ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས།

སྤེལ་དུས 2018-03-06 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། མཁའ་མཚོ་སྐྱིད།
             ཟླ་གསུམ་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས། 
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་ཧུར་བརྩོན་གསར་གཏོད་དང་། དཀའ་སྤྱད་འབད་འཐབ། ཕན་ཚུན་རོགས་རམ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས། དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་ནན་ཏན་སྒོས་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་ལ་ནན་ཏན་སྒོས་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་དང་མཐའ་ཁུལ་བརྟན་འཇགས་ལ་ནན་ཏན་སྒོས་སྐུལ་འདེད་བཏང་སྟེ། མེས་རྒྱལ་བྱང་ཕྱོགས་མཐའ་ཁུལ་དེ་སྔར་ལས་མཛེས་སྡུག་ལྡན་པར་བསྒྱུར་དགོས་ཞེས་ནན་གྱིས་བསྟན།
             ཞི་ཅིན་ཕིང་ཚོགས་རར་ཕེབས་མ་ཐག་ཏུ་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། སོག་རིགས་ཀྱི་འཐུས་མིས་ཞི་ཅིན་ཕིང་ལ་ཁ་བཏགས་ཕུལ། ཞི་ཅིན་ཕིང་གིས་འཐུས་མི་རྣམ་པ་དང་ནང་སོག་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ལུགས་རྙིང་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པར་མ་ཟད། རྩྭ་ཐང་གི་བུ་བུ་མོ་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་ལ་ལོ་གསར་བའི་ནང་འཚོ་བ་བདེ་སྐྱིད་ཡོང་བ་དང་ལས་དོན་དར་རྒྱས་ཡོང་བའི་སྨོན་འདུན་ཞུས།
             ལིས་ཅི་ཧིན་དང་པུའུ་ཞའོ་ལིན། ཀྲའོ་ཧོས་ཅེ། མིན་ཧི། མིན་ཞན་ཏུང་། ལིས་ཆོན་བུན་སོགས་འཐུས་མིས་སོ་སོར་མཛེས་སྡུག་གི་ནང་སོག་དང་དཔེ་ལེགས་རང་སྐྱོང་ལྗོངས་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་བའི་ཞང་སྡེ་དར་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ། སྐྱེ་ཁམས་གནས་སྐོར་ཐོན་ལས་འཛུགས་སྐྲུན་བྱེད་པ། གནད་འཁེལ་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པ། ཁེ་ལས་གཙོ་བོ་དང་རོང་འབྲོག་པ་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་བ་སོགས་གནད་དོན་ལ་དམིགས་ཏེ་གཏམ་བཤད།
             ཞི་ཅིན་ཕིང་གིས་འཐུས་མིའི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས་གསུང་བཤད་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པའི་ཚུལ་བསྟན་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་མཚོན་ཡོད་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཚོན་ཡོད་པར་མ་ཟད། འདས་པའི་ལོ་ལྔའི་རིང་གི་སྲིད་གཞུང་བྱ་བའི་གནས་ཚུལ་དང་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དང་། ད་ལོའི་སྲིད་གཞུང་བྱ་བའི་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ཡོད་ཅེས་ནན་གྱིས་བསྟན།
             ཞི་ཅིན་ཕིང་གིས་གསུངས་རྒྱུར། ནང་སོག་གི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་པ་དེ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྟེང་དོན་སྙིང་གལ་ཆེན་ལྡན། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ནང་སོག་རང་སྐྱོང་ལྗོངས་ཀྱིས་ཕྱོགས་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ནང་སོག་གི་བློ་མཐུན་རྣམས་ཀྱིས་ཡང་འབད་བསྐྱར་འབད་བྱས་ནས། མཁྲེགས་གཏོར་བྱ་བ་ཆེན་པོ་གསུམ་བཟང་བོར་སྒྲུབ་པ་དང་། འཕེལ་རྒྱས་དོ་མཉམ་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་བསྒྱུར་བཅོས་དང་། ནུས་ཚད་བསྒྱུར་བཅོས། སྒུལ་ཤུགས་བསྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་བདེ་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།