ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་མཛད་པ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུས།

སྤེལ་དུས 2018-02-07 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། ཚེ་མཁར་རྒྱལ།

ཟླ་གཉིས་པའི་ཚེས་དྲུག་ཉིན། ཞི་ཅིན་ཕིང་དང་ཡུས་ཀྲིན་ཧྲིན། ཝང་དབྱང་། ཝང་ཧུའུ་ཉིན། ཧན་ཀྲིན་བཅས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་མཛད་པར་མ་ཟད་མཉམ་དུ་ལུགས་རྙིང་ལོ་སར་བསུས། 

ཟླ་གཉིས་པའི་ཚེས་དྲུག་ཉིན། ཞི་ཅིན་ཕིང་དང་ཡུས་ཀྲིན་ཧྲིན། ཝང་དབྱང་། ཝང་ཧུའུ་ཉིན། ཧན་ཀྲིན་བཅས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་མཛད་པར་མ་ཟད་མཉམ་དུ་ལུགས་རྙིང་ལོ་སར་བསུས། 
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་བཞུགས་མོལ་མཛད་པར་མ་ཟད་མཉམ་དུ་ལུགས་རྙིང་ལོ་སར་བསུས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་དུ་བདམས་པའི་འགོ་ཁྲིད་ཚན་ཁག་གི་མི་སྣ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས། ཁོང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་ཏེ། ཏང་མང་མཉམ་ལས་ལས་དོན་ལ་འཕེལ་རྒྱས་གསར་བ་འབྱུང་བར་བྱེད་པ་དང་། བསམ་བློའི་ལྟ་བར་མཐོར་འདེགས་གསར་བ་འབྱུང་བར་བྱེད་པ། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་བྱ་བར་གྲུབ་འབྲས་ཐོབ་པར་བྱེད་པ། སྲིད་ཞུགས་ཏང་ལ་རྣམ་པ་གསར་བ་འབྱུང་བར་བྱེད་པ་བཅས་བྱས་ནས། རྒྱ་ཆེའི་མི་སྣའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མོས་མཐུན་མཐོར་འདེགས་སུ་བཏང་སྟེ། དུས་རབས་གསར་བའི་ཏང་མང་མཉམ་ལས་ལས་དོན་ལ་འཕེལ་རྒྱས་གསར་བ་འབྱུང་བར་བྱེད་དགོས།
            རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་དབྱང་དང་ཝང་ཧུའུ་ཉིན། ཧན་ཀྲིན་བཅས་བཞུགས་མོལ་ལ་ཞུགས།
            གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨིག་ཞང་དང་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལིས། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་མེན་ཅིན། དམངས་གཙོ་ཡར་སྐུལ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཚེ་ཏ་ཧྥུན། བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གིས་བརྩེ་བའི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱས་འོག རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་བདེ་བླག་ངང་ཚོགས་པ་དང་། སྐབས་བརྗེའི་བྱ་བ་ཕུན་སུམ་ཚོགས་པའི་ངང་བསྒྲུབས་པའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་ཇུས་གཞི་སོ་སོར་མཚམས་སྦྱོར་བྱས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ལོས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད།
            ཚང་མའི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང། ཁོང་གིས་ནན་གྱིས་གསུངས་རྒྱུར། 2017ལོ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ལས་དོན་ཐད་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ལ། ཏང་མང་མཉམ་ལས་ལས་དོན་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པའི་ལོ་ཞིག་ཀྱང་ཡིན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ཚང་མས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དངོས་གཟུགས་དཔལ་འབྱོར་ནུས་ཡོད་སྒོས་དར་རྒྱས་སུ་གཏོང་བ་སོགས་རྒྱལ་ཁབ་ཀྱི་ཇུས་གཞི་དང་དམངས་ཚིས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་པ་དང་། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ནས། བསམ་འཆར་དང་གྲོས་གཞི་བརྒྱ་དང་ལྔ་བཅུ་ལྷག་བཏོན་པས། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་ལྟར་ཇུས་གཞི་འགོད་པ་དང་སྲིད་ཇུས་ནུས་ཡོད་སྒོས་ལག་བསྟར་བྱེད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་པར་མ་ཟད། བློ་མཐུན་རྣམས་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་དམངས་གཙོ་ལྟ་སྐུལ་བྱ་བ་བཟང་བོར་བསྒྲུབ་སྟེ། དབུལ་ཐར་མཁྲེགས་གཏོར་བྱ་བ་ལས་རྣམ་པར་རྒྱལ་བར་བྱས་རྗེས་བཟང་བོ་བཞག་ཡོད་ཟེར།
            ཞི་ཅིན་ཕིང་གིས་གསུངས་རྒྱུར། 2018ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མུ་མཐུད་དུ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། ང་ཚོས་བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས། བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ང་ཚོས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་དོན་དངོས་ཀྱི་བྱ་སྤྱོད་སྟེང་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཡངས་ཤིང་ཆེ་བའི་བགྲོད་ལམ་བརྒྱུད་དེ་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ཟེར།
            ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་ལ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཆབ་སྲིད་ལས་འགན་གཙོ་བོའང་ཡིན་པས། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས་ལ། འདུ་ཤེས་བཞི་དམ་པོར་བཅངས་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ། ཐོག་མའི་མཉམ་ལས་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས་ཟེར།
            བཞུགས་མོལ་ཚོགས་འདུའི་རྗེས་སུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་གསར་རྙིང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སོགས་དང་ཕྱག་འཇུ་གནང་། ཞི་ཅིན་ཕིང་སོགས་ཀྱིས་ཚང་མ་དང་མཉམ་དུ་པར་བླངས། ཏུང་ཅན་ཧྭ་དང་ཧི་ཧིག་ཧྭ། ལེང་ཀྲིན་དབྱིན་བཅས་གདན་དྲངས་པ་ལྟར་བཞུགས་མོལ་ལ་ཞུགས།
            ཏིན་ཞའོ་ཞང་དང་ལིག་ཧི། དབྱང་ཞའོ་ཏུའུ། ཁྲིན་ཞི། ཀའོ་ཧྲིན་ཁུན། ཧོང་ཁུང་མེན། ཡུག་ཆོན། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་གོང་གི་བྱ་འགུལ་ཁྲོད་ཞུགས།