གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གིས་བུ་བཅོལ་ཁང་གི“སློབ་ཆུང་ཅན”བཅོས་སྐྱོང་བྱེད་པའི་ལས་ཀའི་ཇུས་གཞི་བཀྲམ་པ།

སྤེལ་དུས 2018-10-12 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་7པར། སློབ་གསོ་པུས་《བུ་བཅོལ་ཁང“སློབ་ཆུང་ཅན”གྱི་ཆེད་དོན་བཅོས་སྐྱོང་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་ལ“བརྡ་ཐོ”ཞེས་བསྡུ་རྒྱུ)བཀྲམ་ཚུན། མིག་སྔའི་བར། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གིས་ལས་ཀའི་ཇུས་གཞི་བཀྲམ་ནས་རྩ་ལག་མཉམ་བཅོས་དང་འགོག་བཅོས་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།
           ཉེ་བའི་ལོ་ཤས་རིང་། བུ་བཅོལ་ཁང་འགའ་ཤས“སློབ་ཆུང་ཅན”ལ་གྱུར་ཚབས་ཆེ་ཙམ་ཡོད་པ་དེ་སློབ་གསོའི་ཆོས་ཉིད་ལས་འགལ་ནས་ཕྲུ་གུའི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། དེར་བརྟེན་བརྡ་ཐོའི་ནང་སློབ་ཆུང་སློབ་ཚན་གྱི་ནང་དོན་སློབ་ཁྲིད་གཏན་འགོག་དང་། “སློབ་ཆུང་ཅན”གྱི་སློབ་གསོ་གཏོང་སྟངས་ཡོ་བསྲང་། “སློབ་ཆུང་ཅན”གྱི་སློབ་གསོའི་ཁོར་ཡུག་བཅོས་སྒྲིག དགེ་རྒན་གྱི་གནས་བབ་དང་ཐོབ་ཐང་ནུས་པ་ཚད་གཞི་མ་ལོན་རིགས་ཐག་གཅོད། སློབ་ཆུང་གིས་འགོ་འཛུགས་ས་གསར་པའི་སློབ་ཁྲིད་མཐའ་འཁྱོངས་སོགས་ཀྱི་ནང་དོན་གཙོ་བོར་དམིགས་ནས་ཆེད་དོན་བཅོས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
           གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“སློབ་ཆུང་ཅན”ཐབས་མང་མཉམ་སྤྱོད་ཀྱི་སྒོ་ནས་བཅོས་སྐྱོང་བྱས་ཤིང་། ཅང་ཤིས་ཞིང་ཆེན་གྱིས་གནད་དོན་གྱི་རྩིས་ཐོ་སུབ་པའི་ལམ་ལུགས་བཟོ་བ་དང“སློབ་ཆུང་ཅན”བཅོས་སྐྱོང་གི་རང་བཤེར་རེའུ་མིག་དང་སྤྱི་བསྡོམས་རེའུ་མིག་བཟོས་ཏེ་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཅས་ལ་རང་བཤེར་མཐིལ་རྟོགས་དང་། ཚད་གཞི་ལྟར་རེའུ་མིག་དང་བསྡུར་ནས་ལྷག་པའི“སློབ་ཆུང་ཅན”གྱི་གནད་དོན་རེ་རེ་བཞིན་ཐོ་བཀོད་དང་དག་ཐེར་གསལ་ཐོ་བཟོས་ནས་ཆད་འཇོག་རྩིས་ཐོ་སུབ་པའི་དོ་དམ་ལག་བསྟར་བྱེད་པ་དང་ཆབས་ཅིག “སློབ་ཆུང་ཅན”མེད་པར་བཟོ་རྒྱུ་དེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་བུ་བཅོལ་ཁང་གི་དཔྱད་དཔོག་ཚད་གཞི་དང་ལྟ་སྐུལ་སློབ་སྟོན་གྱི་དཔྱད་དཔོག་ནང་དོན་ལ་འཇུག་དགོས་པའི་བླང་བྱ་བཏོན་ཡོད། ཧུའུ་པེ་དང་ཧུའུ་ནན་སོགས་ཞིང་ཆེན་གྱིས་མིང་ཐོ་ནག་པོའི་ལམ་ལུགས་ལག་བསྟར་བྱས་ཏེ“སློབ་ཆུང་ཅན”གྱི་གནད་དོན་ཚབས་ཆེན་དང་གཙང་སེལ་བཅོས་སྐྱོང་བྱས་ཀྱང་ད་དུང་ཚད་གཞི་མ་ལོངས་པའི་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཅས་སོ་སོར་མིང་ཐོ་ནག་པོ་བཟོས