ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཤང་ཀང་དུ་ཡོད་པའི་ཡོན་གཉིས་ཀྱི་ཡོན་ཧྲེ་ནས་བསྐུར་བའི་འཕྲིན་ཡིག་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2018-05-15 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ལོ་༢༠༡༧ལོའི་ཟླ་༦པར། ཤང་ཀང་དུ་ཡོད་པའི་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲེ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་༢༤ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕྱག་ཡིག་བསྐུར་ནས། མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུའི་འདོད་འདུན་དྲག་པོ་དང་། གསར་གཏོད་ཚན་རྩལ་གོང་འཕེལ་གཏོང་རྒྱུའི་སྤྲོ་སེམས་ཆེན་པོ་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་དོན་དེར་ཚད་མཐོའི་མཐོང་ཆེན་གནང་བ་དང་། གལ་ཆེའི་མཛུབ་སྟོན་དང་འབྲེལ་ཡོད་ཀྱི་ལས་དོན་ཕྲལ་དུ་བཀོད་སྒྲིག་གནང་ཡོད་པ་རེད། ཁོང་གིས། ཤང་ཀང་དང་ནང་སའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། ཤང་ཀང་དེ་ཉིད་རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་ལྟེ་གནས་སུ་འཛུགས་རྒྱུར་རོགས་སྐྱོར། དེ་བཞིན་ཤང་ཀང་ཚན་རྩལ་ལས་རིགས་ཀྱིས་ཚན་རྩལ་གྱི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ཤང་ཀང་ལ་སྟོབས་ཤུགས་ཆེས་ཆེ་བའི་ཚན་རྩལ་གྱི་རྨང་གཞི་དང་། རྒྱལ་ཁབ་དང་ཤང་ཀང་ལ་དགའ་བའི་བྱང་ཚད་མཐོ་བའི་ཚན་རྩལ་ཤེས་ལྡན་མི་སྣ་མང་པོ་ཡོད་པས། དེ་ནི་རང་རྒྱལ་གྱིས་གསར་བསྐྲུན་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་གལ་ཆེའི་སྟོབས་ཤུགས་ཞིག་ཡིན། དུས་ཡུན་རིང་པོའི་ནང་། ཤང་ཀང་ཚན་རྩལ་ལས་རིགས་ཀྱིས་ཤང་ཀང་དང་རྒྱལ་ཁབ་ཀྱི་གོང་འཕེལ་ལ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་གནང་ཡོད་པ་དང་།
            ཞི་ཅིན་ཕིང་གིས། ཤང་ཀང་དང་ནང་སའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་དང་། ཤང་ཀང་དེ་ཉིད་རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་ལྟེ་གནས་ལ་འགྱུར་རྒྱུར་རྒྱབ་སྐྱོར། ནང་ས་དང་ཤང་ཀང་གི་རང་སོའི་ཚན་རྩལ་གྱི་དགེ་མཚན་འདོན་སྤེལ་བྱས་ནས། ནང་ས་དང་ཤང་ཀང་གི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཀྱི་ཐད་ལེགས་སྐྱེས་འབུལ་དགོས། དེ་ནི་ཤང་ཀང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་བྱེད་པའི་གནད་དོན་ཞིག་ཡིན། ཤང་ཀང་ནས་ཡོན་ཧྲེས་ཡི་གེའི་ནང་བཏོན་པའི་གནད་དོན་ལ་མཐོང་ཆེན་བྱ་དགོས་པ་དང་། ཞིབ་འཇུག་བྱ་རྒྱུ་དམ་པོར་བཟུང་ནས་ཞིབ་ཕྲའི་སྲིད་ཇུས་བཟོ་བ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་གནད་དོན་ཐག་གཅོད་བྱ་དགོས་པ། ཤང་ཀང་ཚན་རྩལ་ལས་རིགས་ལ་རྒྱབ་སྐྱོར་བྱས་ནས་ང་ཚོས་ཚན་རྩལ་གྱི་སྟོབས་ཆེན་རྒྱལ་ཁབ་གཏོད་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལ་གཞིགས་ནས། ཚན་རྩལ་པུའུ་དང་། ནོད་སྲིད་པུས་དེར