ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལོ་ལིས་དང་གྲོས་མོལ་མཛད།

སྤེལ་དུས 2018-05-15 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

             ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་རི་ནི་ཏ་དང་ཐོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལོ་ལིས་དང་གྲོས་མོལ་མཛད། པར་འདི་ནི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཐེ་རི་ནི་ཏ་དང་ཐོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལོ་ལིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱེད་པའི་ཚུལ་རེད།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་རི་ནི་ཏ་དང་ཐོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལོ་ལིས་དང་གྲོས་མོལ་མཛད།
             ལི་ཁེ་ཆང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་གསུམ་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་རྒྱལ་ཁབ་ལ་འཚམས་འདྲི་མཛད་དེ་གྲུབ་འབྲས་བཟང་བོ་ཐོབ་པ་དང་། ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས། ཀྲུང་གོ་ཕྱོགས་ཀྱིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
             ལི་ཁེ་ཆང་གིས་གསུངས་རྒྱུར། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ནི་ཀྲུང་གོའི་ཅ་ལེ་པུས་ས་ཁུལ་དུ་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པས། རྒྱལ་ཁབ་གཉིས་བར་དཔལ་འབྱོར་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་མཉམ་ལས་ཀྱི་མདུན་ལྗོངས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས། དངུལ་རྩ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པ་གོ་སྐབས་སུ་བཟུང་སྟེ་ཕྱོགས་གཉིས་ཀྱི་སློབ་གསོ་དང་རིག་གནས། ལུས་རྩལ། གནས་སྐོར་སོགས་ཀྱི་བརྗེ་རེས་ཇེ་མང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འཐུས་མཆན་བཀོད་པའི་ལག་ཁྱེར་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས་མི་སྣའི་འགྲོ་འོང་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
             ལོ་ལིས་ཀྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ཡིས་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
             གྲོས་མོལ་མ་མཛད་པའི་སྔོན་ལ། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཐེ་རི་ནི་ཏ་དང་ཐོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལོ་ལིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས། །