གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2018-07-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            སྤྱི་ཚེས་༡༠ཉིན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད། འགོ་བརྗོད་དུ་གདང་ལག་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འཐབ་ཇུས་རོགས་པའི་འབྲེལ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཕྱོགས་གཉིས་པོས་ཁྱོན་ཡོངས་མཉམ་ལས་དང་། ཐུན་མོང་གོང་འཕེལ། འབྱུང་འགྱུར་ལ་ཁ་གཏད་པ་བཅས་ཀྱི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུར་མགྲིན་དབྱངས་གཅིག་གྱུར་ངང་མོས་མཐུན་བྱུང་བའི་ཁྱབ་བསྒྲགས་གནང་ཡོད།
            སྔ་དྲོའི་ཆུ་ཚོད་བཅུ་པར། གྲོས་ཚོགས་དངོས་སུ་འགོ་ཚུགས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་འཆད་ཁྲིད་སྟེགས་བུའི་ཐོག་ཕེབས་ཏེ་གསུང་བཤད་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་བར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དར་སྤེལ་སྔར་ལས་ལྷག་པ་ཕྱིན་ཡོད། ཕྱོགས་གཉིས་པོས་གནའ་བོའི་དར་གོས་ལམ་བུའི་ཐོག་མུ་མཐུད་སྐྱོད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་དཔུང་པ་མཉམ་བཤིག་དང་། ཕྱར་བ་གྲུ་འདེགས་བྱེད་པ། རྒྱལ་ཁབ་སོ་སོའི་འཛུགས་སྐྲུན་བྱ་གཞག་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་གཉིས་ཕན་མཉམ་ལས་བྱས་ཏེ། མཉམ་ལས་མཉམ་རྒྱལ་གྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་གཏོད་ཡོད། ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་བྱུང་བར། རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་ཇི་ལྟར་བྱུང་བ་དང་། དཀའ་ངལ་དང་ཉེན་ཁ་གང་འདྲ་འཕྲད་རུང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནི་སྔ་བར་ཕྱི་གསུམ་དུ་གཉིས་ཕན་མཉམ་རྒྱལ་གྱི་རོགས་པ་ཡག་པོ་དང་། དཀའ་སྡུག་མཉམ་མྱོང་གི་སྤུན་ཟླ་ཡག་པོ་ཡིན་ཞེས་གསུངས་པ་དང་།
            ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པར་ཨ་རབ་རྒྱལ་ཁབ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ཁྱབ་ཏུ་རྒྱབ་སྐྱོར་ཐོབ་པ་དང་དེའི་ནང་ཧུར་ཐག་ཞུགས་ཡོད། ལོ་རྒྱུས་ཐོག་དར་གོས་ལམ་བུའི་ཤེས་དཔལ་གྱི་ཐེ་ཞུགས་པ་གལ་ཆེན་དང་སྲོལ་གཏོད་མཁན་གྱི་གྲས་ཡིན་པའི་ངོས་ནས། ཨ་རབ་རྒྱལ་ཁབ་རྣམས་རྒྱུད་གཅིག་ལམ་གཅིག་གི་འབྲེལ་མཚམས་སུ་གནས་ཤིང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་རང་བཞིན་གྱི་མཉམ་ལས་རོགས་པར་གྱུར་ཡོད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ཏེ་མཉམ་སྐྱོད་ཀྱིས་རྒྱུད་གཅིག་ལམ་གཅིག་དང་ས་ཁུལ་གྱི་དོན་དངོས་ཟུང་སྦྲེལ་བྱེད་པ་དང་། མཉམ་སྡེབ་ཀྱི་བྱ་སྤྱོད་དང་ཕྱོགས་གཉིས་མཉམ་ལས་ཟུང་སྦྲེལ་བྱེད་པ། གོང་འཕེལ་ལ་སྐུལ་འདེད་དང་ཞི་བདེ་སྲུང་སྐྱོང་ཟུང་འབྲེལ་བྱེད་པ། བཟང་ཆ་གསབ་རེས་དང་། མཉམ་ལས་མཉམ་རྒྱལ་གྱིས་ས་ཁུལ་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འབྲེལ་བའི་གོང་འཕེལ་ལ་སྐུལ་ཁྲིད་ཐུབ་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་འཐབ་ཇུས་དང་བྱ་སྤྱོད་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་དང་། ལག་གདང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དབུས་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་དང་། གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱེད་མཁན། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་གྲོགས་པོ་བཟང་པོར་འགྱུར་བ་བྱེད་འདོད་ཡོད་ཅེས་ནན་བཏོན་གནང་ཡོད།
            དང་པོ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་དང་། བདག་དབང་གི་རྩ་དོན་བརྟན་སྲུང་བྱེད་པ། ཁོག་ཡངས་རང་བཞིན་གྱི་ཞི་འཆམ་དར་སྤེལ་གཏོང་བ། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ཞི་ཅིན་ཕིང་གིས། ཀྲུང་གོས་ཐོན་ལས་དར་སྤེལ་ལ་བརྟེན་ནས་དཔལ་འབྱོར་བསྐྱར་འཛུགས་ཀྱི་ཆེད་དོན་འཆར་གཞི་གཏོད་རྒྱུ་མ་ཟད། འབྲེལ་ཡོད་ཨ་རབ་རྒྱལ་ཁབ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་གནང་ཡོད།
            གཉིས་པ། བསྐྱར་དར་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཕྱོགས་གཉིས་པོས་རང་སོ་སོའི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་བྱས་ཏེ། མི་རིགས་བསྐྱར་དར་གྱི་ཕུགས་འདུན་ཆེན་པོ་གཉིས་དམ་པོར་སྦྲེལ་དགོས། མཉམ་འབྲེལ་མཉམ་མཐུད་ཞེས་པར་དམ་འཛིན་ཡག་པོ་བྱས་ཏེ། སྣུམ་རླངས་ཀྱི་མཉམ་ལས་དང་། ཐན་ཉུང་ནུས་ཁུངས་མཉམ་ལས་ཀྱི་འཁོར་ལོ་གཉིས་འཁོར་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དངུལ་རྩའི་མཉམ་ལས་དང་། མཐོ་གསར་ལག་རྩལ་གྱི་མཉམ་ལས་ཀྱི་གཤོག་པ་གཉིས་མཉམ་འཕུར་ཐུབ་པ་བྱེད་དགོས། ཀྲུང་གོས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངུལ་ཁང་མཉམ་འབྲེལ་མ་ལག་འཛུགས་རྒྱུ་ཡིན་པ།
            གསུམ་པ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱ་དགོས། ཀྲུང་གོས་ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཕྱི་ཕྱོགས་སྒོ་དབྱེའི་རྩ་བའི་རྒྱལ་ཇུས་རྒྱུན་འཁྱོངས་བྱ་རྒྱུ། རྒྱལ་ཁབ་ཀྱི་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་རྒྱུན་འཁྱོངས་བྱ་རྒྱུ། ཀྲུང་གོས་ཨ་རབ་རྒྱལ་ཁབ་ནས་ད་ལོའི་སྤྱི་ཟླ་༡༡པར་ཧྲང་ཧའེ་རུ་སྐོང་འཚོག་བྱ་རྒྱུའི་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་ཞུགས་རྒྱུར་ དགའ་བསུ་ཞུ་རྒྱུ།
            བཞི་པ། ཁོག་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་བར་གྱི་སྒྱུར་བཅོས་གོང་འཕེལ་གྱི་ཞིབ་འཇུག་ལྟེ་གནས་རྒྱ་ཆེ་རུ་བཏང་ནས། ཕྱོགས་གཉིས་པོར་རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་མཁོ་འདོན་བྱ་རྒྱུ། ཞི་བདེར་མཐོང་ཆེན་དང་། ཞི་མཐུན་དར་སྤེལ། བདེན་དོན་འཚོལ་སྙེག་བཅས་ཀྱི་འདུ་ཤེས་རྒྱུད་སྤེལ་བྱ་དགོས་པ་དང་། སྐད་ཆ་ཤོད་རེས་ཐོག་ནས་གོ་བ་ལོག་སྒྲུབ་སེལ་བ་དང་། ཁོག་ཡངས་ཐོག་ནས་ཕྱོགས་འགལ་སེལ་བ། མཉམ་ལས་ཐོག་ནས་དྲ་བའི་དཔལ་ཡོན་འཛུགས་སྐྱོང་བྱ་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨ་རབ་མི་དམངས་ཀྱི་བརྩེ་སེམས་སྤེལ་རེས་དང་བསམ་པའི་འབྲེལ་གཏུག་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པ་རབ་དང་རིམ་པ་ཁྱབ་བསྒྲགས་གནང་བ་མ་ཟད། ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱི་གསར་འགྱུར་སྤེལ་རེས་ལྟེ་གནས་དངོས་སུ་བཙུགས་པ་ཁྱབ་བསྒྲགས་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རབ་གཉིས་ཀ་རྒྱལ་སྤྱིའི་གར་སྟེགས་ཐོག་གི་ཆབ་སྲིད་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡང་དག་པའི་ཐོག་ནས་ཁོང་དུ་ཆུད་པ་བྱ་དགོས་པ་དང་། མི་དམངས་ཀྱི་འབོད་སྒྲར་ལྷག་བསམ་དག་པའི་ཐོག་ནས་ལན་ཆ་བྱས་ཏེ། དབུས་ཤར་ས་ཁུལ་དེ་ཉིད་དར་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་ཁྱོན་ཡོངས་ནས་བསྐྱོད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། དབུས་ཤར་གྱི་སྣ་མང་རང་བཞིན་དེ་ཉིད་ས་ཁུལ་གྱི་གསོན་ཤུགས་ཀྱི་འབྱུང་རྩར་འགྱུར་བ་བྱ་དགོས་པ་དང་། རྒྱལ་ཁབ་སོ་སོའི་རྒྱལ་ཚུལ་གྱི་ཧེ་བག་དང་། རང་བརྟེན་གདམ་ཁར་བརྩི་འཇོག་བྱ་དགོས། ཕན་ཚུན་འདྲ་མཉམ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་རྒྱུན་འཁྱོངས་བྱ་དགོས་པ། ཐུན་མོང་དང་། ཕྱོགས་སྡུད། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་སྐྲུན་དགོས། གོང་འཕེལ་ནི་དབུས་ཤར་གྱི་གནད་དོན་མང་པོ་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་པས། ཕྱོགས་ཁག་གིས་བསམ་པ་འབྲེལ་བའི་མཉམ་ལས་སྔ་ཕྱི་བར་གསུམ་དུ་བྱ་དགོས་པ་དང་། མཉམ་རྒྱལ་གྱི་ཐད་ཤུགས་སྣོན་མང་ཙམ་རྒྱག་པ། ཕན་ཚུན་བཟང་ཆ་གསབ་རེས་བྱེད་པ། དར་རྒྱས་མཉམ་སྤྱོད་བྱ་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་ཁག་གིས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་ལ་བརྩི་བཀུར་དང་། ཕ་ལི་སི་ཐན་གྱི་གནད་དོན་དྲང་གཞག་སྒོ་ནས་ཐག་གཅོད་བྱ་དགོས་པའི་རེ་འབོད་གནང་བ་དང་། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དང་། ཨ་རབ་ཀྱི་ཞི་བདེའི་གྲོས་ཆོད་རྨང་གཞིར་བྱས་ཏེ། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་གྲོས་བྱ་དཀའ་བྱེད་གཏད་ཀྱི་གནས་སྟངས་ལས་གང་མགྱོགས་གྲོལ་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཏོན་གནང་ཡོད་པ་དང་།
            ཞི་ཅིན་ཕིང་གིས་མཇུག་ཏུ། ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ལས་ཀ་མང་པོ་བྱ་རྒྱུ་ཡོད། དུས་རབས་གསར་པའི་ཀྲུང་ཨའི་འབྲེལ་བའི་གོང་འཕེལ་དང་འཚམ་པ་བྱ་དགོས་པ་དང་། གླེང་སྟེགས་ཀྱི་འཛུགས་སྐྱོང་ལ་རྣམ་པ་གསར་པ་དང་། བྱས་རྗེས་གསར་པ་ཡོད་དགོས། སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་ནས་ཕྱོགས་གཉིས་པོའི་བསམ་བློའི་འབྲེལ་འདྲིས་ཐུབ་ས་མང་པོ་ཡོད་པ་བྱ་དགོས། ང་ཚོས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གོམ་པ་རེ་རེ་ བཞིན་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཨ་རབ་མི་རིགས་ཆེན་པོ་གཉིས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་དང་། ཀྲུང་གོ་དང་ཨ་རབ་ཀྱི་ཁེ་ཕན་དང་ལས་དབང་ཐུན་མོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཆེདའབད་འཐབ་ལྷོད་མེད་བྱ་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།