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཆེད་དོན་གྱི་གྲོས་ཚོགས་ཐེངས་མང་སྐོང་འཚོགས་བྱས་ནས། ཤང་ཀང་གི་ཚན་རྩལ་གསར་གཏོད་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་དང་གསར་གཏོད་འཇོན་ཐང་གི་གལ་ཆེའི་ཆ་ཤས་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཚན་རིག་ཞིབ་འཇུག་ཅུས་དང་ཤང་ཀང་གི་རང་ངོས་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་བང་རིམ་གཉིས་ཀྱི་ཐོག་ནས། ནང་ས་དང་ཤང་ཀང་གི་ཚན་རྩལ་མཉམ་ལས་དང་འབྲེལ་ཡོད་བྱ་ཐབས་ཁག་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུགས་གཞུང་དོན་ཁང་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཚན་རྩལ་ལས་རིགས་ཀྱི་བསམ་འཆར་དང་གྲོས་འགོར་གསན་པ་དང་། སྔོན་ལ་ཚོད་ལྟའི་ས་ཚིགས་ལག་བསྟར་བྱེད་པ་དང་། དམིགས་བསལ་གྱི་གནད་དོན་དམིགས་བསལ་གྱིས་ཐག་གཅོད་བྱས་ནས། མགྱོགས་མྱུར་ངང་ལས་དོན་དོན་འཁྱོལ་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད་པ་རེད།
            མིག་སྔར། ཤང་ཀང་དུ་ཡོད་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་གཉིས་ཀྱི་འཕྲིན་ཡིག་བསྐུར་ནས་གནས་ཚུལ་སྙན་གསེང་ཞུས་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་ཀྱི་འགྲོ་གྲོན་སྐམ་ས་ཆེན་མོ་ལས་གྲོལ་ནས་ཤང་ཀང་དུ་བེད་སྤྱོད་བྱེད་པ་དང་། ཚན་ཞིབ་ཡོ་ཆས་ནང་འདྲེན་བྱས་པའི་སྒོ་ཁྲལ་གྱི་གཟིགས་སྐྱོང་སོགས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འཆར་གཞིས་ཤང་ཀང་དུ་ཡོད་པའི་རྒྱལ་ཁབ་ཀྱི་གལ་ཆེའི་ཚན་རིག་ཚོད་ལྟ་ཁང་༡༦དང་། ཤང་ཀང་དང་ཨའོ་མན་གྱི་རོགས་ཟླའི་ཚན་རིག་ཚོད་ལྟ་ཁང་ལ་ཐད་ཀར་རོགས་སྐྱོར་བྱས་པ་དང་། ཚོད་ལྟའི་རྨང་གཞིའི་ཐོག རྒྱལ་ཁབ་ཀྱི་ཚན་རྩལ་འཆར་བཀོད་ཀྱིས་ཤང་ཀང་དང་ཨའོ་མན་གྱི་ཚན་རྩལ་ཞིབ་འཇུག་བྱེད་སྒོར་ཐད་ཀར་མ་དངུལ་གཏོང་བའི་ཐད་སྤྱིའི་ལམ་ལུགས་ཀྱི་བཀོད་སྒྲིག་བྱས་ཡོད་པ་རེད། ཤང་ཀང་གིས་ནང་སར་བཙུགས་པའི་ཚན་རྩལ་ཞིབ་འཇུག་ཚན་པར་ཚན་རྩལ་གསར་གཏོད་ཀྱི་སྒོ་ཁྲལ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཨའོ་མན་གྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གཉིས་དང་ཤང་ཀང་དང་ཨའོ་མན་མཉམ་ལས་ཚོད་ལྟ་ཁང་ལ་ཡང་རྒྱལ་ཁབ་ཚན་རྩལ་འཆར་བཀོད་ཀྱི་རོགས་སྐྱོར་ཐད་ཀར་ཐོབ་ཡོད་པས། ཤང་ཀང་དང་ཨའོ་མན་གྱི་ཚན་རྩལ་ལས་རིགས་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད་པ་རེད། གོམས་སྟབས་རྗེས་མར། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་པ་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་གཅེས་དང་ཤང་ཀང་ལ་གཅེས་པའི་ཚན་རྩལ་ཞིབ་འཇུག་མི་སྣ་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་བཀོད་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གོ་རིམ་ལྡན་པའི་ངང་ནང་ས་དང་ཤང་ཀང་གི་ཚན་རྩལ་མཉམ་ལས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།