ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག

སྤེལ་དུས 2018-01-03 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ནོར་བུ་གཡུ་སྒྲོན།
--ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
              གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་ནི“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར‘ཞིང་གསུམ’ལས་དོན་ཡག་པོ་སྒྲུབ་པའི་ལས་ཀའི་དམ་འཛིན་བྱེད་གཞི་གཙོ་བོ་ཡིན” གྲོལ་མ་ཐག་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་དོན་སྙིང་འགངས་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུའི་འཐབ་ཇུས་བཀོད་སྒྲིག་གནང་བ་དེ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་གཞི་རྩའི་རྩ་གནད་དང་དུས་རབས་གསར་པའི“ཞིང་གསུམ”ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་སའང་ཡིན། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་ཡག་པོ་ལེན་པ་དང་གོ་བ་གསལ་པོ་བླངས་ཏེ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། དུས་བབ་དང་བསྟུན་པ། བབ་བསྟུན་མདུན་སྐྱོད་བཅས་བྱས་ནས“ཞིང་གསུམ”ལས་ཀའི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།
“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོཌ་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་ཀའི་རིཌ་པའི་གཞུང་ལུཌ་གསར་གཏོད་དང་།  ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་ཕོད་པ་བྱས་ནས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། ད་ཐེངས་ཀྱི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུས“མཐའ་འཁྱོངས་བརྒྱད”སྙིང་བསྡུས་བྱས་པ་སྟེ། ཏང་གིས་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་དང་། གལ་ཆེའི་ནང་གི་འགངས་ཆེའི་འཐབ་ཇུས་གནས་བབ་མཐའ་འཁྱོངས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། རྒྱལ་ནང་ལ་གཞི་ཚུགས་ནས་རང་ཁ་རང་གསོ་འགན་ལེན་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས། གྲོང་གསེབ་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། ལྗང་མདོག་སྣོད་བཅུད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས། གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་རྒྱུ་མཐའ་འཁྱོངས་བཅས་རེད། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིའི་མཛུབ་ཁྲིད་འོག་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་རྣམ་པ་གསར་པ་གསར་གཏོད་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་པ་དང་གྲོང་གསེབ་ཀྱི་དར་རྒྱས་ལ་རྨང་གཞི་བཟང་པོ་བཏིངས་པ་དང་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རང་རེའི་ཏང་གི“ཞིང་གསུམ”གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་གྲོང་གསེབ་དར་རྒྱས་གཏོང་བའི་ཞིབ་ཕྲའི་ལག་ལེན་ཁྲོད་ལག་བསྟར་གཏིང་ཟབ་བྱེད་དགོས།
              གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་དགོས་གཏུགས་ཀྱི་བསམ་པ་ཤུགས་ཆེར་གཏོང་དགོས། 2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཞན་ཆ་མངོན་གསལ་དོད་ཤོས་ནི“ཞིང་གསུམ”གནད་དོན་ཡིན་པ་དང་། 2035ལོར་སླེབས་སྐབས་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་དོན་ཆེན་ནི“ཞིང་གསུམ”གནད་དོན་ཡིན་པ། 2050ལོར་སླེབས་སྐབས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་རྨང་གཞི་ནི“ཞིང་གསུམ”ལ་ཐུག་པ་བཅས་ངོས་འཛིན་ཐུབ་པ་དགོས། ད་ཆ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཕྱིན་པ་དང་འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ང་ཚོས“ཞིང་གསུམ”ལས་དོན་ལ་དེ་བས་མཐོང་ཆེན་དང་གྲོང་གསེབ་ལ་དེ་བས་མཐོང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གལ་ཏེ་ཕྱོགས་གཅིག་ནས་ཉིན་བཞིན་དེང་རབས་ཅན་དུ་འགྱུར་བའི་གྲོང་ཁྱེར་དང་ཕྱོགས་གཞན་ཞིག་ནས་ཉིན་བཞིན་དབུལ་དུ་འགྲོ་བའི་གྲོང་གསེབ་ཡིན་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་པར་བརྩི་མི་རུང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད།
              གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཚེ་གཞི་ནས་གྲོང་གསེབ་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་བཅས་ལ་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གོམ་སྟབས་དང་གང་མགྱོགས་ངང་བསྟུན་ཐུབ།
ཞིང་ལས་སྟོབས་ཆེན་ཡིན་མིན་དང་། གྲོང་གསེབ་མཛེས་སྡུག་ལྡན་མིན། ཞིང་པ་ཕྱུག་པོ་ཆགས་མིན་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱུ་སྤུས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤུས་ཚད་གཏན་འཁེལ་བྱེད་ཐུབ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཆོད་སེམས་སྔར་བས་ཆེ་བ་དང་། དམིགས་ཚད་སྔར་བས་གསལ་བ། བྱེད་ཐབས་སྔར་བས་ནུས་ལྡན་བཅས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཚེ་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི“ཞིང་གསུམ”གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་30ཉིན་འབྱོར་བའི་གློག་འཕྲིན)