ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤེལ་དུས 2018-05-14 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། སྐྱིད་པོས་བསྒྱུར།
            ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་བ་རེད། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པས། ཕྱོགས་གཅིག་ནས་ལག་བསྟར་དང་། ཕྱོགས་གཅིག་ནས་ཕྱོགས་བསྡོམས་བྱ་རྒྱུར་དོ་སྣང་བྱས་ཐོག ཉམས་མྱོང་བཟང་པོ་བེད་སྤྱོད་ཡག་པོ་བྱས་ནས། ས་གནས་ཀྱི་ལས་ཁུངས་བསྒྱུར་བཅོས་ཐད་གོ་སྒྲིག་དམ་ཟབ་བྱས་ཏེ། ཀྲུང་དབྱང་དང་ས་གནས་ཀྱི་ལས་ཁུངས་བསྒྱུར་བཅོས་དེ་ལས་ཀའི་བཀོད་སྒྲིག་དང་། རྩ་འཛུགས་ལག་བསྟར་ཐོག་སྦྲེལ་མཐུད་ཡག་པོ་བྱེད་པ་དང་། གོ་རིམ་ཡོད་པའི་ཐོག་ནས་སྐུལ་འདེད་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་གཏོང་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག
            ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧུའུ་ཉིང་དང་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
            གྲོས་ཚོགས་ཐོག་ས་གནས་ལས་ཁུངས་ཀྱི་བསྒྱུར་བཅོས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཀྱི་མཛུབ་ཁྲིད་བསམ་འཆར་དང་། གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་གྱི་བུན་ཟུག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་མཛུབ་ཁྲིད་བསམ་འཆར། ཀྲུང་དབྱང་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་ཁེ་གཉེར་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་གཅིག་སྡུད་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་གཏོང་བའི་ཚོད་ལྟ་ལག་བསྟར་བསམ་འཆར། མཐོ་རིམ་སློབ་གྲྭའི་ཁོངས་གཏོགས་ཁེ་ལས་ཀྱི་སྒྲིག་ལུགས་བསྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་འཆར། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམ་སྒྲིག་ལམ་ལུགས་ཇུས་གཞི། ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་མི་སྣར་དོ་དམ་བྱེད་པའི་གཏན་འབེབ། འཚོ་རྟེན་མེད་པའི་སློང་མོ་བར་རོགས་སྐྱོབ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ལས་དོན་གྱི་བསམ་འཆར། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་མཛུབ་ཁྲིད་བསམ་འཆར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འབྲེལ་ཡོད་བསྒྱུར་བཅོས་ལས་འགན་ལས་བགོས་ལེགས་སྒྲིག་སྐོར་གྱི་སྙན་ཞུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གི་སྤྱི་ལོ༢༠༡༨ལོ་ནས་༢༠༢༢ལོ་བར་གྱི་བསྒྱུར་བཅོས་བྱ་ཐབས་གལ་ཆེན་ལག་བསྟར་འཆར་འགོད་བཅས་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་རེད།
            གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་རེད།
