གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

སྤེལ་དུས 2018-07-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཟླ་7ཚེས་2ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་ཐོག་གླེང་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་གཞོན་ནུ་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་བྱེད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱོང་བ། གསར་གཏོད་བྱེད་ཕོད་པ། དཀའ་སྤྱད་འབད་འཐབ་བྱེད་པ། བླ་ན་མེད་པའི་ཀུན་སྤྱོད་ལ་ཞུན་བརྡར་ཐེབས་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་སློབ་སྦྱོང་ལ་འབད་བརྩོན་དང་། ཀུན་སྤྱོད་བཟང་པོ་འཇགས་པ། གསལ་འབྱེད་ཐུབ་པ། བསམ་པ་རྣམ་དག་བྱེད་པ། རྒྱལ་ཁབ་ལ་གཅེས་པ། འབད་བརྩོན་ལྷོད་མེད། བདེན་འཚོལ་དངོས་གཉེར། ལག་ལེན་ཧུར་ཐག་བསྟར་བ། མི་དམངས་དང་མཉམ་དུ་འབད་འཐབ་བྱེད་པ། མི་དམངས་དང་མཉམ་དུ་མདུན་སྐྱོད་བྱེད་པ། མི་དམངས་དང་མཉམ་དུ་ཕུགས་འདུན་འགྲུབ་པ། ཚེ་གང་ཏང་གི་རྗེས་སུ་འབྲང་བའི་ཕུགས་བསམ་དོན་གཉེར་བྱེད་པ་བཅས་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ཆེད་ཤུགས་དྲག་ཆེ་ལ་རྒྱུན་མི་ཆད་པའི་ལང་ཚོའི་སྒུལ་ཤུགས་སྣོན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
           “གསར་བརྗེའི་ཕུགས་བསམ་ཐམས་ཅད་ལས་ལྷག་པས”གཞོན་ནུའི་ཕུགས་བསམ་དད་སེམས་ངེས་པར་དུ་བརྟན་པོ་ཡོད་དགོས། “ལང་ཚོ་ནི་འབད་འཐབ་ཀྱི་ཆེད་དུ་ཡིན་པས”གཞོན་ནུ་ཚོས་ངེས་པར་དུ་འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། “འཇོན་ཐང་དང་གྲུབ་འབྲས་ལ་བརྟེན་ནས་བྱ་གཞག་གཏོད་དགོས་པས”གཞོན་ནུའི་འཇོན་ཐང་དང་ནུས་པ་ངེས་པར་དུ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
           ལྗོངས་མི་དམངས་འཐུས་ཚོགས་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཁོའོ་ཡོན《མི་དམངས་ཀྱི་བོད་ལྗོངས》དུས་དེབ་ཀྱི་འགན་ཁུར་རྩོམ་སྒྲིག་པ་བདེ་གཡང་གིས་མི་སྒེར་གྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། མི་སྒེར་གྱི་ཕུགས་འདུན་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བརྒྱུད་རིམ་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་དང་། ཁོང་གིས“མི་སྒེར་གྱི་ངོས་ནས་བརྗོད་ཚེ། ངའི་ཕུགས་འདུན་ནི་ད་ཆའི་ལས་གནས་ཐོག་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱེད་པ། རང་ཉིད་ཀྱི་ཆེད་ལས་ཤེས་བྱ་ངོམ་པ།ལས་ཀའི་ཞོར་དུ་སློབ་སྦྱོང་ཧུར་ཐག་བྱེད་པ། སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ཆའི་གནས་ཚུལ་ཤེས་རྟོགས་བྱེད་པ། རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རང་འཁྲིའི་ལས་ཀ་ཡག་པོ་བྱེད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བརྗོད་ཀྱི་འདུག
           “མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས་པས”གཞོན་ནུ་ཚོས་ངེས་པར་དུ་བླ་ན་མེད་པའི་ཀུན་སྤྱོད་ལ་ཞུན་བརྡར་ནུས་ལྡན་ཐེབས་པར་བྱས་ཏེ་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་བྱེད་དགོས།
