ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་སྐོར་གྱི་གནས་ཚུལ་སྙན་ཞུའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར།(གནད་བསྡུས)

སྤེལ་དུས 2018-01-16 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། བསྟན་འཛིན།
            མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་འགན་ནུས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་གཞུང་ཁོངས་རྒྱུ་ནོར་དོ་དམ་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་སྐོར་གྱི་གནས་ཚུལ་སྙན་ཞུའི་ལམ་ལུགས་འཛུགས་རྒྱུའི་སྐོར་ལ་གཤམ་གསལ་གྱི་བསམ་འཆར་འདོན་རྒྱུ་ཡིན།
            གཞུང་ཁོངས་རྒྱུ་ནོར་ནི་རྒྱལ་ཁབ་དང་དམངས་ཡོངས་ལ་དབང་བ་ཞིག་དང་། མི་དམངས་ཡོངས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པ་དང་། གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་གཞུང་ཁོངས་རྒྱུ་ནོར་གྱི་བདག་དབང་སྤྱོད་རྒྱུ་དང་འབྲེལ་དོ་དམ་གྱི་འགན་འཁྲི་འཁུར་དགོས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་འཁུར་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་གནས་ཚུལ་སྙན་སེང་ཞུ་རྒྱུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་གལ་ཆེན་ཞིག་རེད་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་ལྟ་སྐུལ་འགན་འཁྲི་སྒྲུབ་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
            རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་སྐོར་གྱི་གནས་ཚུལ་སྙན་ཞུའི་ལམ་ལུགས་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་འགན་འཁྲིར་ཤུགས་སྣོན་རྒྱག་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཏང་དང་རྒྱལ་ཁབ་ཀྱིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་དང་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཡིན་པས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་ཡོད་ལ་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་ཡང་མཐུན་ཡོད། དེ་ནི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱ་རྒྱུ་ཡོངས་བསྒྲགས་དང་ཁ་གསལ་ཡོང་ཚད་མཐོ་རུ་གཏོང་བ་དང་། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱ་རྒྱུར་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དང་གོང་འཕེལ་གཏོང་བ། མི་དམངས་ཀྱི་ཐུན་མོང་རྒྱུ་ནོར་དོ་དམ་ཡག་པོ་བྱེད་པ། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད།
            རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་སྐོར་གྱི་གནས་ཚུལ་སྙན་སེང་ཞུས་ནས་ཁྲིམས་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་ཁུར་བློ་མཐུན་གྱི་སྙན་ཞུ་འབུལ་དགོས་ལ་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གྱིས་སྙན་ཞུ་འབུལ་རྒྱུ་མངགས་བཅོལ་ཡང་བྱེད་ཆོག