            གྲོས་ཚོགས་ཐོག གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་བུན་ཟུག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་ཡོང་བ་བྱས་ཐོག གཞུང་ཁོངས་ཁེ་ལས་ཀྱི་བུན་ཟུག་ཉུང་གཏོང་ལ་སྐུལ་འདེད་དང་། གཞུང་ཁོངས་ཁེ་ལས་ཀྱི་བུ་ལོན་ཉེན་ཁ་འགོག་སེལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཁྱོན་ཡོངས་ལ་ཁྱབ་པ་དང་སྣེ་རིགས་དབྱེ་ནས་དོ་དམ་བྱ་རྒྱུ་ཟུང་འབྲེལ་དང་། ནང་ཁུལ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཕྱི་ཕྱོགས་ཀྱི་ཚོད་འཛིན་ཤུགས་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ་བྱས་ཐོག གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་བུན་ཟུག་ཚོད་འཛིན་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་ཤུགས་ཆེར་བཏང་ནས། རྩ་ལག་མཉམ་བཅོས་ཀྱིས་བུན་ཟུག་ཚད་གཞི་མཐོ་བའི་ཁེ་ལས་ཀྱི་རྒྱུ་ནོར་གྱི་བུན་ཟུག་ཚད་གཞི་དེ་ལུགས་མཐུན་གྱི་ཆུ་ཚད་ལ་གང་མགྱོགས་ལོག་ཐུབ་པ་བྱ་དགོས་ཞེས་བསྟན་འདུག
            གྲོས་ཚོགས་ཐོག ཀྲུང་དབྱང་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་ཁེ་གཉེར་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་གཅིག་སྡུད་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཚོད་ལྟ་བྱེད་སྐབས། སྲིད་གཞུང་དང་ཁེ་ལས་ལོག་དབྱེ་དང་། སྲིད་གཞུང་དང་རྒྱུ་ནོར་ལོག་དབྱེ། བདག་དབང་དང་ཁེ་གཉེར་དབང་ཆ་ལོག་དབྱེ་བཅས་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་དབྱང་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པ་དང་དེས་གཉེར་བའི་ཁེ་ལས་ཀྱི་འབྲེལ་བ་གསེད་དཀྲོལ་བྱེད་པ། གཞུང་ཁོངས་རྒྱུ་ནོར་འཁོར་སྐྱོད་སྟེགས་བུ་བསྐྲུན་པ། གཞུང་ཁོངས་རྒྱུ་ནོར་གནས་སྟངས་གྲུབ་གཞི་ལེགས་སུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་བཀོད་སྒྲིག་དང་ལྟ་སྐུལ་དོ་དམ་གྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ནས། གཞུང་ཁོངས་རྒྱུ་ནོར་བོར་བརླག་འགྲོ་རྒྱུར་སྔོན་འགོག་ཡག་པོ་བྱེད་པ་དང་། ཁེ་ལས་སྐྱོན་བྲལ་ངང་གོང་འཕེལ་དང་ཁེ་གཉེར་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་གྱི་མ་སྲུང་གནས་འཕར་མངོན་གྱུར་ཡོང་བ་བྱ་དགོས་ཞེས་གསུངས་འདུག
            གྲོས་ཚོགས་ཐོག མཐོ་རིམ་སློབ་གྲྭའི་ཁོངས་གཏོགས་ཁེ་ལས་ཀྱི་སྒྲིག་ལུགས་བསྒྱུར་བཅོས་བྱེད་སྐབས། གཞུང་ཁོངས་རྒྱུ་ནོར་དོ་དམ་སྒྲིག་ལུགས་བསྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། སློབ་གསོའི་ཆོས་ཉིད་དང་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས། མཐོ་སློབ་ཁོངས་གཏོགས་ཁེ་ལས་ལ་ཁྱོན་ཡོངས་གཙང་བཤེར་ཚད་ལྡན་བཟོ་དགོས་པ་དང་། ཐོན་དབང་དང་འགན་འཁྲིའི་འབྲེལ་བ་གསལ་པོ་བཟོ་བ། བསྒྱུར་བཅོས་ཀྱི་ལས་དོན་སྣེ་རིགས་དབྱེ་ནས་ལག་བསྟར་བྱས་ནས། མཐོ་སློབ་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་གཉེར་དང་། ནང་སྙིང་རྣམ་པའི་གོང་འཕེལ་ཡོང་བ་བྱ་དགོས་ཞེས་བསྟན་འདུག
