གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ཨ་པུའུ་ཀྲ་པེ་ལ་ཐོན་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

སྤེལ་དུས 2018-07-20 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

           ཟླ7པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨ་པུའུ་ཀྲ་པེ་ལ་ཐོན་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་ཡིས་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་བསྡུས། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་དང་། ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་གཉིས་ཀྱི་འགྲོ་རོགས་འོག་ཏུ་གཟིགས་ཞིབ་ཚོམས་ཆེན་དུ་ཕེབས་པའི་ཚུལ་རེད།
           འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་དང་། ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་གཉིས་དང་མཉམ་དུ་གཟིགས་ཞིབ་སྟེགས་བུའི་སྟེང་ཡོད་པའི་ཚུལ་རེད།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་ཚེས་བཅུ་དགུ་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨ་པུའུ་ཀྲ་པེ་ལ་ཐོན་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
           ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བར་སྣང་དུ་ཐོན་པ་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་བཅུ་གཉིས་སྲུང་སྐྱོབ་བྱེད་པར་ཐོན། ས་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཞི་བཅུའི་སྟེང་། ཆེད་བཏང་གནམ་གྲུ་ཨ་པུའུ་ཀྲ་པེའི་ཙུང་ཐུང་གནམ་གྲུ་ཐང་དུ་བབས། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་གནམ་གྲུའི་སྒོ་ལས་ཐོན་པ་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་དང་། ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་བྱས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བྱིས་པས་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ལ་མེ་ཏོག་ཕུལ།
           ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་ཡིས་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་བསྡུས།
           ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏུ་དང་། རྒྱལ་རྒྱུད་མུའུ་ཧན་མོ་ཏི་གཉིས་ཀྱི་འགྲོ་རོགས་འོག་ཏུ་མཇལ་འཕྲད་ཚོམས་ཁང་དུ་ཕེབས་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་དོན་པུའུ་ཀྲང་གཙོ་བོ་དང་གོང་མ་ཚང་གི་ཁོམས་མི་གལ་ཆེན་སོགས་ལ་ཕྱག་འཇུ་གནང་། ཞི་ཅིན་ཕིང་གིས་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་དང་རྒྱལ་རྒྱུད་མུའུ་ཧན་མོ་ཏི་གཉིས་ལ་བརྩེ་བའི་གསུང་གླེང་མཛད།
           ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་སོ་བཞི་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དུས་རྟག་ཏུ་ཕན་ཚུན་ལ་བརྩི་བཀུར་བྱས་པ་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ཞིང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་པོར་གོང་འཕེལ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ངས་ཐེངས་འདིར་འཚམས་འདྲི་བྱེད་ཡུལ་ཐོག་མ་ཡིན་ལ། ངས་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་འཚམས་འདྲིར་ཡོང་བའི་རྒྱལ་ཁབ་ཐོག་མ་ཡང་ཡིན། འདིས་ཀྲུང་གོས་ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་པ་མཚོན། ངས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱེད་པར་རེ་སྒུག་བྱས་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཐེངས་འདིའི་འཚམས་འདྲི་ལེགས་འགྲུབ་བྱང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།
           ཙུང་ཐུང་གཞོན་པ་དང་ཙུའུ་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་དང་རྒྱལ་རྒྱུད་མུའུ་ཧན་མོ་ཏི་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཐོན་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་དམངས་ཀྱི་གྲོགས་པོ་བཟང་པོ་དང་གྲོགས་པོ་རྙིང་པ་ཡིན་ལ། ཨ་རབ་ཕྱོགས་ཀྱི་ལས་རིགས་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་གལ་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ལ་རེ་ལྟོས་ཆེན་པོ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིས་ཨ་རབ་དང་ཀྲུང་གོའི་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།
           ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་གནམ་གྲུ་གཅིག་ཏུ་བསྡད་ནས་ཨ་པུའུ་ཀྲ་པེ་ལ་ཐོན།