ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

བསྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུན་མཐུད་གོང་འཕེལ་རྒྱུན་འཁྱོངས་བྱེད།

སྤེལ་དུས 2018-03-10 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། རིན་ཆེན་དབང་འདུས།
             ད་ལྟ་འཚོགས་བཞིན་པའི་ཀྲུང་གོའི་ཚོགས་ཆེན་གཉིས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱུན་མཐུད་ངང་གྲོས་སྡུར་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པ་རེད། ཕྱི་རྒྱལ་བ་རྣམས་ཀྱིས། ད་ལོ་ནི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་དག་གལ་ཆེན་ཞིག་བཏང་ཡོད་པ་སྟེ། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་གོང་འཕེལ་གྱི་འགྲོ་ལམ་ཐོག་ཞུགས་རྒྱུ་མཐའ་འཁྱོངས་བྱེད་པ། གོ་ལའི་བཅོས་སྒྲིག་གི་བསྒྱུར་བཅོས་འཐུས་ཚང་ལ་ཧུར་ཐག་ངང་ཞུགས་པ་བཅས་བྱས་ནས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ཐུབ་ཆེད་ཡིན་པའི་ཡོངས་ཁྱབ་ཐོག་ངོས་འཛིན་བྱེད་ཀྱི་ཡོད།
             པེར་ཀྲེམ་གྱི་གྲོས་ཚོགས་སྨད་པའི་གྲོས་མི་ཏེ་ཝན་ཐའེ་ཡིས། ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་ཞུས་འཛམ་གླིང་ལ་སླར་ཡང་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པའི་བརྡ་དག་མངོན་གསལ་དོད་པོ་བསྟན་ཡོད། པེར་ཀྲེམ་ཚུད་པའི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། ཀྲུང་གོ་ནི་མཉམ་ལས་རོགས་ཟླ་གལ་ཆེའི་ཞིག་ཡིན། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ནི་ཀྲུང་གོ་དང་འཛམ་གླིང་གིས་ཐུན་མོང་གི་མ་འོངས་མཉམ་དུ་གཏོད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན། མིའི་རིགས་ཀྱི་ལས་དབང་མཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་གྲོས་འགོ་ནི་ཀྲུང་གོས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བའི་མཛེས་སྡུག་ལྡན་པའི་མདུན་ལྗོངས་ཞིག་རེད་ཅེས་གསུངས་ཡོད་པ་རེད།
             ཁ་མེ་རོང་རྒྱལ་དམངས་གྲོས་ཁང་གི་གྲོས་མི་ཁུང་པིས། ཀྲུང་གོས་ད་ལྟའི་གནས་རིམ་ལ་ནན་བཤད་བྱེད་བཞིན་པ་ནི། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་མཐོ་པོ་དེ་ཡིན་པ་རེད། ཀྲུང་གོར་བསྒྱུར་བཅོས་དེ་རིགས་བྱེད་པའི་བློ་སྟོབས་དང་ཆོད་སེམས་ལྡན་ཡོད། ཀྲུང་གོས་རང་ཉིད་ཀྱི་གོང་འཕེལ་ལ་དོ་སྣང་བྱེད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་གཞན་དང་ལྷག་དོན་དུ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་གི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་དེ་བས་གལ་འགངས་ཆེ་བའི་ནུས་པ་ཐོན་རྒྱུར་རེ་སྒུག་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།
             ཧྥ་རན་སིའི་པ་ལིའི་སློབ་ཆེན་བརྒྱད་པའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་པ་བེ་ཁའར་གྱིས། ཀྲུང་གོའི་བསྒྱུར་བཅོས་མདུན་དུ་བསྐྱོད་ཅེས་པ་དེ་ད་ལོའི་ཀྲུང་གོའི་སྲིད་གཞུང་ལས་དོན་སྙན་ཞུས་ཁོང་ལ་སྤྲད་པའི་བག་ཆགས་ཧྲིལ་པོ་དེ་ཡིན་པ་རེད། ཀྲུང་གོའི་སྤྱི་ཚོགས་ཀྱིས་མུ་མཐུད་གསོན་ཤུགས་ཕྱིར་བཏོན་ཐུབ་ཆེད་དང་། ཀྲུང་གོའི་ཁེ་ལས་ལ་འགྲན་རྩོད་དེ་བས་ཆེ་བ་ཡོང་ཆེད། ཀྲུང་གོའི་སྲིད་གཞུང་གིས་ཁྱོན་ཡོངས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཚུལ་བཏོན་པ་མ་ཟད། ཞིབ་ཕྲའི་གལ་ཆེན་གནད་དོན་ཡང་ནན་སྟོན་བྱས་ཡོད་པ་རེད། ཡོ་རོབ་མནའ་འབྲེལ་གྱི་ངོས་ནས་བརྗོད་ན། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་སྒོ་དབྱེ་བྱས་པ་དེ་ནི། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་གཉིས་ཕན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་རེད་ཅེས་གསུངས་ཡོད་པ་རེད།