            གྲོས་ཚོགས་ཐོག ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམ་སྒྲིག་ལམ་ལུགས་འཛུགས་རྒྱུ་ནི་རྒན་གསོ་འགན་བཅོལ་ཐད་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་གཞི་རྩའི་རྒྱལ་ཚུལ་དང་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་པའི་དོན་དངོས་ལ་གཞིགས་ནས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཁུར་པོ་ཆེ་རུ་མི་འགྲོ་བ་དང་རྒན་གསོ་འགན་བཅོལ་གྱི་འགྲོ་གྲོན་བསྡུ་བའི་བསྡུར་ཚད་མཐོ་རུ་མི་གཏོང་བའི་གནས་ཚུལ་འོག ཀྲུང་དབྱང་གི་སྙོམ་སྒྲིག་ཐེབས་རྩ་བསྡུ་རུབ་བྱེད་པ་དང་། ཐེབས་རྩ་གཏོང་སྤྲོད་བྱེད་པ། ཐེབས་རྩར་དོ་དམ་བྱེད་པ། ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་སྤྲོད་པ་བཅས་བརྒྱུད། ས་ཁུལ་བར་གྱི་ཐེབས་རྩའི་ཁུར་པོ་ལུགས་མཐུན་སྙོམ་སྒྲིག་བྱེད་པ་དང་། ཐེབས་རྩ་བདེ་འཇགས་དང་རྒྱུན་མཐུད་ཐུབ་པ། ནོར་སྲིད་ཁུར་པོ་ཚོད་འཛིན་ཐུབ་པ་བྱས་ནས། ས་གནས་ཁག་གི་རྒན་གསོའི་དངུལ་དུས་ཐོག་འདང་ངེས་སྤྲོད་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག
            གྲོས་ཚོགས་ཐོག ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་པར། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། ཁྲོམ་རའི་ནང་རྐྱེན་ནུས་པ་འདོན་སྤེལ་རྒྱུན་འཁྱོངས། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་སྔོན་འགྲོར་འཛིན་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ། སྐུལ་ལྕག་དང་གཅུན་སྡོམ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་གཞུང་ཁོངས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་དང་ཁྲོམ་རའི་འགྲན་རྩོད་ལ་དགོས་པའི་མི་འདེམས་མི་སྤྱོད་སྒྲིག་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཏང་ལ་ལྷག་བསམ་དཀར་བ་དང་། གསར་གཏོད་བྱེད་ཕོད་པ། ཁེ་ལས་བཅོས་སྐྱོང་ལ་མཁས་པ། ཁེ་ལས་དར་རྒྱས་གཏོང་བའི་འཇོན་ཐང་ལྡན་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་དཔུང་ཁག་འཛུགས་དགོས་ཞེས་བསྟན་འདུག
            གྲོས་ཚོགས་ཐོག འཚོ་རྟེན་མེད་པའི་སློང་མོ་བར་རོགས་སྐྱོབ་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་ཀྱིས། མཐའ་ཐིག་སྲུང་བ་དང་། དྲ་བ་དམ་པོ་བཟོ་བ། སྒྲིག་གཞི་འཛུགས་བཅསཀྱི་བླང་བྱ་ལྟར། ལམ་ལུགས་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་་གསལ་པོ་བཟོ་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་བདའ་འདེད་ཤུགས་ཆེར་གཏོང་བ་བཅས་བྱས་ནས། སློང་མོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱ་དགོསཞེས་ནན་སྟོན་གནང་འདུག
