ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་2017ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

སྤེལ་དུས 2018-01-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་ཆོས་སྒྲོན།
            ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་1ཚེས་14ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་2017ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་པ། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང་། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བྱ་ཐབས》བཅས་གཙོ་གནད་དུ་བཟུང་ནས་ལྟ་བསྡུར་བྱས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ལས་དོན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་སྣེ་ཁྲིད་ནས་ལག་ལེན་བསྟར་བའི་དོན་དངོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་དོན་དངོས། སྤྱོད་གཙང་རང་འདོམས་ཀྱི་གནས་ཚུལ་བཅས་དང་འབྲེལ་བ་བྱས་ཏེ་རང་ངོས་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱས་པ་མ་ཟད། ད་དུང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་བྱས་པ་རེད།
            རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
            ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཞིག་འཚོག་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།
            རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་གྱིས་གྲ་སྒྲིག་གང་ལེགས་བྱས་པ་རེད། ཚོགས་འདུ་མ་འཚོག་གོང་རྒྱུན་ཨུའི་བློ་མཐུན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་ལེན་པ། གནད་དོན་བཙལ་འཚོལ་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ། ལྷག་བསམ་ཟོལ་མེད་ངང་སྙིང་གཏམ་གླེང་བ། རང་ཉིད་ཀྱིས་ལག་པ་སྒུལ་ནས་མི་སྒེར་གྱི་གཏམ་བཤད་གནད་བསྡུས་འབྲི་བ་བཅས་བྱས་ཏེ་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཞིག་འཚོག་ཆེད་གྲ་སྒྲིག་གང་ལེགས་བྱས་པ་རེད།
            ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཞིག་འཚོག་ཆེད་བླང་བྱ་བཏོན་གནང་ཞིང་། ཁོང་གིས་ན་ནིང་གི་ཟླ་12ཚེས་25དང་ཚེས་26ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་ཏན་ངང་སློབ་སྦྱོང་བྱས་པ་དང་གོ་བ་བླངས་པ་དང་། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་པ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་བ། རང་ངོས་ཞིབ་བཤེར་དང་ཏང་གཤིས་ལ་དབྱེ་ཞིབ་བྱས་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་བཅས་ཀྱི་ཐོག་ནས་ཏང་ཡོངས་ལ་མིག་དཔེ་བསྟན་པ་དང་ཚད་ཤིང་བཙུགས་ཡོད། རྒྱུན་ཨུའི་བློ་མཐུན་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་བཏང་ནས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཚད་ཤིང་ལ་མིག་ལྟོས་བྱས་ཏེ་རྩ་འཛུགས་དང་། བློ་མཐུན། རང་ཉིད། བྱ་གཞག་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཁ་རི་ཁ་ཐུག་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ་མི་འདང་བའི་ཆ་དང་ཞན་ཆར་མི་གཡོལ་བ་དང་མི་འགེབས་པར་སྐྱོན་བརྗོད་བསམ་འཆར་ལ་ལྟ་སྟངས་ཡང་དག་འཛིན་པ། ཁེངས་སྐྱུང་ངང་དང་ལེན། ནན་ཏན་ངང་དག་ཐེར་བཅས་བྱས་ཏེ་གནད་དོན་ལ་གཏུག་ཕོད་པ་དང་སྐྱོན་མཚང་བརྟོལ་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཞིག་འཚོག་ཐུབ་པ་དང་གྲུབ་འབྲས་ཐོབ་པའི་ངང་འཚོག་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
