མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཀྱི་འཐུས་མི་སྐོར་ཞིག་གི་བཞུགས་མོལ་ཚོགས་འདུ་བསྡུས།

སྤེལ་དུས 2018-10-26 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་་པེ་ཅིན་ནས་འགོ་མཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་གི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འཐུས་མི་ཚོས་དམངས་ཆེན་བྱ་བ་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཐད་ནས་བཏོན་པའི་བསམ་འཆར་ལ་ཉན།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་འགོ་མཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་གི་བཞུགས་མོལ་ཚོགས་འདུ་བསྡུས་ནས། འཐུས་མི་ཚོས་དམངས་ཆེན་བྱ་བ་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཐད་ནས་བཏོན་པའི་བསམ་འཆར་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནམ་ཡང་ཏང་དང་མི་དམངས་ཀྱི་མངག་བཅོལ་སེམས་སུ་བརྟན་པོར་འཛིན་པ། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་བོ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས། མང་ཚོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མི་དམངས་ཡིན་ལ། རྩ་བ་མང་ཚོགས་ཁྲོད་ཟུག་ཡོད་པའི་ཁྱད་ཆོས་འདོན་སྤེལ་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་བླ་མེད་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་ཟེར།
           རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ང་དྲུག་བཞུགས་མོལ་ཚོགས་འདུར་ཞུགས། འཐུས་མི་ཚོས་ལང་ལོང་གིས་གཏམ་བཤད་སྤེལ་བ་དང་། འགན་སྒྲུབ་ལག་ལེན་དང་གཞི་རིམ་རྟོག་ཞིབ་ཀྱི་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས། མྱོང་ཚོར་གླེང་བ་དང་གྲོས་གཞི་བཏོན། ལི་ཀྲན་ཧྲུའུ་ཡིས་ཚང་མ་དང་བརྗེ་རེས་བགྲོ་གླེང་མཛད། ཁོང་གིས་གསུང་རྒྱུར། དམངས་འཐུས་ཚོགས་ཆེན་རྒྱུན་ལས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བྱེད་པའི་རྐྱེན་སྲོལ་ནི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ལ་འབྲེལ་འདྲིས་དང་ལྟ་སྐུལ་དང་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ལ་མཚོན་ན་གཞི་རིམ་གྱི་གནས་ཚུལ་དངོས་ལ་ཆ་རྒྱུས་ཡོད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་རྩ་ཁྲིམས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ཐད་རྒྱུས་ལོན་ཟབ་མོ་བྱས་ཡོད་ལ། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་རེ་སྒུག་ལ་གསལ་ཆ་ཡོད་པས། གཞི་རིམ་གྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་དང་གྲོས་གཞི་ཡར་ཞུ་བྱས་ནས། རྒྱལ་ཁབ་ལས་ཁུངས་ཀྱི་ལེགས་བསྒྱུར་བྱ་བར་སྐུལ་འདེད་གཏོང་ཐུབ་ཟེར།
           ལི་ཀྲན་ཧྲུའུ་ཡིས་བསྟན་དོན། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ནི་གཟི་བརྗིད་ལྡན་པའི་མིང་རྟགས་ཤིག་ཡིན་ལ། ལྗོད་ཏིག་ཏིག་གི་འགན་འཁྲི་ཡང་ཡིན་པས། འཐུས་མི་ཚོགས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་རྒྱུ་དེ་ནུས་པ་འདོན་སྤེལ་དང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་གཞི་རྩའི་ནུས་རྩལ་དུ་བརྩིས་ནས། བྱེད་ཐབས་སྣ་ཚོགས་དང་རྣམ་པ་མི་འདྲ་བ་བརྒྱུད་དེ་བརྟག་བཤེར་ཞིབ་འཇུག་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། མི་དམངས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདོད་ལ་རྒྱུས་ལོན་གསལ་བོ་བྱེད་པ། མི་དམངས་མང་ཚོགས་ཀྱི་བློ་རིག་བསྡུ་ལེན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པའི་ལྕགས་ཟམ་དང་སྦྲེལ་ཐག་ལྟ་བུ་བྱེད་དགོས་ཟེར།
           ལི་ཀྲན་ཧྲུའུ་ཡིས་འཐུས་མི་ཚོས་མི་དམངས་ཀྱི་འདོད་བློ་ཡར་ཞུ་བྱེད་པ་དང་མི་དམངས་ཀྱི་བློ་རིག་གཅིག་ཏུ་བསྡུ་བ། མི་དམངས་ཀྱི་ཚབ་བྱས་ནས་འགན་དབང་ལག་བསྟར་བྱེད་དགོས་པ་དང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཐད་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
           ཝང་ཁྲིན་བཞུགས་མོལ་ཚོགས་འདུར་ཞུགས།