            གྲོས་ཚོགས་ཐོག སྨན་བཅོས་འཕྲོད་བསྟེན་ལས་རིགས་ལ་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ནད་ལ་འཁེལ་བའི་ངང་སྨན་བཅོས་འཕྲོད་བརྟེན་བྱ་གཞག་གོང་འཕེལ་གྱི་ཆོས་ཉིད་དང་ཁྱད་ཆོས་དམ་འཛིན་ཐུབ་པ་དང་། ལྟ་སྐུལ་དོ་དམ་གྱི་འདུ་ཤེས་དང་ལམ་ལུགས། བྱ་ཐབས་བཅས་བརྗེ་འགྱུར་ཐུབ་པ། གཙོ་གནད་ལྟ་སྐུལ་དོ་དམ་བྱེད་པའི་སྨན་བཅོས་འཕྲོད་བརྟེན་སྡེ་ཁག་གིས་ལས་རིགས་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། གནད་དོན་གྱི་ཐོག་མའི་ཞིབ་བཤེར་ཆོག་མཆན་ལ་དོ་སྣང་བྱེད་པ་ནས་གནད་དོན་རྗེས་ཀྱི་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པར་བརྗེ་འགྱུར་བྱེད་པ། ཕྱོགས་རྐྱང་པའི་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པ་ནས་ཕྱོགས་བསྡུས་མཐུན་སྦྱོར་གྱི་ལྟ་སྐུལ་དོ་དམ་བྱེད་པར་བརྗེ་འགྱུར་བྱས་ནསལྟ་སྐུལ་དོ་དམ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད།
            གྲོས་ཚོགས་ཐོག་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་ཚུན། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་བ་དང་སྒྲིག་ལམ་ལ་བཟོ་བཅོས་གསལ་པ་བརྒྱབ་པ། མི་སྣ་བསྐོ་འཐེན་ཐད་ཀྱི་ལས་ཀ་ལེགས་པོ་སྒྲུབ་པས། དུས་ཐུང་ནང་གྲུབ་འབྲས་ལེགས་པོ་ཐོན་པ་དང་། ཕྱོགས་ཁག་གི་བསམ་བློ་གཅིག་འགྱུར་དང་། སྤྲོ་སེམས་ཆེན་པོ་འཕེལ་བ། བྱ་སྤྱོད་མྱུར་བ། བརྟན་པོའི་ངང་སྐུལ་འདེད་བཏང་བས། རྔམ་བརྗིད་ལྡན་པ་དང་སྨྱུག་མ་བཤག་པ་བཞིན་དུ་ཐོགས་ཐུག་མེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། དེའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་བརྒྱད་པའི་ཚུན་དུ་ང་ཚོས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པར་འགོ་ཁྲིད་པའི་ཐད་རྨང་གཞི་ལེགས་པོ་ཞིག་བཏིངས་ཡོད། དུས་མཚམས་གོང་མར་ལས་ཁུངས་བསྒྱུརབཅོས་ལས་ཀའི་སྒྲིག་གཞི་དང་བྱ་ཐབས་འཚོལ་ཞིབ་བྱེད་པར་ནུས་འབྲས་ལེགས་པོ་ཐོན་ཡོད་ཅེས་ནན་བཤད་བྱས་པ་དང་།
            གྲོས་ཚོགས་ཐོག། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལ་གཞིགས་ནས། ས་གནས་ལས་ཁུངས་བསྒྱུར་བཅོས་ཐད་མགྱོགས་མྱུར་དམ་འཛིན་དང་ནུས་ལྡན་གྱི་སྐུལ་འདེད་གཏོང་བཞིན་ཡོད། སྤྱིའི་བླང་བྱ་ནི་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་ངང་ཀྲུང་ཏང་ཀྲུང་དབྱང་གི་ལས་ཁུངས་བསྒྱུར་བཅོས་ཀྱི་བཀོད་སྒྲིག་བླང་ཆ་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་འགྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ། གོང་འོག་ཤར་གཏོང་དང་ནུས་ལྡན་ངང་ལག་བསྟར་ཐུབ་པ་འགན་ལེན་བྱེད་དགོས་པས། ཞིང་ཆེན་རིམ་པ་མན་གྱི་ལས་ཁུངས་ལ་དེ་བས་ཆེ་བའི་རང་བདག་དབང་ཆ་སྤྲོད་རྒྱུ། ས་གནས་ཀྱིས་རང་སོའི་ཁྱད་ཆོས་ལ་གཞིགས་ནས་ལས་ཁུངས་འཛུགས་པ་དང་འགན་ནུས་བཀོད་སྒྲིག་བྱེད་དུ་འཇུག་པ། རིམ་ཁག་སྲིད་གཞུང་སྡེ་ཁག་གི་ཚད་བཀག་དོ་དམ་ནན་པོ་བྱེད་པ། སྒྲིག་ཁོངས་དོ་དམ་ལ་གཅུན་བསྡོམས་བྱ་རྒྱུར་ཤུགས་སྣོན། ཕྱོགས་བསྡུས་སྲིད་སྐྱོང་ཁྲིམས་འཛིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།
            ས་གནས་ཏང་ཨུད་ཀྱིས་ལས་ཁུངས་བསྒྱུར་བཅོས་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལས་ཁུངས་བསྒྱུར་བཅོས་ཇུས་གཞི་སྒྲིག་བཟོ་དང་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུར་གཅིག་འགྱུར་འཆར་བཀོད་དང་ཞིབ་འཇུག་བྱ་དགོས་པ། བསམ་བློ་ཆབ་སྲིད་ལས་ཀ་དེ་བསྒྱུར་བཅོས་ཀྱི་བརྒྱུད་རིམ་ཡོངས་ལ་ལག་བསྟར་བྱ་དགོས་པ། བསྒྱུར་བཅོས་རིང་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱ་དགོས། ཞིང་ཆེན་ཏང་ཨུད་ཀྱི་འགན་ནུས་སྡེ་ཁག་དང་སྲིད་གཞུང་ལས་གྲུབ་པའི་སྡེ་ཁག་དེ་སྤྱིའི་ཆ་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བར་ཕན་ཚུན་བསྟུན་ཐུབ་པ། དེའི་རྨང་གཞིའི་ཐོག་ས་གནས་ཁག་གིས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་ལས་ཀའི་དགོངས་མཁོར་གཞིགས་ནས་འབྲེལ་ཡོད་ལས་ཁུངས་འཛུགས་དགོས། འགན་ནུས་བརྗེ་འགྱུར་དང་ལེགས་འགྱུར་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། གོང་འོག་གི་འགན་ནུས་དེ་ཤར་གཏོང་ཐུབ་པ་དང་འབྲེལ་མཐུད་ཐུབ་པ་བྱ་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་ས་གནས་ལས་ཁུངས་བསྒྱུར་བཅོས་ཀྱི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནས་ཚུལ་དང་འཕྲད་པའི་གནད་དོན་ལ་རྒྱུད་མངའ་ལོན་པ་དང་རེ་རེ་བཞིན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་དགོས་ཞེས་བཏོན་ཡོད།
            གྲོས་ཚོགས་ཐོག། ས་གནས་ཀྱིས་བསྒྱུར་བཅོས་ལ་དམ་འཛིན་བྱེད་པར་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགག་རྩའི་ནུས་པ་ཐོན་པའི་བསྒྱུར་བཅོས་ཐད། གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གོ་སྐབས་དམ་འཛིན་བྱས་ནས་རང་འགུལ་དབང་ཆ་ཡོད་པ་བྱ་དགོས། ས་གནས་ཀྱི་བསྒྱུར་བཅོས་ལ་མཛུབ་ཁྲིད་དང་དེར་སྐུལ་འདེད་གཏོང་བར་རིགས་དབྱེ་ནས་མཛུབ་ཁྲིད་བྱ་རྒྱུར་དོ་སྣང་བྱ་དགོས་པ་དང་། ཁྱོན་ཡོངས་ཀྱི་གཅིག་འགྱུར་རང་བཞིན་ཡོད་དགོས་ལ། ཆ་ཤས་ཀྱི་སྟབས་བསྟུན་རང་བཞིན་ཡོད་པ་བྱས་ནས་ཁྲིད་ཕྱོགས་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱ་དགོས་ཞེས་ན་བཤད་བྱས་ཡོད།
            ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁངགི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།