ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས།

སྤེལ་དུས 2018-05-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
​——— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་ གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
            སྣོད་བཅུད་ཤེས་དཔལ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཡོང་བའི་ལྡོག་མེད་བླང་བྱ་ཞིག་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བའི་རྩ་བའི་ཇུས་ཆེན་ཞིག་རེད།
            རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་ལ་དམིགས་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བའི་སྤྱི་ཡོངས་ལ་གཞི་ཚུགས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་སྐབས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཁ་གསལ་བཏོན་གནང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། དེ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་རྩ་བའི་གཞི་འཛིན་ས་ཡིན། དེ་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་རྒྱུའི་སྐུལ་སློང་བྱས་ནས་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་གལ་ཆེའི་དངོས་ཡོད་ཀྱི་དོན་སྙིང་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད།
            སྣོད་བཅུད་ཤེས་དཔལ་གྱི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་དང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་མགྱོགས་སུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་ཀྱི་འཆར་གཞི་ཆེན་པོ་གསུམ་ལག་ལེན་གཏིང་ཟབ་བསྟར་བ་སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ལ་བརྩིས་ཏེ་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་གྲུབ་ནས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། སྦགས་བཙོག་བཅོས་སྒྲིག་བྱེད་ཤུགས་ཆེ་བ་དང་། ལམ་ལུགས་འདོན་ཐེངས་མང་བ། ལྟ་སྡོམ་ཁྲིམས་འཛིན་གྱི་ཚད་གཞི་ནན་པ། ཁོར་ཡུག་སྤུས་ཚད་ལེགས་གཏོང་གི་མྱུར་ཚད་མགྱོགས་པ་བཅས་སྔར་ན་མེད་པ་བྱུང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་འགྱུར་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད།
            སྤྱི་ཡོངས་ནས་བལྟས་ཚེ། རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཡག་ཏུ་ཕྱིན་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད། ཡིན་ནའང་ཕན་འབྲས་དེ་ཙམ་བརྟན་པོ་མེད་སྟབས་ལྷོད་གཡེང་ཕྲན་ཙམ་ཤོར་ན་གནས་ཚུལ་དེ་རིགས་ཡང་ཡང་ཐོན་སྲིད་པས། ཀོ་གྲུ་གྱེན་དུ་བཏང་ན་ཡང་། ཆུ་མོས་ཐུར་དུ་ཁྱེར་ནས་འགྲོ་ཞེས་པ་ལྟར་རེད། ད་ཆ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནོན་ཤུགས་མང་བ་དང་དཀའ་ཚེགས་ཆེན་པོས་མདུན་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། སྣོད་བཅུད་ཐོན་རྫས་སྤུས་ལེགས་སྔར་ལས་མང་བ་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྣོད་བཅུད་ཁོར་ཡུག་བཟང་པོའི་དགོས་མཁོ་སྐོང་བའི་འགག་སྒྲོལ་དུས་སྐབས་སུ་སླེབས་ཡོད་ལ། སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཀྱི་ཆ་རྐྱེན་དང་ནུས་པ་ལྡན་པའི་བར་བརྒལ་དུས་སྐབས་སུའང་སླེབས་ཡོད། འགག་རྩའི་དུས་སྐབས་དང་། འགག་སྒྲོལ་དུས་སྐབས། བར་བརྒལ་དུས་སྐབས་བཅས་ལས་སྒྲོལ་བར་ང་ཚོས་ད་དུང་དཀའ་གནད་མི་ཉུང་བ་ཞིག་སེལ་དགོས་པ་དང་མཁྲེགས་ས་མི་ཉུང་བ་ཞིག་ལ་གཏུག་དགོས་པ་མ་ཟད། ད་དུང་གནད་དོན་རྙིང་པ་མི་ཉུང་བ་ཞིག་ཀྱང་བཅོས་དགོས་པ་གསལ་པོ་ཤེས་དགོས། གལ་ཏེ་ད་ལྟ་དམ་འཛིན་མ་བྱས་ན་ཕྱིས་འབྱུང་ཐག་གཅོད་བྱེད་སྐབས་དཀའ་ཚེགས་དེ་བས་ཆེ་བ་དང་། རིན་དོད་དེ་བས་ཆེ་བ། མཇུག་འབྲས་དེ་བས་ཚབས་ཆེ་བ་ཐོན་སྲིད། ཨམ་གཙིགས་བསྡམས་ནས་དཀའ་གནད་དེ་ལས་སྒྲོལ་རྒྱུ་ནི་ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཡིན་པས། ང་ཚོར་ངས་མ་བྱས་ན་སུས་བྱེད་སྙམ་པའི་འགན་འཁྲི་འཁུར་སེམས་ཤིག་དེ་བས་ཀྱང་ཡོད་དགོས།
            སྣོད་བཅུད་དར་ན་ཤེས་དཔལ་དར། སྣོད་བཅུད་རྒུད་ན་ཤེས་དཔལ་རྒུད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྨང་གཞིའི་ཐོག་གོམ་སྟབས་གཉིས་སུ་ཕྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་ཁ་གསལ་བཏོན་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ངེས་པར་དུ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། དཀའ་ཚེགས་ག་ཚོད་ཆེ་རུང་ང་ཚོས་ཐེ་ཚོམ་སྤུ་ཙམ་བྱ་རྒྱུ་མེད་ལ་ཕྱིར་བཤོལ་ཡང་གཏན་ནས་བྱ་རྒྱུ་མེད། འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་པའི་ཆོད་སེམས་དང་། ཤི་གསོན་ཐག་གཅོད་ཀྱི་དམག་འཐབ་བྱེད་པའི་བློ་སྟོབས། མཁར་རྒོལ་གྲོང་འཛུགས་ཀྱི་འབད་འཐབ་བཅས་ལ་བརྟེན་ནས་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ཚེ་གཞི་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་སྟེ་སྤྱི་ཚོགས་རིང་ལུགས་སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ཐུབ།
            སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་བྱས་རྗེས་དེང་ལ་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་དང་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ཚེ། ང་ཚོས་ངེས་པར་དུ་མི་དང་རང་བྱུང་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་ཐུབ་ནས་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་གཏོད་ཐུབ།