གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

སྤེལ་དུས 2018-09-10 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
            ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུང་རྒྱུར། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་སྐབས་འདིར། ངས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས། ང་རང་ཉིད་བཅས་ཀྱི་ཚབ་བྱས་ཏེ། ཨུ་ཡོན་ཀྲང་བློ་མཐུན་དང་ཁྱེད་རང་བརྒྱུད་ནས་ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་སྲིད་གཞུང་། ཁྲའོ་ཞན་མི་དམངས་བཅས་ལ་ལྷག་བསམ་འཁོལ་བའི་ངང་ནས་རྟེན་འབྲེལ་དང་སྙིང་ཉེ་བའི་སྨོན་འདུན་ཞུས་པ་ཡིན་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་རིང་ལ། ཁྲའོ་ཞན་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་ཁྲོད་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཉེ་བའི་ལོ་འགའི་རིང་ལ་ཨུ་ཡོན་ཀྲང་བློ་མཐུན་གྱིས་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་ནས་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་མ་ཟད་གྲུབ་འབྲས་གལ་ཆེན་བླངས་ནས། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་སུ་སོང་ནས་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པས། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། 
            ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་གཉིས་ནི་རི་ཆུ་གཅིག་སྦྲེལ་བའི་གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་བཟང་བོ་ཡིན། ཀྲུང་གོ་དང་ཁྲའོ་ཞན་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་སྐུ་དངོས་སུ་གསར་སྐྲུན་དང་སེམས་ཞིབ་མོས་གསོ་སྐྱོང་བྱས་པ་ཡིན་ལ། དེ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡིན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་སྲུང་སྐྱོང་བཟང་བོ་དང་སྲ་བརྟན། འཕེལ་རྒྱས་བཅས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགྱུར་བ་མེད་པའི་བྱེད་ཕྱོགས་ཡིན། ད་ལོར་བདག་གིས་ཨུ་ཡོན་ཀྲང་བློ་མཐུན་དང་ཐེངས་གསུམ་ལ་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་སྔར་ལས་གཏན་འཁེལ་གསལ་བོ་བྱས། བདག་གིས་ཨུ་ཡོན་ཀྲང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་གཏན་འཇགས་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད། ཁྲའོ་ཞན་མི་དམངས་ཀྱིས་ཨུ་ཡོན་ཀྲང་བློ་མཐུན་འགོ་གཙོ་ཡིན་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་ཏུ་རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་གྱི་ལས་དོན་ཁྲོད་གྲུབ་འབྲས་སྔར་ལས་བཟང་བོ་ལེན་པ་དང་། ཁྲོའ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཡོང་བར་སེམས་གཏིང་ནས་སྨོན་འདུན་ཞུ་བཞིན་ཡོད་ཟེར།