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་ནས་མིག་སྔའི་རྒྱུགས་ལེན་བདེ་བླག་ངང་སྤེལ་རྒྱུར་ལས་དོན་འབོར་ཆེན་བསྒྲུབས་པར་ཁས་ལེན་གང་ལེགས་གནང་བ་རེད། 
          ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་ལེན་ནི་རྒྱལ་ཁབ་ཀྱིས་ཤེས་ལྡན་མི་སྣ་གདམ་གསེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། རིམ་ཁག་སློབ་གསོ་རྒྱུགས་ལེན་སྡེ་ཚན་གྱིས་གཅིག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་རྒྱུགས་ལེན་ལས་དོན་ལ་མཐོང་ཆེན་བྱེད་པ་དང“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་ཤེས་ལྡན་མི་སྣ་ཆེད་ལས་ཅན་དུ་འགྱུར་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། གཉིས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ལོ་འདི་གའི་སློབ་ཐོན་སློབ་མར་ལས་ཞུགས་ཁྲིད་སྟོན་ཡག་པོ་བྱེད་པ་དང་རྒྱ་ཆེའི་གཞོན་ནུའི་གསོན་ཤུགས་དང་གསར་གཏོད་ནུས་པ་འཕེལ་བར་བྱེད་པ་དང་ཆབས་ཅིག་ཁོང་ཚོ་སློབ་སྦྱོང་སློབ་གསོའི་ནང་མུ་མཐུད་ཞུགས་ཏེ་ཡོན་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས་པ། གསུམ་ནས་ཞབས་འདེགས་ཡག་པོ་ཞུ་དགོས་ཤིང་། རྒྱུགས་སྤྲོད་སློབ་མ་དང་། སྤྱི་ཚོགས། ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་དམིགས་ནས་ད་ཡོད་ཀྱི་འགན་ལེན་བྱ་ཐབས་ཁག་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཞིབ་ཚགས་བཅས་ཀྱི་སྒོ་ནས་རྒྱུགས་སྤྲོད་སློབ་མའི་རྒྱུགས་ལེན་གོང་གི་མཛུབ་ཁྲིད་དང་གསོ་སྦྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ལྷུ་ཚིགས་ཁག་ཚང་མ་སྔར་བས་ཏན་ཏིག་དང་ཞིབ་ཚགས་ཡོང་བ་བྱེད་དགོས་པ། བཞི་ནས་རྒྱུགས་ལེན་གྱི་སྒྲིག་ལམ་ནན་དུ་གཏོང་དགོས་ཤིང་། རྒྱུགས་ལེན་ལས་དོན་གྱི་དོ་དམ་ལམ་ལུགས་དང་རྒྱུགས་སྲོལ་དང་རྒྱུགས་ཁྲིམས་ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་བྱ་ཐབས་སྔར་བས་ནན་པོ་དང་སྔར་བས་ཉམས་སད་ཐེག་ཐུབ་པའི་བྱ་ཐབས་ཀྱི་ཐོག་ནས་རྒྱུགས་སྤྲོད་སློབ་མའི་ཆ་འཕྲིན་གྱི་བདེ་འཇགས་དང་། འགྲིམ་འགྲུལ་གྱི་བདེ་འཇགས། རྒྱུགས་ལེན་ལག་བསྟར་གྱི་བདེ་འཇགས། ཡིག་རྒྱུགས་ལ་སྐར་མ་རྒྱག་པའི་བདེ་འཇགས། སློབ་བསྡུའི་བདེ་འཇགས་བཅས་འགན་ལེན་བྱེད་པ་དང་རྒྱུགས་ལེན་དྲང་སྙོམས་དྲང་བདེན་ཡོང་བའི་འགན་ལེན་བྱེད་དགོས་པ། ལྔ་ནས་སྦྲེལ་མཐུད་མཐུན་སྦྱོར་ཡག་པོ་བྱེད་དགོས་ཤིང་། ཆེད་ཚན་སློབ་གླིང་དང་སློབ་གྲྭ་ཁག་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ནང་སའི་མཐོ་རིམ་སློབ་གྲྭས་བོད་ཀྱི་སློབ་གསོར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སློབ་གསོ་པུའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་བོད་ལ་འཕྲལ་དུ་མཁོ་བའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།