ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧན་ཀྲིན་གྱིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

སྤེལ་དུས 2018-05-24 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ཟླ5བའི་ཚེས20ཉིན་ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཏུང་ནས་རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཀོང་ཏུང་དང་ཞང་ཀང་ཨོ་མིན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱ་བར་གཟིགས་ཞིབ་མཛད། པར་འདི་ནི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། ཧན་ཀྲིན་གྱིས་ཧྲིན་ཀྲིན་ནས་འགོ་འཛིན་མཛད་དེ་སྒོ་འབྱེད་རྒྱ་བསྐྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གནང་བའི་ཚུལ་རེད།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས20ཉིན་ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཏུང་ཞིང་ཆེན་ནས་རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཀོང་ཏུང་དང་ཞང་ཀང་ཨོ་མིན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱ་བར་གཟིགས་ཞིབ་མཛད། ཁོང་གིས་ནན་གྱིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་མི་མཐུན་པའི་བསམ་བློ་དང་འདུ་ཤེས་མཐའ་དག་མེད་པར་གཏོང་བ། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དང་མི་མཐུན་པའི་སྒྲིག་གཞི་དང་ལམ་ལུགས་མཐའ་དག་སྤོབས་པ་ཆེན་པོས་བཅོས་སྒྱུར་བྱེད་པ། གསར་གཏོད་ལ་ཚོད་འཛིན་བྱེད་པའི་དོ་དམ་བྱེད་ཐབས་མཐའ་དག་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
             ཧན་ཀྲིན་སྔ་གཞུག་ཏུ་ཀོང་ཏུང་རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་ཀྲུའུ་ཧེ་ཧིན་ཆིན་ས་ཁུལ་དང་ཀོང་ཀྲིག་ནན་ཧྲ་ས་ཁུལ། ཧྲིན་ཀྲིན་ཧྲེ་ཁུ་ས་ཁུལ་བཅས་སུ་ཕེབས་ཏེ། རང་དབང་ཉོ་ཚོང་ས་ཁུལ་ཇུས་འགོད་དང་འཛུགས་སྐྲུན། འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་མཛད།
             ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཧན་ཀྲིན་གྱིས་ཧྲིན་ཀྲིན་ནས་འགོ་འཛིན་མཛད་དེ་སྒོ་འབྱེད་རྒྱ་བསྐྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཧན་ཀྲིན་གྱིས་གསུངས་རྒྱུར། རང་དབང་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་གསར་བའི་འོག་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། སྒོ་འབྱེད་རྒྱ་བསྐྱེད་པའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀོང་ཏུང་རང་དབང་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པ་དེས་ལམ་ལུགས་གསར་གཏོད་བྱེད་པའི་ལས་འགན་གཙོ་བོ་དམ་པོར་བཟུང་ནས། དཔྱད་གཞིར་འཛིན་ཆོག་པ་དང་ཁྱབ་གདལ་དུ་གཏོང་ཆོག་པའི་ལམ་ལུགས་གྲུབ་འབྲས་སྔར་ལས་མང་པོ་ཆགས་པར་བྱེད་དགོས་ལ། བྱ་བ་སྣ་ཚོགས་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། ཡིད་རྟོན་མ་ལག་འཛུགས་སྐྲུན་བྱས་ནས། ཚད་གཞི་མཐོ་ཞིང་། རྒྱལ་སྤྱི་ཅན་དང་ཁྲིམས་སྐྱོང་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་སྒོས་སྐྲུན་དགོས་ཟེར།
             ཧན་ཀྲིན་གྱིས་ནན་གྱིས་གསུངས་རྒྱུར། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་མཚོ་ཁུགས་ཆེན་པོའི་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་དངོས་སུ་བཀོད་སྒྲིག་བྱས་པར་མ་ཟད། དངོས་སུ་རྒྱལ་ཁབ་འཐབ་ཇུས་ལ་སྐུལ་འདེད་བཏང་བ་ཡིན་པས། རྒྱུ་སྤུས་མཐོ་ཞིང་མགོ་ཚུགས་ས་གསར་བ་ནས་མཚོ་ཁུགས་ཆེན་པོའི་ས་ཁུལ་ཇུས་འགོད་དང་འཛུགས་སྐྲུན་བཟང་བོ་བྱས་ནས། རྒྱལ་སྤྱིའི་མཚོ་ཁུགས་ས་ཁུལ་རྩེ་གྲྭ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་དགོས། ཐོན་ལས་བཀོད་སྒྲིག་བྱེད་པ་ཇེ་ལེགས་སུ་བཏང་སྟེ། དངོས་གཟུགས་དཔལ་འབྱོར་དང་མཐོ་གསར་ལག་རྩལ་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་སུ་གཏོང་དགོས། ཀོང་ཏུང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་དང་སྔོན་སྐྱོད་ས་ཁུལ། ཚོད་ལྟ་ས་ཁུལ་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ནས། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་དགོས་ཟེར།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་གོང་གི་བྱ་འགུལ་ཁྲོད་ཞུགས།