            ཁོ་ཝེ་ཐེའི་རྒྱལ་པོ་ས་པ་ཧེས། གྲོས་ཚོགས་ཐོག་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཕྱོགས་ཀྱི་ཀྲུའུ་ཞི། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེ་འར་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེ་ནས་ཁག་སོ་སོར་ཤིས་ཚིག་གསུངས་ཡོད། ཁོང་ཚོས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད་པ་དང་། ཨ་ཀྲུང་བར་གྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པ་དང་།ཨ་རབ་རྒྱལ་ཁབ་ཀྱིས་མཉམ་སྡེབ་ཐོག་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཞུགས་འདོད་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་ལས་དབང་ཐུན་མོང་མ་ལག་སྐྲུན་རྒྱུར་མོས་མཐུན་ཡོད་ཅིང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གི་འདོད་ཚུལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་འཁོད་ཡོད། ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དམིགས་ཡུལ་དང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་གནང་ནས། ཀྲུང་གོ་ནི་བློས་འགེལ་ཆོག་པའི་རོགས་པ་ཞིག་ལ་བརྩི་རྒྱུ་ཡིན། དབུས་ཤར་གྱི་ཞི་བདེ་དང་བདེ་འཇགས་ལ་འཕྲད་པའི་ཛ་དྲག་འགྲན་རྩོད་ཀྱི་དུས་བབ་འོག ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ནས། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་། དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། ལག་གདང་འབྲེལ་ནས་དུས་རབས་གསར་པའི་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་འཐབ་ཇུས་རོགས་པའི་འབྲེལ་བར་སྐུལ་སྤེལ་བྱ་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཡང་ཅེ་ཁྲེ་སོགས་ཚོགས་འདུར་ཕེབས་ཞུགས་གནང་ཡོད་པ་དང་། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཡོད་པ་རེད།
            འགོ་ཚུགས་མཛད་སྒོ་མ་ཚུགས་གོང་། ཞི་ཅིན་ཕིང་གིས་ཁོ་ཝེ་ཐེའི་རྒྱལ་པོ་དང་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད།
            ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་སྤྱི་ཟླ་༧པའི་ཚེས་༡༠ཉིན་པེ་ཅིང་དུ་སྐོང་འཚོག་བྱས་ཡོད། ཚོགས་འདུས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་། ཐུན་མོང་ཐོག་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འཐབ་ཇུས་རོགས་པའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཞེས་པས་བརྗོད་བྱ་གཙོ་བོ་བྱས་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྐུ་ཚབ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་དང་དེ་བཞིན་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་སོགས་མི་སྣ་༣༠༠ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།