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ། ནང་སོག་རང་སྐྱོང་ལྗོངས་ཀྱིས་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཅས་ལ་ཆེད་དོན་བཅོས་སྐྱོང་གི་ཐེར་འདོན་ཁ་པར་དང་ཡིག་སྒམ་བཙུགས་ནས་སྤྱི་ཚོགས་ཞུགས་རྒྱུར་སྐོང་འཐེན་གྱིས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པ། ཅང་སུའུ་ཞིང་ཆེན་གྱིས་ཞིང་ཆེན་དེ་གའི་བུ་བཅོལ་ཁང་གི་སྒྲ་སྦྱོར་སློབ་ཁྲིད་དང་། ཡི་གེ་སློབ་པ། དེ་བཞིན་གཅིག་སྡུད་སློབ་ཚན་ཁྲིད་པ་སོགས་ཀྱི“སློབ་ཆུང་ཅན”གཞི་རྩའི་ཆ་ནས་མེད་པར་བཟོ་བའི་དོན་དངོས་ལ་གཞིགས་ནས། བུ་བཅོལ་ཁང་འགའ་ཤས་ལ་ལྷག་པའི་བྱེད་སྒོའི་ནང་དོན་དང་དུས་ཚོད་དང་། ཚན་ཞིབ་ལས་དོན་གཅིག་གྱུར་བཟོས་ཏེ་ཕྲུ་གུའི་རྒྱུན་གཏན་གྱི་རོལ་རྩེད་དང་འཚོ་བ་སྣང་མེད་དུ་བཏང་བ་དང་དགེ་རྒན་གྱི་ཐོབ་ཐང་ཞིབ་བཤེར་བྱེད་པའི་ལས་དོན་གཙོ་བོ“སློབ་ཚན་འགྲན་བསྡུར”ལ་བརྩི་བ་སོགས་མངོན་ཆུང་གི“སློབ་ཆུང་ཅན”གྱི་མཚོན་ཚུལ་དག་བཅོས་སྐྱོང་གི་ནང་དོན་ལ་བརྩིས་ཏེ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་བྱས་པ་རེད།
           དམངས་བཙུགས་བུ་བཅོལ་ཁང་དང་གྲོང་གསེབ་སློབ་ཆུང་དུ་སློབ་ཞུགས་གོང་གི་འཛིན་གྲྭ་ཞོར་ལ་བཙུགས་པ་ནི“སློབ་ཆུང་ཅན”ཚབས་ཆེ་བའི་གནས་ཚུལ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་ཁག་གིས་ཉམས་ཞན་བུ་བཅོལ་ཁང་དེ་དག་ལ་གཙོ་གནད་དུ་དམིགས་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་དང་ཚད་ལྡན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། ཡུན་ནན་ཞིང་ཆེན་གྱིས་2020ལོའི་གོང་དུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་དོན་མ་དངུལ་སྤྱད་དེ་ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་སློབ་ཆུང་དུ་ཞོར་ལ་བཙུགས་པའི་སློབ་ཞུགས་གོང་གི་འཛིན་གྲྭ་ཚང་མ་རང་ཚུགས་དང་བུ་བཅོལ་ཁང་གཉེར་ཡུལ་བལྟོས་བཅས་གཏན་འཇགས་ཡིན་པའི་བུ་བཅོལ་ཁང་ལ་རྒྱས་སྐྲུན་བྱ་རྒྱུ་ཡིན་པ་དང་། ཧའེ་ནན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་སློབ་ཆུང་དུ་ཞོར་ལ་བཙུགས་པའི་སློབ་ཞུགས་གོང་གི་འཛིན་གྲྭའི་ཉལ་ཁང་དང་། དགེ་རྒན་གྱི་དཔུང་ཁག བུ་གསོའི་ལས་དོན། ངལ་གསོ་དང་ཟ་མ་ཟ་བ། འགྲོ་གྲོན་གཏོང་ལེན་དོ་དམ་བཅས“རང་ཚུགས་ལྔའི”བླང་བྱ་བཏོན་པ་དང་ཆབས་ཅིག “སློབ་ཆུང་ཅན”བཅོས་སྐྱོང་བྱེད་པའི་འབྲེལ་ཡོད་ནང་དོན་བུ་བཅོལ་ཁང་གཉེར་བའི་གཞི་རྩའི་ཆ་རྐྱེན་ནང་བཅུག་ནས་ཞིབ་བཤེར་ཆོག་མཆན་དང་ལོ་བཤེར་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཐོ་འགོད་བྱས་མེད་པའི་དམངས་བཙུགས་བུ་བཅོལ་ཁང་དུས་བཀག་ལྟར་གཙང་བཤེར་དང་དག་ཐེར་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད། ཀོང་ཤིས་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་སློབ་ཆུང་དུ་ཞོར་ལ་བཙུགས་པའི་བྱིས་པའི་འཛིན་གྲྭ་དང་། བྱིས་པའི་སློབ་ཁྲིད་ས་ཚིགས། ལྟ་སྐྱོང་ས་ཚིགས། དེ་བཞིན་བུ་བཅོལ་ཁང་གཉེར་བའི་ཆོག་འཐུས་ལག་ཁྱེར་རག་མེད་པའི་བུ་བཅོལ་ཁང་བཅས་ཚང་མ་བཅོས་སྐྱོང་གི་ཁྱབ་ཁོངས་སུ་འཇུག་དགོས་ལུགས་ཁ་གསལ་བཏོན་ཡོད་པ་རེད།
           དོ་སྣང་བྱེད་འོས་པ་ཞིག་ནི་བུ་བཅོལ་ཁང་གི“སློབ་ཆུང་ཅན”གཅིག་སྡུད་ཐོག་བཅོས་སྐྱོང་བྱེད་པ་དང་ཆབས་ཅིག ས་ཁུལ་མང་པོ་ཞིག་གིས་སློབ་ཆུང་དང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་དག་གྲལ་བཤེར་ཁྱབ་ཁོངས་སུ་བཅུག་ནས་མཉམ་དུ་བཅོས་སྐྱོང་བྱེད་རྒྱུ་དེ་རེད། ཧྲན་ཏུང་ཞིང་ཆེན་གྱིས་《སློབ་ཆུང་ལོ་རིམ་དང་པོའི“འགོ་འཛུགས་ས་གསར་པའི”སློབ་ཁྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་ནས། སློབ་ཆུང་ལོ་རིམ་དང་པོའི་སྐད་ཡིག་དང་ཨང་རྩིས་ཀྱི“འགོ་འཛུགས་ས་གསར་པའི”སློབ་ཁྲིད་ཚད་གཞི་ཁ་གསལ་བཟོས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)གི་སློབ་གསོ་སྡེ་ཚན་དང་། སློབ་ཆུང་གི་སློབ་སྤྱི། སློབ་ཆུང་ལོ་རིམ་དང་པོའི་རིག་གནས་དགེ་རྒན་བཅས་དང་རིམ་པ་བཞིན་ཁས་ལེན་ཡི་གེ་བཞག་ནས་རྒྱལ་ཁབ་དང་ཞིང་ཆེན་གྱིས་སློབ་ཚན་གཏན་འཁེལ་བྱས་པའི་སློབ་ཁྲིད་ཚད་གཞིར་ནན་པོར་གཞིགས་ནས། སློབ་ཁྲིད་བྱས་ཏེ་སློབ་ཆུང་ལོ་རིམ་དང་པོའི་སློབ་གཉེར་ཚད་ལྡན་གྱི་གནས་ཚུལ་དེ་གྲོང་ཁྱེར་དང་རྫོང་གི་མང་ཚོགས་བློ་ཡིད་ཚིམ་ཚད་ལ་གདེང་འཇོག་བྱེད་པ་དང་། སློབ་སྤྱིའི་འགན་རིམ་ལམ་ལུགས་ལ་དཔྱད་ཞིབ་བྱེད་པ། ཤེས་དཔལ་ལྡན་པའི་སློབ་གྲྭར་དཔྱད་འདེམས་བྱེད་པ། དགེ་རྒན་ལ་དཔྱད་འདེམས་ལེགས་འདེམས་བྱེད་པ་བཅས་དང་ཟུང་འབྲེལ་བྱེད་དགོས་པ་ཁ་གསལ་བཏོན་ཡོད། ཅང་སུའུ་ཞིང་ཆེན་གྱིས་བྱིས་པའི་གསོ་སྦྱོང“སློབ་ཆུང་ཅན”སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ཆེད་དོན་བཅོས་སྐྱོང་ལས་དོན་ནང་བཅུག་ནས་བྱིས་པ་དང་འབྲེལ་བ་ཡོད་པའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ཞིབ་བཤེར་ཆོག་མཆན་འགོད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་ཚད་མ་ལོངས་པའི་བྱིས་པར་རིག་གནས་རིགས་ཀྱི་གསོ་སྦྱོང་བྱེད་མི་རུང་བ་དང་། གསོ་སྦྱོང་འཛིན་གྲྭའི་འཛིན་གྲྭ་དང་། ནང་དོན། སློབ་མ་བསྡུ་ཡུལ། སློབ་ཁྲིད་དུས་ཚོད་སོགས་ངེས་པར་དུ་ས་གནས་དེ་གའི་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་ཞིབ་མཆན་བཀོད་དེ་ཐོ་འགོད་སྙན་སེང་ཞུ་བ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་ཀྱང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།