             ཨོ་སི་ཁྲུ་ལི་ཡའི་ཨའོ་ཀྲུང་རྒྱུད་གཅིག་ལམ་གཅིག་ཐོན་ལས་མཉམ་ལས་ལྟེ་གནས་ཀྱི་ལས་འཛིན་པའི་བློ་འདྲི་ལོ་པུས། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་ནས་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དེས། ཀྲུང་གོས་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་མངོན་པར་བྱས་ཡོད། དེ་རིང་གི་ཀྲུང་གོ་དང་འཛམ་གླིང་མཉམ་འདྲེས་གཏིང་ཟབ་པོ་བྱས་པས། འཛམ་གླིང་གི་དཔལ་འབྱོར་གནས་ཚུལ་ལེགས་བཅོས་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་ཐད་ཉིན་རེ་བཞིན་སྣེ་ཁྲིད་ནུས་པ་ཐོན་པ་མངོན་ཐུབ་ཀྱི་ཡོད།
             ཁ་ཐར་གསར་འགྱུར་ཁང་གི་བརྟག་དཔྱད་ཞིབ་འཇུག་པའིུ་ཀྲུའུ་རིན་པི་ན་ལེས། ཀྲུང་གོའི་དཔལ་འབྱོར་བསྒྱུར་བཅོས་རྒྱལ་ཁའི་ངང་ལེགས་སྒྲུབ་ཐུབ་ཡོད། མྱུར་ཚད་མགྱོགས་པའི་གོང་འཕེལ་ལ་སྣང་ཆེན་བྱེད་པ་ནས། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྣང་ཆེན་བྱེད་པར་འགྱུར་ལྡོག་བྱུང་བས། དེ་བས་མང་བའི་སྤུས་དག་གི་ཀྲུང་གོའི་ཐོན་རྫས་ལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། འཛམ་གླིང་དཔལ་འབྱོར་གྱི་སླར་གསོའི་སྟོབས་ཤུགས་ནུས་པ་ཞན་པའི་རྒྱབ་ལྗོངས་འོག ཀྲུང་གོའི་དཔལ་འབྱོར་ལོ་ལྟར་མགྱོགས་མྱུར་གོང་འཕེལ་ཕྱིན་ཡོད་པས། འཛམ་གླིང་དཔལ་འབྱོར་ཉམས་ཞན་གྱི་གནས་ལས་སྒྲོལ་ཐུབ་རྒྱུར་ཕན་པ་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་གོ་རྟོགས་སད་ཡོད་ཅེས་གསུངས་ཡོད།
             ཨེ་ཅིབ་ཀྱི་ཀྲུང་གོ་དང་ཨེ་ཅིབ་ཚོང་ལས་ཚོགས་པའི་ཀྲུའུ་ཞི་ཧྥེ་ཅིས། ཀྲུང་གོས་གོང་འཕེལ་གསར་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དེས་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་དང་། ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་ཕན་ཚུན་འགྲོ་འོང་དམ་ཟབ་ཡོད་པའི་དོན་དངོས་གནས་ཚུལ་མཚོན་ཐུབ་པས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པའི་ཕྱི་རོལ་གྱི་དགོས་མཁོ་ཡིན་པ་རེད། དེ་མིན། ཀྲུང་གོས་གསར་གཏོད་འགུལ་ཤུགས་གོང་འཕེལ་ལ་མཐོང་ཆེན་དེ་བས་ཆེ་བ་བྱེད་པས། དཔལ་འབྱོར་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་པ་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས། གསར་གཏོད་རྣམ་པའི་རྒྱལ་ཁབ་ཞིག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
             པར་ཙིར་ལི་གཡོད་རེ་ནི་ལུ་གཞུང་བཙུགས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་ཚན་པའི་ཀྲུའུ་རིན་སང་ཐོ་ལུས། ཉེ་བའི་ལོའི་རིང་། ཀྲུང་གོས་དཔལ་འབྱོར་གྲུབ་སྟངས་དང་། ཚན་རྩལ་གསར་གཏོད། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་བསྒྱུར་བཅོས་གཏིང་ཟབ་བཏང་བ་དང་། དཔལ་འབྱོར་སྤྱི་འབོར་ཕར་སྣོན་བཏང་བའི་རྨང་གཞིའི་ཐོག་གྲངས་ཀྱི་རྣམ་པ་ནས་སྤུས་ཚད་ཀྱི་རྣམ་པར་རེ་བསྙེགས་བྱེད་པ་དང་། གྲོང་གསེབ་དང་གྲོང་ཁྱེར་དོ་སྙོམས་ངང་འཕེལ་རྒྱས་ཡོང་རྒྱུར་དོ་སྣང་ཆེན་པོ་བྱེད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་དོ་སྣང་བཅས་བྱེད་ཀྱི་ཡོད་ཅེས་དང་། སྒྲུབ་ཟིན་པའི་ལས་དོན་ཚང་མས་མི་དམངས་ཀྱི་ཁེ་ཕན་ལྟེ་བར་འཛིན་པས། ངས་བལྟས་ན་འདི་ནི་དོན་ངོ་མའི་ཐོག་གི་རྒྱུན་མཐུད་གོང་འཕེལ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།