ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

སྤེལ་དུས 2018-03-10 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། མཁའ་མཚོ་སྐྱིད།
            ཟླ3པའི་ཚེས8ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བརྒྱད་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ལེའོ་ཉིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁྲིན་ཆིག་ཧྥ་དང་ཀྲང་ཀོས་ཕེན་སོགས་འཐུས་མིས་དཔལ་འབྱོར་དར་རྒྱས་དང་བཟོ་སྐྲུན་ལས་རིགས་རིམ་འཕར་བྱེད་པ། གསར་གཏོད་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད། ལི་ཁེ་ཆང་གིས་ཚང་མ་དང་མཉམ་དུ་ལྟ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། ལེའོ་ཉིན་གྱིས་འབད་བརྩོན་ཆེན་པོས་དཀའ་ཁག་མཁྲེགས་གཏོར་བྱས་ཏེ། དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་ཁེ་ལས་གཏན་འཇགས་མངོན་འགྱུར་བྱས་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་དར་རྒྱས་སུ་གཏོང་བའི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་སྟེ། བཅོས་བསྒྱུར་སྒོ་འབྱེད་ཁྲོད་དུ་དཔལ་འབྱོར་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བ་སྲུང་འཛིན་བྱེད་པ་དང་ལེའོ་ཉིན་གྱི་ཁྱོན་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་བྱེད་པ་དང་ཁེ་ལས་དང་མང་ཚོགས་ཀྱི་དགོས་མཁོར་བསྟུན་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མང་ཚོགས་ཀྱིས་དོན་དག་སྒྲུབ་པར་སྔར་ལས་སྟབས་བདེ་བཟོ་བ། སྔར་ལས་མང་པའི་ཁེ་ལས་དང་ཤེས་ལྡན་མི་སྣ་ནང་འགུག་དང་རྒྱུན་སྡོད་འཕེལ་རྒྱས་སུ་གཏོང་དགོས། ལེའོ་ཉིན་གྱི་མཚོ་འགྲམ་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ཤར་བྱང་དར་རྒྱས་སུ་འགྲོ་བར་སྒོ་འབྱེད་ཀྱི་སྟེགས་བུ་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། ཧྲིན་ཧྥུའུ་ས་ཁུལ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཐའ་འཁོར་ས་ཁུལ་ལ་སྣེ་ཁྲིད་བྱེད་དགོས་ཟེར།