            གཞུང་ཁོངས་རྒྱུ་ནོར་གྱི་ངོ་བོ་དང་དོ་དམ་གྱི་དམིགས་ཚད་སྣ་ཚོགས་གཞིར་བཟུང་གཞུང་ཁོངས་རྒྱུ་ནོར་དོ་དམ་སྐོར་གྱི་གནས་ཚུལ་གྱི་སྙན་ཞུའི་གཙོ་གནད་ཁག་གཏན་འཁེལ་བྱེད་དགོས། ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་(དངུལ་རྩའི་ཁེ་ལས་ཚུད་མེད་པ་)དང་། དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་གྱི་སྙན་ཞུའི་གཙོ་གནད་ནི། རྒྱུ་ནོར་བསྡོམས་འབོར་གྱི་བུན་འགན་དང་། གཞུང་ཁོངས་རྒྱུ་ནོར་གཏོང་ཕྱོགས། བཀོད་ཇུས་དང་ཉེན་ཁ་ཚོད་འཛིན། གཞུང་ཁོངས་ཁེ་ལས་སྒྱུར་བཅོས། གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ། གཞུང་ཁོངས་རྒྱུ་ནོར་ཐག་གཅོད་དང་ཁེ་སྤོགས་བགོ་བཤའ། ས་ཁོངས་ཕྱི་རོལ་གྱི་མ་འཇོག་ལས་གྲུབ་པའི་རྒྱུ་ནོར། ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣའི་གླ་ཕོགས་སོགས་ཀྱི་གནས་ཚུལ་རེད། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་སྙན་ཞུའི་གཙོ་གནད་ནི། རྒྱུ་ནོར་གྱི་བུན་འགན་བསྡོམས་འབོར་དང་། འབྲེལ་ཡོད་དོ་དམ་ལམ་ལུགས་འཛུགས་པ་དང་ལག་བསྟར། རྒྱུ་ནོར་བཀོད་སྒྲིག་དང་། བེད་སྤྱོད། ཐག་གཅོད་དང་ཕན་འབྲས། དོ་དམ་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་རེད། གཞུང་ཁོངས་རང་བྱུང་ཐོན་ཁུངས་སྙན་ཞུའི་གཙོ་གནད་ནི། རང་བྱུང་ཐོན་ཁུངས་ཀྱི་བསྡོམས་འབོར་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་བྱ་ཐབས་ལེགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འབྲེལ་ཡོད་ཀྱི་ལམ་ལུགས་འཛུགས་སྐྱོང་གལ་ཆེན་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་རེད།
            རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྟ་སྐུལ་བཅའ་ཁྲིམས་དང་། སྔོན་རྩིས་བཅའ་ཁྲིམས། ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དེ་ལོ་འཁོར་གྱི་ལྟ་སྐུལ་ལས་དོན་གྱི་འཆར་གཞིའི་ནང་བཅུག་ནས་གྲོས་ཞིབ་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། ཡོངས་བསྒྲགས་ཁ་གསལ་ལ་སྐུལ་འདེད་བཏང་ནས་ཕྱོགས་གང་ཅིའི་ཐད་ནས་ལྟ་སྐུལ་བྱེད་དགོས།
            རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་ནས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་སྐབས་གཤམ་གསལ་ཕྱོགས་ཁ་ཤས་གཙོ་བོར་འཛིན་དགོས་པ་སྟེ། (1)ཏང་ཀྲུང་དབྱང་གི་གཞུང་ཁོངས་རྒྱུ་ནོར་དང་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་དང་། (2)འབྲེལ་ཡོད་བཅའ་ཁྲིམས་ལག་བསྟར་གྱི་གནས་ཚུལ། (3)རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གྲོས་ཞིབ་བསམ་འཆར་དང་གྲོས་ཆོད་དོན་འཁྱོལ་གྱི་གནས་ཚུལ། (4)གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་གྱི་གནས་ཚུལ། (5)གཞུང་ཁོངས་རྒྱུ་ནོར་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་ཚད་ལ་ཞབས་འདེགས་ཞུས་ནས་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གལ་ཆེན་གོང་འཕེལ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། ཚན་རྩལ་ཡར་ཐོན་ལ་འདེགས་སྐྱོར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པ་སོགས་ཀྱི་གནས་ཚུལ། (6)གཞུང་ཁོངས་རྒྱུ་ནོར་གྱི་གནས་ཐང་དང་འཕར་ཐང་སྲུང་སྐྱོང་དང་། གཞུང་ཁོངས་རྒྱུ་ནོར་སིམ་ཤོར་སྔོན་འགོག་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་ཁེ་ལས་ཟླ་སྒྲིལ་གཏོང་བ་དང་འབྲེལ་བསྐྱར་འཛུགས་བྱེད་པ། མ་རྩ་རྡིབ་རིགས་ཞིབ་རྩིས་སོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ཐག་གཅོད་དང་དེ་བཞིན་གཞུང་ཁོངས་རྒྱུ་ནོར་གྱི་ཁེ་སྤོགས་བགོ་བཤའི་གནས་ཚུལ། (7)ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གནས་ཚུལ། (8)འབྲེལ་ཡོད་རྩིས་བཤེར་ལས་ཞིབ་བཤེར་ཐུབ་པའི་གནད་དོན་དག་ཐེར་གྱི་གནས་ཚུལ། (9)གཞུང་ཁོངས་རྒྱུ་ནོར་དོ་དམ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གལ་ཆེན་གཞན་དག་བཅས་རེད།