           “ང་ཚོ་མི་རབས་འདིའི་བྱིས་དུས་ཀྱི་འཚོ་བ་སྐྱོ་ཙམ་ཡོད། དུས་རབས་གོང་མའི་ལོ་རབས་90པའི་ནང་སྤྱི་ཚོགས་ཐོག་བསྐྱོད་པ་དང་བོད་དུ་ཡོང་རྗེས་གཞི་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། དེར་བརྟེན་བོད་ཀྱི་ལོ་ངོ་ཉི་ཤུ་སུམ་ཅུའི་སྤྱི་ཚོགས་འཕེལ་རྒྱས་དང་འཕོ་འགྱུར་ལ་མྱོང་ཚོར་ཟབ་མོ་བྱུང་། མྱོང་ཚོར་དེ་འདྲ་ནི་ང་ཚོས་འཚོ་གནས་ཀྱི་གནད་དོན་ཐག་གཅོད་བྱས་པ་དེ་རེད། ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་ཅིག་ཚད་མཐོའི་དར་རྒྱས་བྱུང་བའི་དུས་མཚམས་ལས་བྱུང་བ་ཞིག་རེད། འདི་ནི་དམངས་ཡོངས་ཀྱི་སྙིང་སྟོབས་དང་དངོས་པོ་ཚད་མཐོའི་འཕེལ་རྒྱས་བྱུང་བའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཞིག་རེད། རིག་གནས་འཐབ་ཕྱོགས་དང་པོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ཡོད་ལ་བརྩེ་སེམས་ལྡན་པའི་ངང་དེ་ཡག་པོ་མངོན་པ་དང་ཟིན་ཐོ་ཡག་པོ་འགོད་རྒྱུ་ཡིན། དེར་བརྟེན། ངའི་ཕུགས་འདུན་ནི་ནང་དོན་ཕུན་སུམ་ཚོགས་པའི་གཞས་ཚིག་རྩོམ་རྒྱུ་དེ་ཡིན། རྩོམ་པ་པོ་ཞིག་དུས་རབས་དང་སྤྱི་ཚོགས་དང་ཁ་བྲལ་རྒྱུ་མེད་ལ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཞུགས་ནས་མིག་སྔར་འཕྲད་པའི་གནད་དོན་སྣ་ཚོགས་ལ་བསམ་གཞིག་བྱེད་དགོས་པ་ནི་བརྗོད་མེད་རེད”ཅེས་སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་གླེང་བ་དང་། “ཀྲུང་གོའི་ཕུགས་འདུན”དང“མི་སྒེར་གྱི་ཕུགས་འདུན”ལ་གོ་བ་ལེན་སྐབས་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་གསར་རྩོམ་ཞིབ་འཇུག་ཁང་གི་གཞས་ཚིག་རྩོམ་པ་པོ་ལིའུ་དབྱི་ལན་གྱིས་གཞན་དང་མི་འདྲ་བའི་རང་ཉིད་ཀྱི་ལྟ་ཚུལ་བརྗོད་ཀྱི་འདུག
           “གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པས”གཞོན་ནུས་ངེས་པར་དུ་གསར་གཏོད་གསར་སྐྲུན་གྱི་ལས་གཏོད་ནང་ཞུགས་ཕོད་པ་བྱེད་དགོས།
           “ད་ཆ་ཏང་དང་སྲིད་གཞུང་གི་ལས་གཏོད་སྲིད་ཇུས་ཡག་པོ་ཡོད་ལ་གསར་གཏོད་ཀྱི་ཁོར་ཡུག་ཀྱང་ཡག་པོ་ཡོད་པས་ཀྲུང་གོའི་ཁྱད་ལྡན་ཐོན་རྫས་ནང་སར་ཕྱིར་ཚོང་བྱེད་པའི་མདུན་ལམ་མཐོང་བས། དྲ་ཐོག་དང་དྲ་འོག་མཉམ་འབྲེལ་གྱི་བྱ་ཐབས་སྤྱད་ནས་ཁ་ཆེ་ཤ་སྐམ་དང་། ཚགས་ཤ། ཐང་ག་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་ལེགས་པའི་ངང་ནང་སར་ཕྱིར་ཚོང་བྱེད་པ་དང་། ཉེ་འཁོར་གྱི་མིའི་སྣེ་ཁྲིད་དེ་མཉམ་དུ་ངར་ཤུགས་བསྒྲིམས་ནས་ཚང་མ་མཉམ་དུ་ཁྱིམ་དར་ཕྱུག་འགྱུར་ཡོང་བ་བྱ་རྩིས་ཡོད”ཅེས་སློབ་གྲྭ་ཐོན་མ་དག་པའི་ཝང་ལིས་སློབ་ཆེན་ཐོན་རྗེས་ཀྱི་བསམ་ཚུལ་ཇི་མ་ཇི་བཞིན་བཤད་བྱུང་།
           “མི་ཚེ་གཅིག་ལེགས་སྐྱེས་འབུལ་དགོས་པས”གཞོན་ནུས་ངེས་པར་དུ་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལེགས་སྐྱེས་འབུལ་ཕོད་པ་བཅས་བྱེད་དགོས།
           “སློབ་ཆེན་ཐོན་རྗེས་འདི་གར་སློབ་ཁྲིད་བྱེད་པར་ཡོང་ནས་ལོ་གསུམ་ཕྱིན་སོང་། མ་གཞི་ཆ་རྐྱེན་དཀའ་ཚེགས་ཆེ་བ་ཡོད་མོད། འོན་ཀྱང་ཕྲུ་གུ་ཚོའི་གཞུང་དྲང་བབ་ཆགས་ཀྱི་འཛུམ་མདངས་དང་འབྲོག་པ་ཚོའི་བཀའ་དྲིན་བསམ་པའི་མིག་ཟུང་མཐོང་རིམ་བཞིན་ང་རང་བློ་ཡིད་ཚིམ་པོ་ཡོང་གི་འདུག ངས་ནུས་ཤུགས་ཡོད་རྒུས་ཕྲུ་གུ་ཚོའི་ཤེས་བྱའི་རེ་འདོད་གང་ཐུབ་ཅི་ཐུབ་ཀྱིས་སྐོང་བ་དང་། ཁོང་ཚོར་ཡང་དག་པའི་སློབ་སྦྱོང་གི་གོམས་གཤིས་འཇགས་པར་བྱེད་པ། ཁྱིམ་བདག་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕྲུ་གུ་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་གང་ཐུབ་བྱེད་པ་བཅས་བྱས་ཏེ་དབུལ་པོ་མི་རབས་ནས་མི་རབས་བར་མཆེད་རྒྱུ་བཀག་འགོག་བྱ་རྒྱུ་ཡིན”ཞེས་འབྱུང་འགྱུར་གྱི་བསམ་ཚུལ་གླེང་སྐབས་བྱང་རྩྭ་ཐང་རྐྱང་རྔོག་སློབ་ཆུང་གི་དགེ་རྒན་སྒྲོལ་མས་བློ་རྩ་བརྟན་པོས་དེ་ལྟར་བཤད་བྱུང་།