དང་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་ཞིང་། ཁོང་གིས་རྒྱུན་ཨུའི་ཚན་ཁག་ནང་ལྷག་པའི་མངོན་གསལ་དོད་པའི་གནད་དོན་བཤེར་འདོན་ནན་པོ་གནང་བ་དང་། གནད་དོན་ལྷག་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབད་འཐབ་ཁ་ཕྱོགས་དང་དག་ཐེར་བྱེད་ཐབས་བཏོན་གནང་བ་རེད།
            དེ་རྗེས་ཝུའུ་དབྱིང་ཅེས་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་སྣེ་ཁྲིད་ནས་གནང་སྟེ་རང་སྐྱོན་རང་བརྗོད་གནང་བ་མ་ཟད། རྒྱུན་ཨུའི་བློ་མཐུན་ཁག་གིས་སྐྱོན་བརྗོད་གནང་བར་རང་འགུལ་ངང་དང་ལེན་གནང་བ་དང་། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་རྣམ་པས་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་རེ་རེ་བཞིན་གནང་བ། ཝུའུ་དབྱིང་ཅེས་སྣེ་ཁྲིད་ནས་ཚང་མའི་ཁྲོད་དུ་སྐྱོན་བརྗོད་ལས་དོན་སྤེལ་འགོ་བཙུགས་ཏེ་ལྷག་པའི་གནད་དོན་བཏོན་གནང་བ་མ་ཟད། དག་ཐེར་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ། རྒྱུན་ཨུའི་བློ་མཐུན་ཚོས་ཀྱང་ཕན་ཚུན་སྦ་གསང་མེད་པར་སྐྱོན་བརྗོད་གནང་ཞིང་། ཚང་མས་བསམ་བློའི་དོན་དངོས་དང་། ལས་ཀའི་དོན་དངོས། སྤྱོད་ཚུལ་འཛུགས་སྐྱོང་གི་དོན་དངོས་བཅས་དང་འབྲེལ་བ་དམ་ཟབ་བྱས་ཏེ་གནད་དོན་བཤེར་འདོན་ནན་པོ་དང་། འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ། དག་ཐེར་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། སྐད་ཆ་དྲང་པོ་ཤོད་པ་དང་ཟོལ་མེད་ཤོད་པ། སྙིང་གཏམ་ཤོད་པ། ངོས་འཛིན་གཏིང་ཟབ་དང་། རྣམ་འགྱུར་ཡག་པོ། དོན་དངོས་དང་ཟུང་འབྲེལ། བཤེར་འདོན་ནན་པོ་བཅས་བྱས་པ་ལས་ནན་པོ་དང་ཏན་ཏིག་གི་བླང་བྱ་མངོན་པ་དང་། ཏང་གིས་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་མངོན་པ། ལྷག་བསམ་ཟོལ་མེད་དང་ཕན་ཚུན་དྲན་སྐུལ་གྱི་རྣམ་པ་མངོན་པ། གདོང་དམར་པོ་ཆགས་པ་དང་རྔུལ་ཆུ་འདོན་པའི་སྔོན་དཔག་གི་ཕན་འབྲས་ཐོན་ནས་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཐུབ་པ་བྱུང་བ་རེད།
            ཝུའུ་དབྱིང་ཅེས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ལྷག་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་བྱ་རྒྱུའི་ཐད་དགོངས་འཆར་ཁག་བཅུ་བཏོན་གནང་བ་གཤམ་གསལ།
            གཅིག་ནས་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“ཏང་ཡོངས་ཀྱིས་སློབ་སྦྱོང་ཆེན་པོ་ཞིག་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་གཞིགས་ནས“འདུ་ཤེས་བཞི”སྔར་བས་བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ཟུང་འབྲེལ་བྱེད་དགོས་པ་དང་། དེ་ཉིད་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ཚེ་གང་དོན་གཉེར་ལྷོད་མེད་བྱེད་སར་བརྩིས་ཏེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱས་ནས་རྒྱུན་ཆད་མེད་པར་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས། རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་ཚོས་མུ་མཐུད“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། རང་ངོས་ཀྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ། མུ་མཐུད་སྣེ་ཁྲིད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོ་ངེས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ། ཆོས་ལུགས་ཀྱི་ཤུགས་རྐྱེན་འགོག་པ་བཅས་བྱས་ཏེ་ལུས་ཤ་ཤོར་བ་དང་གདོང་ལྤགས་བཞུད་པར་མི་སྐྲག་པའི་ལས་ཀའི་ངར་ཤུགས་ཐོག་ནས་ས་མཐོར་གཞི་ཚུགས་པ་དང་། བོད་ལ་ལེགས་སྐྱེས་འབུལ་བ། སྙིང་རུས་ཆེན་པོས་ལས་དོན་སྒྲུབ་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་སུ་ཏན་ཏིག་འགྱུར་བ་བྱེད་དགོས་པ་བཅས་དང་།
