ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

སྤེལ་དུས 2018-04-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང《དུས་རབས་གསར་པར་ཏང་སྲིད་དམག་ཉེན་དམངས་ཀྱིས་ནུས་ཤུགས་མཉམ་དུ་བཏོན་ནས་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གནང་སྐབས་ཀྱི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པ་དང་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱིས“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཀྲུང་གོའི་ཡུལ་སྐོར་བ་ཁྲའོ་ཞན་དུ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་བྱས་པ་མ་ཟད། ད་དུང་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལའང་ཞིབ་འཇུག་ཀྱང་བྱས་པ་རེད།
            ཚོགས་འདུའི་ཐོག་འདི་ལོ་ནས་བཟུང་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། ཟླ་4ཚེས་23ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་དཔལ་འབྱོར་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་གནང་ནས་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་དེ་ཧ་ཅང་གལ་ཆེན་ཡིན་ལ་དུས་ལ་བབས་པ་ཞིག་རེད། ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི《དུས་རབས་གསར་པར་ཏང་སྲིད་དམག་ཉེན་དམངས་ཀྱིས་ནུས་ཤུགས་མཉམ་དུ་བཏོན་ནས་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》གྱིས་གོམ་སྟབས་རྗེས་མའི་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་གཏོང་བའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་དང་སྲོག་ཤིང་གི་ཁེ་ཕན་སྲུང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་སླར་ཡང་མངོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དཔལ་འབྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་མཐའ་གཅིག་ཏུ་ལག་བསྟར་བཅས་བྱས་ནས་དཔལ་འབྱོར་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དང་། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པ། གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་པོར་དམིགས་པ། ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་དང་གང་ལེགས་སྤྱོད་པ། ལས་ཀའི་གཙོ་གནད་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་འཇོག་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་བཏོན་པ་རེད།
            ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པའི་ཐོག《གུང་ཁྲན་ཏང་གི་བསྒྲགས་གཏམ》བསྐྱར་སྦྱོང་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅིའི་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་བརྟན་པོ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་པ་དང་ནམ་ཡང་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་སྔར་བས་མངོན་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། རིགས་གཅིག་མཁས་ཅན་གྱི་འགྲེལ་ཀློག བགྲོ་གླེང་ཚོགས་འདུ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་མིག་རྒྱང་འཛུགས་པ། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་ཟབ་ཏུ་གཏོང་བ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་དང་དེ་བཞིན་མ་རྩོམ་སྦྱོང་བ་དང་། མ་ཡིག་ཀློག་པ། རྩ་བའི་རིག་པ་ཁོང་དུ་ཆུད་པ་བཅས་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་གྲགས་ཅན་ལ་སློབ་སྦྱོང་གཏིང་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་ཏན་ངང་ཁོང་དུ་ཆུད་པར་བྱས་ཏེ་ལྷག་བསམ་རྣམ་དག་དང་། དད་སེམས། འགན་འཁུར་བ། འཇོན་ཐང་། འགན་འཁྲི། ངར་ཤུགས། སྤྱོད་གཙང་བཅས་སྦྱོང་ཐུབ་པ་བྱེད་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་དང་སྣེ་ཁྲིད་སློབ་སྦྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་མིག་དཔེ་འདོན་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་པ། འགན་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་བར་བྱེད་དགོས། ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་རྩ་དོན་ཐོག་ནས་ལས་དོན་སྒྲུབ་པ་དང་། ལས་འཛོལ་ཆེན་པོ་མ་ཐོན་སྔོན་འགོག་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་གྱི་ཚད་གཞིའི་ཐོག་ནས་ལས་བྱེད་པར་ལྟ་སྟངས་འཛིན་ནས་ལྗོངས་ཏང་ཨུད་ཀྱི་སྔོན་གཏན་འཁེལ་བའི་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།
            ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས་ཀྲེ་ཅང་ཞིང་ཆེན་གྱིས“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། བབ་བསྟུན་ལས་སྒྲུབ་དང་བབ་བསྟུན་འཕྲལ་སྒྲུབ། གོ་སྐབས་དམ་འཛིན་དང་སྙིང་སྟོབས་རབ་འཕེལ། “བྱས་རྗེས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི”བློ་རྒྱ་དང“གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་པའི”ལས་ཀའི་ཧུར་སེམས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོ་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཏན་ཏིག་བསྟར་དགོས། ས་ཁོངས་མི་འདྲ་བའི་དོན་དངོས་གནས་ཚུལ་ལ་གཞི་ཚུགས་ཏེ་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ཡུལ་བབ་དང་བསྟུན་པ་དང་གནད་སྨིན་སྐུལ་འདེད་གཏོང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”ཆ་རྐྱེན་འཛོམས་པའི་ས་ཆར“ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་པའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཞིང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། བསམ་བློའི་ངོས་འཛིན་གཅིག་གྱུར་དང་གཅིག་སྡུད་འོས་འཚམ་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མ་དངུལ་ཁག་བསྡུ་སྒྲིལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཞིང་འབྲོག་པ་ཚོར་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་མང་བ་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།
            ཚོགས་འདུའི་ཐོག་ལྔ་གཅིག་གུང་གསེང་དང་བོད་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་ལ་ཉེ་བས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་དོན་དུ་བདེ་འཇགས་ཐོན་སྐྱེད་དང་འགྲིམ་འགྲུལ་ཡུལ་སྐོར་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོའི་ཡུལ་སྐོར་བ་ཁྲའོ་ཞན་དུ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་མཐའ་གཅིག་ཏུ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་གནས་བབ་མཐོ་ཤོས་སུ་འཇོག་པ་དང་བདེ་འཇགས་ཐོན་སྐྱེད་མིག་སྔའི་ལས་དོན་གལ་ཆེན་ལ་བརྩིས་ནས་བདེ་འཇགས་ཐོན་སྐྱེད་ཐད་ཏང་སྲིད་འགན་མཉམ་འཁུར་དང་གནས་གཅིག་འགན་གཉིས་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱེད་པ། བཅོས་སྒྲིག་བྱ་ཐབས་དང་འཕྲལ་འདོམས་སྔོན་ཇུས་ཁག་ཞིབ་ཚགས་སུ་གཏོང་བ། ཆུ་མ་ཐོན་གོང་ལ་རགས་རྒྱག་པ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། འཕྲལ་འདོམས་ཉེན་ཟོན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཁ་གཏད་ནུས་ལྡན་གཅོག་པ་དང་ཐག་གཅོད་འོས་འཚམ་བྱ་རྒྱུའི་འགན་ལེན་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཟབ་གཏོང་ལ་སློབ་གསོ་ཁྲིད་སྟོན་གྱིས་བདེ་འཇགས་ལ་དོ་སྣང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
            ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དྲ་འཕྲིན་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། དྲ་འཕྲིན་བྱ་གཞག་ལ་འཕྲད་པའི་དུས་བབ་དང་ང་ཚོའི་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲིར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་གནང་བ། དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པོར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་གནང་བ། དྲ་འཕྲིན་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ཏེ་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། དུས་རབས་གསར་པའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་དགོས་པ་མ་ཟད། ལག་ལེན་གྱི་མཛུབ་ཁྲིད་ལ་སྤྱད་དེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་དྲ་འཕྲིན་བྱ་གཞག་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།
            ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ་ཤུགས་སྣོན་ཆད་མེད་དང་། སྙིང་རུས་གཏན་འཁྱོངས། བཀའ་བཟང་གསོས་སུ་སྨིན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་ཁག་དབར་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་བསྟོད་པ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཏེ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་ད་དུང་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།