གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་དང་ཝུ་ཀན་ཏའི་ཙུང་ཐུང་གཉིས་ལ་མཇལ་འཕྲད་གནང་།

སྤེལ་དུས 2018-09-07 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ་དགུ་པའི་ཚེས་དྲུག་ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་་མི་དམངས་ཚོགས་ཁང་ཆེན་མོ་ནང་ཝུའུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝེ་ཉི་ལ་མཇལ་འཕྲད་གནང་།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་པའི་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནང་ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏུ་ལཱ་དང་ཝུའུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝེ་ཉི་གཉིས་ལ་མཇལ་འཕྲད་གནང་།
          ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏུ་ལཱར་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་ཨ་ཧྥེ་རི་ཁ་དབུས་མའི་ཞི་བདེ་རྒྱུད་རིམ་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ཡུན་རིང་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་སྟེང་གྲུབ་འབྲས་གསར་བ་ལེན་པའི་སྨོན་འདུན་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མའི་བར་གྱི་ཆབ་སྲིད་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་བར་གྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ། ཨ་ཧྥེ་རི་ཁ་དབུས་མའི་འབྲུ་རིགས་བདེ་འཇགས་དང་མི་དམངས་ཀྱི་འཚོ་བ་ལེགས་བསྒྱུར་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་པར་མ་ཟད། མུ་མཐུད་དུ་ཨ་ཧྥེ་རི་ཁ་དབུས་མར་སྨན་བཅོས་རུ་ཁག་མངག་གཏོང་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་མང་པོ་རྩ་འཛུགས་བྱས་ནས་ཨ་ཧྥེ་རི་ཁ་དབུས་མའི་ཆེད་དུ་བདེན་འཛིན་དྲང་གཏམ་བཤད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མའི་ཞི་བདེ་བསྐྱར་འཛུགས་བརྒྱུད་རིམ་ཐད་སྔར་ལས་དོ་སྣང་དང་དངུལ་གཏོང་བྱེད་པར་སྐུལ་འདེད་བཏང་སྟེ། འཛུགས་སྐྲུན་རང་བཞིན་ལྡན་པའི་རོགས་རམ་སྔར་ལས་མང་པོ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
          མཇལ་འཕྲད་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཡིས་མཉམ་དུ་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།
          ཝུའུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝེ་ཉི་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་གསུངས་རྒྱུར། སྐུ་ཞབས་ཙུང་ཐུང་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ཡུན་རིང་གི་སྐུལ་འདེད་པ་དང་ཟབ་ཞུགས་པ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་འཛུགས་སྐྲུན་ཐད་བྱས་རྗེས་གལ་ཆེན་བཞག སྔོན་ཏག་ཏག་ལ། ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཡེའོ་ཧན་ནེ་སི་པའོ་ནས་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཝུའུ་ཀན་ཏའི་འབྲེལ་བའི་ཐད་ནས་ཐུན་མོང་གི་ལྟ་བ་གསར་བ་མང་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་ཝང་ཀན་ཏ་ཨ་ཧྥེ་རི་ཁའི་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩི་བ་དང་། ཝུའུ་ཀན་ཏ་ཕྱོགས་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་པེ་ཅིན་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་རྒྱུ་དེ་གོ་སྐབས་ཏུ་བརྩིས་ནས། རྒྱལ་སྐྱོང་སྲིད་འཛིན་དང་ལྷག་པར་དུ་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ། ཝུའུ་ཀན་ཏར་རོགས་བྱས་ནས་བཟོ་ལས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དམངས་ཚིས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ང་ཚོས་ཝུའུ་ཀན་ཏས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་བརྗེ་རེས་དང་མཐུན་སྦྱོར་དམ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
          མཇལ་འཕྲད་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།