ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནན་ཧེ་མཚོ་ཁོངས་སུ་མཚོ་ངོས་དམག་གཟིགས་སྤེལ་བའི་མཛད་སྒོར་ཞུགས།

སྤེལ་དུས 2018-04-13 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ4བའི་ཚེས12ཉིན་གྱི་སྔ་དྲོར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ནན་ཧེ་མཚོ་ཁོངས་སུ་གཟབ་རྒྱས་ཆེ་བའི་མཚོ་ངོས་དམག་གཟིགས་མཛད་སྒོ་སྤེལ། པར་འདི་ནི་ཞི་ཅིན་ཕིང་གིས་མཚོ་ངོས་དམག་གཟིགས་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།
ཟླ4བའི་ཚེས12ཉིན་གྱི་སྔ་དྲོར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ནན་ཧེ་མཚོ་ཁོངས་སུ་གཟབ་རྒྱས་ཆེ་བའི་མཚོ་ངོས་དམག་གཟིགས་མཛད་སྒོ་སྤེལ། པར་འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས12ཉིན་གྱི་སྔ་དྲོར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ནན་ཧེ་མཚོ་ཁོངས་སུ་གཟབ་རྒྱས་ཆེ་བའི་མཚོ་ངོས་དམག་གཟིགས་མཛད་སྒོ་སྤེལ་བ་དང་དེ་ལས་མི་དམངས་མཚོ་དམག་གི་རྣམ་པ་གསར་བ་མངོན་པར་བྱས་པ་དང་སྟོབས་ལྡན་རྒྱལ་ཁབ་དང་སྟོབས་ལྡན་དམག་དཔུང་གི་ཡིད་ཆེས་ཇེ་བརྟན་དུ་བཏང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་པའི་རྒྱང་སྐྱོད་བརྒྱུད་རིམ་སྟེང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འབད་འཐབ་ཁྲོད་དུ་སྟོབས་དང་ལྡན་པའི་མི་དམངས་མཚོ་དམག་འཛུགས་སྐྲུན་བྱེད་པའི་ལས་འགན་གྱི་དགོས་གལ་ཤིན་ཏུ་ཆེ། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་བསམ་བློ་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་སྤེལ་བྱེད་པ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་མཚོ་དམག་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་ལ། སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པ་དང་ཧུར་ཐག་སྒོས་མི་དམངས་མཚོ་དམག་དེ་འཛམ་གླིང་ཡོངས་ཀྱི་རྩེ་གྲས་མཚོ་དམག་ཅིག་ཏུ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་དགོས་ཟེར།
            ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞི་ཅིན་ཕིང་གཟིགས་ཞིབ་གྲུ་གཟིངས་སྟེང་དུ་ཕེབས་པ་དང་དམག་དཔུང་རོལ་མོ་རུ་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ། དེར་མཐུད་ནས་མཚོ་ངོས་དམག་གཟིགས་དངོས་སུ་འགོ་བརྩམས་པ་དང་མཚོ་ངོས་དམག་གཟིགས་མཇུག་རྫོགས་རྗེས། ཞི་ཅིན་ཕིང་གིས་ལའོ་ཉིན་གྲུ་གཟིངས་ཀྱི་ཅན15རྟགས་ཅན་གྱི་གནམ་གྲུའི་འཕུར་སྐྱོད་སྦྱོང་བརྡར་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། དེར་མཐུད་ནས་ཞི་ཅིན་ཕིང་གཟིགས་ཞིབ་གྲུ་གཟིངས་ཀྱི་དཔེ་མཛོད་ཁང་དུ་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་བར་མ་ཟད་གྲུ་གཟིངས་ཉིན་ཐོའི་རེའུ་མིག་སྟེང་མིང་བཀོད། ཉིན་གུང་ཞི་ཅིན་ཕིང་མཚོ་དམག་གི་ཟ་ཁང་དུ་ཕེབས་ཏེ་དམག་མི་རྣམས་དང་མཉམ་དུ་དགུང་ཚིགས་བཞེས་པར་མ་ཟད། དམག་མི་རྣམས་ཀྱི་སློབ་སྦྱོང་དང་སྦྱོང་བརྡར། འཚོ་བའི་གནས་ཚུལ་སོགས་ཞིབ་འདྲི་གནང། གཟིགས་ཞིབ་གྲུ་གཟིངས་གྲུ་ཁར་ཐོན་རྗེས། ཞི་ཅིན་ཕིང་གིས་དཔོན་དམག་རྣམས་ལ་མཇལ་འཕྲད་གནང་བ་དང་ཚང་མར་བརྩེ་བའི་ཕྱག་འཇུ་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་དམག་གཟིགས་ལ་འགོ་འཛིན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥུན་ཧི་དང་ལིས་ཙོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན་བཅས་བྱ་འགུལ་ལ་ཞུགས།   །