            གཉིས་ནས་སྲོག་ཤིང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ཟུག་ཐུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཁྲག་རྒྱུན་ནང་རྒྱུག་པ་བྱས་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དེ་བས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ལས་གནས་ཐོག་མངོན་པ་དང་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་ཐུབ་པ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་འགན་ལེན་བྱེད་དགོས་པ།
            གསུམ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་འབད་བརྩོན་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་བློ་བརྟན་པོར་བཅངས་ནས་དངོས་འབྲེལ་དམ་འཛིན་བྱེད་པའི་ངར་ཤུགས་དང་། དམ་འཛིན་ནན་པོ་བྱེད་པའི་སེམས་ཤུགས། དམ་འཛིན་བྱེད་མཁས་པའི་ཐབས་མཁས། རྒྱུན་དུ་དམ་འཛིན་བྱེད་པའི་ཤེད་ཤུགས་བཅས་དང་སྒུག་མི་བཟོད་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་། དལ་མི་རུང་བའི་ཉེན་ཁའི་བསམ་པ། སྡོད་མི་བཟོད་པའི་འགན་འཁྲིའི་བསམ་པ་བཅས་ཀྱི་ཐོག་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ།
            བཞི་ནས་སྲིད་བརྩོན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ“སྤྱོད་ཚུལ་བཞི”ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་། དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགལ་ཟླ་གཙོ་བོར་དམ་འཛིན་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་གོམས་གཤིས་འཇགས་པ་དང་ཕན་འབྲས་ཐོན་པ་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་རང་དཔེ་གཞན་སྟོན་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་ཡང་བསྐྱར་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ།
            ལྔ་ནས་བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་བློ་མཐུན་ཚོས་སྣེ་ཁྲིད་ནས་མི་དམངས་དགེ་རྒན་དུ་བསྟེན་པ་དང་། མི་དམངས་ལ་སློབ་སྦྱོང་བྱེད་པ། དཔོན་ཉམས་སྤངས་ནས་ལུས་ཚུགས་པ། གཙོ་གནད་ལས་དོན་ལ་དམིགས་པ། ལས་དོན་སྒྲུབ་རྣམ་བཟང་བའི་གནས་སུ་ཉམས་མྱོང་ཕྱོགས་སྡོམ་བྱེད་པར་བསྐྱོད་པ་མ་ཟད། ད་དུང་མང་ཚོགས་ཀྱི་བསམ་འཆར་མང་བ་དང་། ལས་དོན་སྒྲུབ་ཚུལ་ཞན་པ། དཀའ་ངལ་མང་བ། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་རྣོ་ངར་ཆེ་བ་བཅས་ཀྱི་གནས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་པ། གནས་ཚུལ་དངོས་ལ་ལྟ་ཞིབ་དང་། བྱ་ཐབས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། དངོས་ཕན་དོན་གཉེར་བཅས་བྱ་རྒྱུའི་ཐད་དངོས་འབྲེལ་ཤུགས་རྒྱག་དགོས། མུ་མཐུད་སྣེ་ཁྲིད་ནས་ས་བབ་མཐོ་ཚད་སྨི་4500ཡན་ཡོད་པའི་དཀའ་ཚེགས་ཆེ་བའི་མཐའ་མཚམས་ཐག་རིང་ས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་ནས་མང་ཚོགས་དང་མཉམ་བཟའ་མཉམ་བཏུང་གིས་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་དང་། འཕྲལ་མཁོ་ཆེ་ཤོས། སེམས་ཁྲལ་ཆེ་ཤོས། འཁང་ར་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ།
            དྲུག་ནས་སྤྱོད་གཙང་རང་འདོམས་དང་རང་དཔེ་གཞན་སྟོན་བྱས་ཏེ་གཟུགས་བརྙན་བཟང་པོ་གཏོད་དགོས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་བློ་མཐུན་ཚོས“བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རང་གཅུན་ནན་པོ་བྱས་ཏེ་ལས་དྲང་པོ་དྲང་གཞག་དང་། དཔོན་སྤྱོད་པ་གཙང་བ། མི་བདེན་པ་བདེན་ཐུབ་བཅས་བྱེད་ཐུབ་པ་བྱེད་དགོས་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་མི་བྱེད་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་ཚོས་ལྟ་སྐུལ་དང་ལེན་བྱེད་ཕོད་པ་དང་ལྟ་སྐུལ་དང་ལེན་བྱེད་པར་སྤྲོ་བའི་སྒོ་ནས་ཐོག་མཐའ་བར་གསུམ་དུ་རྒྱུ་རྔན་ཟས་གནོང་མེད་ཅིང་བག་ཡོད་ཚུལ་དང་ལྡན་པ་ཞིག་བྱེད་དགོས་པ།
