ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ངལ་རྩོལ་དཔེ་བཟང་མི་སྣའི་དངོས་གཞིའི་ཚན་ཁག་གི་སློབ་མར་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་བ།

སྤེལ་དུས 2018-05-02 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། མིག་དམར་རྒྱ་མཚོས་བསྒྱུར།
           ཞི་ཅིན་ཕིང་གིས་ཡིག་ལན་བསྐུར་གནང་ནས་ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ངལ་རྩོལ་དཔེ་བཟང་མི་སྣའི་དངོས་གཞིའི་ཚན་ཁག་གི་སློབ་མས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་སློབ་སྦྱོང་ཧུར་ཐག མུ་མཐུད་འབད་བརྩོན་བྱས་ཏེ་སླར་ཡང་གྲུབ་འབྲས་ཡག་པོ་ཐོབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ།
           ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཤར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ངལ་རྩོལ་དཔེ་བཟང་མི་སྣའི་དངོས་གཞིའི་འཛིན་གྲྭའི་སློབ་མར་ཡིག་ལན་བསྐུར་གནང་ནས་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་རྣམས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་གནང་ཡོད།
           ཞི་ཅིན་ཕིང་གི་ཡིག་ལན་ནང་། ཁྱེད་རྣམ་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས་ངལ་རྩོལ་དཔེ་བཟང་མི་སྣར་གྱུར་བ་དང་། ད་ཆ་སླར་ཡང་མུ་མཐུད་སློབ་སྦྱོང་བྱེད་བཞིན་ཡོད། དེ་ནི་ཚང་མའི་དཀའ་སྤྱད་ངལ་རྩོལ་དང་། སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ནས་ངལ་རྩོལ་པར་ཐུགས་ཁུར་གནང་བ་ཞིག་ཀྱང་ཡིན་ཞེས་གསུངས་གནང་བ་དང་། ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། དུས་རབས་གསར་པ་ཡང་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན། ཁྱེད་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་། སློབ་སྦྱོང་ཧུར་ཐག་བྱེད་པ། རང་སོའི་ལས་གནས་ཐོག་མུ་མཐུད་འབད་བརྩོན་བྱས་ཏེ་སླར་ཡང་གྲུབ་འབྲས་ཡག་པོ་ཐོབ་པ་དང་། ཁྱེད་ཚོའི་ངར་ཤུགས་དང་། འབད་བརྩོན་བྱེད་ཕོད་པ། བརྩོན་སེམས་བཅས་ཀྱིས་མི་དེ་བས་མང་བར་སྐུལ་མ་ཐེབས་པ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་རྣམས་དུས་རབས་གསར་པའི་འབད་བརྩོན་པར་འགྱུར་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་དང་།
           ཞི་ཅིན་ཕིང་གིས། ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་བཅས་ཡིན། སྤྱི་ཚོགས་ཡོངས་ནས་ངལ་རྩོལ་དཔེ་བཟང་མི་སྣར་བརྩི་བཀུར་དང་། ངལ་རྩོལ་དཔེ་བཟང་མི་སྣའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལྷག་བསམ་རྣམ་དག་གིས་ངལ་རྩོལ་བྱེད་པ་དང་། ལས་ཀ་ཧུར་ཐག་བྱེད་པའི་དར་སྲོལ་ཆགས་པ་བྱེད་དགོས་པའི་ནན་བཏོན་གནང་ཡོད།
           ངལ་རྩོལ་དཔེ་བཟང་མི་སྣར་མཐོ་རིམ་སློབ་གསོ་མྱོང་བའི་གོ་སྐབས་དེ་བས་མང་བ་ཐོབ་པ་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ནས་ངལ་རྩོལ་དཔེ་བཟང་མི་སྣའི་ཚོགས་པར་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་ཞིག་ཡིན། སྤྱི་ལོ་༡༩༩༢ལོར། ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གིས་ངལ་རྩོལ་དཔེ་བཟང་མི་སྣའི་དངོས་གཞིའི་འཛིན་གྲྭ་གཉེར་བ་དང་། སློབ་མ་གཙོ་བོ་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་བཅས་ཡིན། ཉེ་ཆར། སློབ་གྲྭ་དེའི་ངལ་རྩོལ་དཔེ་བཟང་མི་སྣའི་དངོས་གཞིའི་འཛིན་གྲྭའི་སློབ་མ་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡི་གེ་བསྐུར་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱས་པའི་མྱོང་བ་སྙན་སེང་ཞུས་ཏེ། བདག་པོ་བསམ་པ་བཅངས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།