གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུག་འགོག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།

སྤེལ་དུས 2018-06-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུག་འགོག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དུག་རྫས་ཀྱི་གནད་དོན་བཅོས་སྒྲིག་ལམ་བུར་བསྐྱོད་དེ་དུས་རབས་གསར་པའི་དུག་འགོག་གི་མི་དམངས་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་དུག་འགོག་ཨུ་ལྷན་དང་། ས་ཁུལ་ཁག འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རང་འགུལ་ངང་ལས་དོན་སྤེལ་ཏེ། འགག་སྒྲོལ་དཀའ་སེལ་གྱིས་དུག་འགོག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས།
             ཞི་ཅིན་ཕིང་གིས་དུག་འགོག་ལས་དོན་ནི་རྒྱལ་ཁབ་ཀྱི་བདེ་སྡུག་དང་། མི་རིགས་དར་རྒུད། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པས། དུག་རྫས་ཉིན་གཅིག་མེད་པར་བཟོ་མ་ཐུབ་ན་དུག་འགོག་གི་འཐབ་རྩོད་ལ་ལྷོད་གཡེང་ཉིན་གཅིག་གཏོང་མི་རུང་། ཁྲིམས་ལྟར་དུག་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། གཙོ་གནད་ས་ཁུལ་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དུག་རྫས་བཟོ་འདྲེན་ཚོགས་པ་མཐའ་གཅིག་ཏུ་མེད་པར་བཟོ་བ། དུག་འབྲེལ་ནག་ཚོགས་མི་སྣ་དང་དེ་བཞིན་དེར་འགེབ་སྲུང་བྱེད་མཁན་ལ་ཞིབ་བཤེར་ནན་པོ། དུག་རྫས་ཀྱི་གནད་དོན་ཐོན་ས་དང་མཆེད་ས་མེད་པར་བཟོ་བ་བཅས་བྱས་ཏེ་འགག་སྒོ་མདུན་སྤོ་དང་སྔོན་འགོག་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་བོ་གཞོན་ནུ་ལོ་ཆུང་སོགས་ཚོགས་སྤྱིར་དམིགས་ནས་དུག་རྫས་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ་སྤྱི་ཚོགས་ཧྲིལ་པོར་རང་རྟོགས་ངང་དུག་འགོག་གི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             1987ལོའི་ཟླ་12པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་42པའི་ཐོག་གྲོས་ཆོད་བཞག་པ་ལྟར་ལོ་ལྟར་གྱི་ཟླ་6ཚེས་26ཉིན་ནི“རྒྱལ་སྤྱིའི་དུག་འགོག་ཉིན་མོར”དངོས་སུ་གཏན་འཁེལ་བྱས་པ་རེད། འདི་ལོའི་རྒྱལ་སྤྱིའི་དུག་འགོག་ཉིན་མོར་རང་རྒྱལ་གྱི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་ནི“མི་ཚེ་བདེ་ཐང་། ལྗང་མདོག་དུག་མེད”ཅེས་པ་དེ་རེད།