ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་ལ་མཇལ་འཕྲད་གནང་།

སྤེལ་དུས 2018-02-02 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། ཚེ་མཁར་རྒྱལ།
              ཟླ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐིས་ལོས་ཧྲ་མེས་ལ་མཇལ་འཕྲད་གནང་། 
              ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་ལ་མཇལ་འཕྲད་གནང་།
              ཞི་ཅིན་ཕིང་གིས་གསུངས་རྒྱུར། དབྱིན་ཇི་ནི་ཀྲུང་གོ་གསར་བ་ཆེས་སྔ་མོ་ནས་ཁས་བླངས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་ཟ་བ་ཐོབ། 2015ལོར་ངས་དབྱིན་ཇི་ལ་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་མཛད་དེ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་ཆེས་བཟང་བའི་ལོ་རྒྱུས་གསར་གཏོད་བྱེད་འགོ་བརྩམས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བར་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་ཏེ། འཛམ་གླིང་གི་དར་རྒྱས་དང་བརྟན་འཇགས་ཐད་ལ་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཟེར།
              ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བཞིན་ཡོད་ལ། མིའི་རིགས་ཀྱི་ལས་དབང་གི་སྐྱིད་སྡུག་མཉམ་འབྲེལ་བྱས་ནས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་དུས་རབས་ཀྱི་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད། ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་ཀྱིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་རང་རང་གི་འཕེལ་རྒྱས་དུས་རིམ་དང་མཉམ་ལས་ཀྱི་དགོས་མཁོ་དང་སྦྲེལ་ཏེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་དུས་རབས་གསར་བའི་ནང་དོན་གཙོ་བོར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆེས་བཟང་བའི་ལོ་རྒྱུས་གསར་བ་མཉམ་དུ་བསྐྲུན་དགོས་པ་སྟེ། གཅིག་ནི་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བའི་ཆེས་བཟང་བའི་དུས་རབས་ཀྱི་འཐབ་ཇུས་རང་བཞིན་མཐོར་འདེགས་སུ་བཏང་སྟེ། འཐབ་ཇུས་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ཀྱི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཇུས་འགོད་བྱེད་དགོས་པ་དང་། གཉིས་ནི་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བའི་ཆེས་བཟང་བོའི་དུས་རབས་ཀྱི་དངོས་གཉེར་རང་བཞིན་ཇེ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བའི་ཆེས་བཟང་བའི་དུས་རབས་ཀྱི་འཛམ་གླིང་རང་བཞིན་རྒྱ་བསྐྱེད་དེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས། འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅས་ཕྱོགས་མང་སྒྲིག་གཞིའི་ནང་གི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་ཞི་བདེ་དང་བརྟན་འཇགས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། བཞི་ནི་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བའི་ཆེས་བཟང་བའི་དུས་རབས་ཀྱི་བཟོད་སྒོམ་རང་བཞིན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་དང་མཛའ་བཤེས་ཇེ་དམ་དུ་གཏོང་བ་དང་། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།
              ཐི་ལོས་ཧྲ་མེས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་གདེང་འཇོག་བྱས་པར་ཡོངས་སུ་འཐད་པའི་ཚུལ་བསྟན། ཁོ་མོས་བཤད་རྒྱུར། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇི་ལ་ཕན་འབྲས་ལྡན་པའི་རྒྱལ་དོན་འཚམས་འདྲི་མཛད་དེ། དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བའི་ཆེས་བཟང་བའི་དུས་རབས་གསར་གཏོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་། དབྱིན་ཇིའི་ཕྱོགས་ཀྱི་འཛམ་གླིང་རང་བཞིན་གྱི་གནད་དོན་མང་པོའི་ཐད་ཀྱི་ལྟ་སྟངས་ཀྲུང་གོ་ཕྱོགས་དང་གཅིག་འདྲ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་གནང་བའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་བསུ་ཞུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་ལས་གྲོས་གཞིར་གཏིང་ཟབ་པའི་འཛམ་གླིང་ཤུགས་རྐྱེན་ལྡན་པས། དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། འཛམ་གླིང་དང་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། ཁོར་ཡུག མི་གཞུང་། མཉམ་འབྲེལ་དྲ་རྒྱ་བཅས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ནས། དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་འཛམ་གླིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མཉམ་དུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།
              དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།