གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་འཛམ་གླིང་སྤྱི་པའི་ཚན་རིག་བྱང་ཚད་ཡར་སྐུལ་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

སྤེལ་དུས 2018-09-18 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་སྤྱི་པའི་ཚན་རིག་བྱང་ཚད་ཡར་སྐུལ་ཚོགས་ཆེན་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
          ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་དང་པོ་ཡིན་ལ། གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་དང་པོ་ཡིན། དེང་སྐབས། འཛམ་གླིང་གི་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་ཡར་སྐྱེད་དང་དར་རྒྱས་བྱུང་ནས། འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པར་ཤན་ཤུགས་ཟབ་མོ་ཐེབས་བཞིན་པ་དང་། མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་འབྱུང་དུ་འཇུག་བཞིན་ཡོད། ཚན་རྩལ་ཐོན་ལས་ལས་རིགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་མཐུན་སྦྱོར་གསར་གཏོད་ལ་ཤུགས་བསྣན་ནས། རྒྱལ་ཁབ་སོ་སོའི་སྒོ་འབྱེད་མཉམ་ལས་ལ་ཡར་སྐུལ་བྱེད་པ་ནི། ཚན་རྩལ་འཕེལ་རྒྱས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དུ་འཇུག་པའི་ཐབས་ལམ་གལ་ཆེན་ཡིན་ཟེར།
          ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཚན་རིག་ཁྱབ་གདལ་དུ་བཏང་ནས། རྒྱ་ཆེའི་མི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོས་ཧུར་ཐག་གིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་དུ་ཚན་རིག་ཁྱབ་གདལ་བརྗེ་རེས་བྱེད་པ་དང་། མི་དམངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་སོང་བའི་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་དང་དར་རྒྱས་ཀྱི་འཛམ་གླིང་མཉམ་བསྐྲུན་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན། སྐུ་མགྲོན་རྣམ་པས་ཐེངས་འདིའི་ཚོགས་ཆེན་གྱི་སྐབས་སུ་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ཚན་རིག་དགོངས་དོན་དར་སྤེལ་བྱེད་པ། ཚན་རིག་དགོངས་པ་བརྒྱུད་སྤེལ་བྱེད་པ་དང་། ཚན་རིག་བྱེད་ཐབས་དར་སྤེལ་བྱེད་པ་བཅས་ཀྱི་ཐད་ནས་ཕན་ཚུན་བརྗེ་རེས་དང་སློབ་སྦྱོང་བྱས་ཏེ། སྤྱི་པའི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བ་དང་། ཚན་རིག་ཕན་འབྲས་མཉམ་སྤྱོད་བྱེད་པར་ཡར་སྐུལ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་འཇོག་རྒྱུ་ནི་རེ་བ་ཡིན་ཟེར།