ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

སྤེལ་དུས 2018-05-02 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

           ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཧན་ནས་ཀྲུང་གོར་དངོས་གཞིའི་མིན་པའི་ཐུག་འཕྲད་བྱེད་པར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་བར་མ་ཟད། ཧུའུ་པེ་ཞིང་ཆེན་རྟེན་མཛོད་ཁང་གི་རིག་དངོས་རྩ་ཆེན་འགྲེམ་སྟོན་ལ་མཉམ་དུ་གཟིགས་སྐོར་གནང་།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་ཝུའུ་ཧན་ནས་ཀྲུང་གོར་དངོས་གཞི་མིན་པའི་ཐུག་འཕྲད་བྱེད་པར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་བར་མ་ཟད། ཧུའུ་པེ་ཞིང་ཆེན་རྟེན་མཛོད་ཁང་གི་རིག་དངོས་རྩ་ཆེན་འགྲེམ་སྟོན་ལ་མཉམ་དུ་གཟིགས་སྐོར་གནང་།
           ཞི་ཅིན་ཕིང་གིས་མའོ་ཏིས་ཝུའུ་ཧན་ལ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། འདས་པའི་ལོ་གསུམ་གྱི་རིང་ལ། ང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་བྱས་པར་མ་ཟད། ཕྱོགས་མང་པོའི་ཚོགས་ར་ནས་ཐུག་འཕྲད་ཐེངས་མང་པོ་བྱས་ནས། བྱ་བའི་འབྲེལ་བ་བཟང་པོ་བཙུགས་པ་དང་། ཐུན་མོང་གི་ལྟ་བ་གལ་ཆེན་མང་པོ་བྱུང་། དེ་ལས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་གསར་དར་དཔལ་འབྱོར་ཚོགས་པའི་བར་གཉིས་ཕན་མཉམ་ལས་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་རེ་འདུན་མཚོན་ཡོད། ངས་སྐུ་ཞབས་ཙུང་ལིའི་བར་གྱི་ཐུག་འཕྲད་ལས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གསར་བ་སྐྲུན་ཐུབ་པར་རེ་བ་བྱེད་ཀྱིན་ཡོད་ཟེར།
           ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ང་ཚོས་འཐབ་ཇུས་ཀྱི་ཕྱོགས་ནས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་ཚོད་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དུ་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་སྔར་ལས་བཟང་བའི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཟེར།
           མའོ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་དྲངས་པ་ལྟར་ཝུའུ་ཧན་ནས་དངོས་གཞི་མིན་པའི་ཐུག་འཕྲད་བྱས་པར་བཀའ་དྲིན་ཞུས་པ་དང་། ཐེངས་འདིའི་ཐུག་འཕྲད་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཟེར། ཁོས་བཤད་རྒྱུར། རྒྱ་གར་དང་ཀྲུང་གོ་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་དང་འཐབ་ཇུས་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ་དེ་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཕན་པ་ཡོད་པར་མ་ཟད། ང་ཚོ་རྒྱལ་ཁབ་གཉིས་དང་ས་ཁུལ་རང་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཐུན་མོང་གི་ཁེ་ཕན་དང་མཐུན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དེའི་ཐད་ལ་འབད་བརྩོན་བྱེད་འདོད་ཡོད་པའི་ཚུལ་བསྟན།
           ཐུག་འཕྲད་བྱས་རྗེས། ཞི་ཅིན་ཕིང་དང་མའོ་ཏིས་གཉིས་ཀྱིས་མཉམ་དུ་ཧུའུ་པེ་ཞིང་ཆེན་རྟེན་མཛོད་ཁང་གི་རིག་དངོས་རྩ་ཆེན་འགྲེམ་སྟོན་ལ་གཟིགས་སྐོར་གནང་།
           ཏེན་ཞེའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི་བཅས་གོང་གི་བྱ་འགུལ་ཁྲོད་ཞུགས།