ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བ།

སྤེལ་དུས 2018-04-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ཟླ་4ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་ཧའེ་ནན་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
             ཧའེ་ནན་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་13ཉིན་གྱི་ཕྱི་དྲོ་ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་དཔལ་འབྱོར་དམིགས་བསལ་ཁུལ་མུ་མཐུད་གཉེར་དགོས་པ་མ་ཟད། དེ་བས་ལེགས་པ་དང་ཆུ་ཚད་མཐོ་པོས་གཉེར་དགོས། དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་འཐབ་ཇུས་ཀྱི་ངེས་གནས་གསར་པ་སྟངས་འཛིན་གྱིས་སྒྱུར་བཅོས་སྒོ་དབྱེའི་སྐར་ཁུང་གལ་ཆེན་དང་། སྒྱུར་བཅོས་སྒོ་དབྱེའི་ཚོད་ལྟའི་ལས་སྟེགས། སྒྱུར་བཅོས་སྒོ་དབྱེའི་གསར་འབྱེད་པ། སྒྱུར་བཅོས་སྒོ་དབྱེའི་ལག་ལེན་པ་བཅས་སུ་མུ་མཐུད་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
             ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཧའེ་ནན་གྱིས་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་སྟེ། བསམ་ཕྱོགས་གསར་གཏོད་དང་། སྟོབས་ཤུགས་གཅིག་སྒྲིལ། ཁྱད་ཆོས་འབུར་དུ་ཐོན་པ། ལེགས་ཆ་གསར་གཏོད་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་ཚད་ཤིང་གསར་པ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱས་ཏེ་རིམ་པ་དེ་བས་མཐོ་བའི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་པ་བྱེད་དགོས། ཉེ་དུས་ཏང་ཀྲུང་དབྱང་གིས《ཧའེ་ནན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཞིབ་འཇུག་བྱས་ཏེ་བཟོས་ཡོད། ཧའེ་ནན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་གོ་སྐབས་དམ་འཛིན་དང་ཡང་འབད་བསྐྱར་འབད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། “འདུ་ཤེས་བཞི”ཟབ་གཏོང་དང“གདེང་ཚོད་བཞི”བརྟན་གཏོང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟ་ཁུལ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ཞབས་ཞུ་འགན་ལེན་ཁུལ་བཅས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཉམས་དོད་པའི་དཔེ་སྟོན་གཏོད་ཐུབ་པའི་བརྩོན་ལེན་བྱས་ཏེ་ཧའེ་ནན་འདི་ཉིད་ཀྲུང་གོའི་ཉམས་འགྱུར་དང་། ཀྲུང་གོའི་རྣམ་པ། ཀྲུང་གོའི་གཟུགས་བརྙན་བཅས་ངོམ་པའི་མཚར་སྡུག་རྣམ་པར་བཀྲ་བའི་མིང་བྱང་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས།
             ཞི་ཅིན་ཕིང་གིས་འདི་ལོ་ནི་རང་རྒྱལ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད་ལ་ཧའེ་ནན་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་30འཁོར་བའི་ལོ་ཞིག་ཀྱང་རེད། ཧའེ་ནན་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བར་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་ལོ་རྒྱུས་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱེད་པ་དང་། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་གསུངས།
             ཞི་ཅིན་ཕིང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་བ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཧའེ་ནན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྲུབ་པའི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ལ་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པའང་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས།
             ཞི་ཅིན་ཕིང་གིས་ཧའེ་ནན་ནི་རང་རྒྱལ་གྱི་དཔལ་འབྱོར་དམིགས་བསལ་ཁུལ་ཆེ་ཤོས་དེ་ཡིན་ཞིང་། ས་བབ་གནས་ཡུལ་དམིགས་བསལ་ཡིན་ལ་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ཡག་ཤོས་ལྡན་པ་མ་ཟད། ས་ཁམས་གནས་ཡུལ་བལྟོས་བཅས་ཀྱིས་ཁེར་ཆགས་ཡིན་པས་རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་ཚོད་ལྟ་ཁུལ་དུ་འགྱུར་རྒྱུར་ཁྱད་འཕགས་ཀྱི་ལེགས་ཆ་ལྡན་ཡོད་ཅེས་གསུངས།
             ཞི་ཅིན་ཕིང་གིས་དཔལ་འབྱོར་དམིགས་བསལ་ཁུལ་འདི་ཉིད་སྒྱུར་བཅོས་སྒོ་དབྱེའི་འཐབ་ས་མདུན་མར་གནས་ཡོད་པས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་བླང་བྱ་དེ་བས་མཐོ་པོ་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཐད་ནས་རང་རྟོགས་ངང་གནད་དོན་ལ་བསམ་བློ་གཏོང་བ་དང་བྱ་བ་སྒྲུབ་པ། “འདུ་ཤེས་བཞི”དང“གདེང་ཚོད་བཞི”ལག་ལེན་བསྟར་བའི་ཐད་གདོང་ལེན་བརྩོན་ལེན་བྱེད་པ། ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཐད་མིག་དཔེ་ཡག་པོ་འདོན་དགོས་པའི་ནན་བཤད་གནང་བ་རེད།