            བདུན་ནས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། བདེ་སྡོད་ཉེན་བསམ་དང་དོགས་ཟོན་ནན་པོ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་ས་དེར་དམིགས་པ། མ་བྱུང་སྔོན་འགོག་བྱ་རྒྱུ་དེ་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། དོན་རྐྱེན་ཆེན་པོ་ཐོན་རྒྱུ་སྔོན་འགོག་གིས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་ཚད་གཞིར་བརྩིས་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་པ། མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ།
            བརྒྱད་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པའི་འཐབ་ཇུས་དམིགས་ཚད་དེར་དམིགས་རྒྱུ་མཐའ་འཁྱོངས། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱེད་པ་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་གཙོ་བོར་དམིགས་པ། འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་སུ་འགྱུར་རྒྱུ་དམིགས་ཚད་དུ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུའི་རྩ་བའི་བྱེད་ཐབས་མཐའ་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུ་འདོན་པ་དང་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་པ། མ་འཇོག་ནུས་ལྡན་ལ་མུ་མཐུད་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་ཆུ་ཚད་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མི་དམངས་ཚོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་པ།
            དགུ་ནས་ལྗང་མདོག་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོར་འཛུགས་པ་དང་། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། རང་བྱུང་ཁམས་ལ་བརྩི་འཇོག་བྱ་རྒྱུ་དང་། རང་བྱུང་ཁམས་དང་བསྟུན་རྒྱུ། རང་བྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ལས་དོན་ཐེངས་གཉིས་པའི་ནང་རང་འགུལ་ངང་ཞུགས་པ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་འཛོམས་པའི་ས་གནས་ཀྱི་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པའི་བརྩོན་ལེན་བྱེད་པ། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས་པ།
            བཅུ་ནས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྲིད་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས། རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པ་ཞིག་ཏུ་སྐུལ་འདེད་བཏང་སྟེ་གཞི་རིམ་རྩ་འཛུགས་འདི་ཉིད་ཏང་གི་འདོད་ཚུལ་དྲིལ་བསྒྲགས་བྱེད་མཁན་དང་། ཏང་གི་གཏན་འབེབས་ལག་བསྟར་བྱེད་མཁན། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་མཁན། མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་བྱེད་མཁན། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་བཅས་ཀྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་དུ་ཧུར་ཐག་འགྱུར་བ་བྱེད་དགོས། དོ་དམ་ནན་པོ་དང་བྱམས་ཀྱིས་སྐྱོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་བཞག་ནས་གཞི་རིམ་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་ཐབས་གང་ལེགས་བྱེད་དགོས། ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།