མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་ཆི་ཧྲན་གྱིས་ཨེ་ཅིབ་ལ་འཚམས་འདྲི་མཛད།

སྤེལ་དུས 2018-10-29 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ10པའི་ཚེས25ཉིན་ནས་ཚེས27ཉིན་བར། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཨེ་ཅིབ་ལ་འཚམས་འདྲི་མཛད། འདི་ནི་ཟླ10པའ་ཚེས27ཉིན། ཝང་ཆི་ཧྲན་གྱིས་ཁའེ་ལོ་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་བའི་ཚུལ་རེད།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཨེ་ཅིབ་ལ་འཚམས་འདྲི་མཛད་པ་དང་། ཁའེ་ལོ་ནས་སོ་སོར་ཙུང་ཐུང་སའེ་ཞི་དང་ཙུང་ལི་མཱ་ཏི་པུའུ་ལེ་གཉིས་ལ་མཇལ་འཕྲད་གནང་། ཝང་ཆི་ཧྲན་ཁའེ་ལོ་ལ་ཐོན་སྐབས་མཱ་ཏི་པུའུ་ལེ་གནམ་གྲུ་ཐང་དུ་ཡོང་ནས་བསུ་བ་བྱས་པར་མ་ཟད་ཝང་ཆི་ཧྲན་ལ་དགའ་བསུའི་མཛད་སྒོ་བསྡུས།
          སའེ་ཞི་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་གཉི་ག་བདེ་སྐྱིད་དང་དཀའ་ཁག་གཉི་གར་འཕྲད་མྱོང་ལ། གནའ་བོའི་ཤེས་རིག་གི་འཛིན་སྤེལ་ནི་ང་ཚོ་ཐུན་མོང་གི་བརྗོད་གཞི་ཡིན། གཏན་འཇགས་སྲུང་འཛིན་བྱེད་པ་དང་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདོད་བསྐོང་བ་དང་། མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ང་ཚོའི་ཐུན་མོང་གི་འཚོལ་སྙེག་ཡིན། རྒྱལ་ཁབ་གཉི་གར་ཡོངས་ཁྱབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱ་ཆེ་བའི་མཉམ་ལས་བར་སྟོང་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱི་ཐུན་མོང་གི་ཁྲིད་སྟོན་འོག་ཏུ། ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་བྱུང་། ཟླ་སྔོན་མར། སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཕུན་སུམ་ཚོགས་པ་མཛད་པར་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་བར་དུ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་དངོས་གཉེར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་སོང་། ཀྲུང་གོས་ཨེ་ཅིབ་བར་དུ་ལོ་རྒྱུས་དང་དངོས་ཡོད་ཐད་ཀྱི་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ། མ་འོངས་པར་མཉམ་དུ་འཆར་འགོད་བྱེད་པ་བཅས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཏུ། འབྱོར་འཚོང་དང་ཐོན་ནུས་མཉམ་ལས། མི་ཆོས་བརྗེ་རེས་བཅས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ཀྲུང་གོའི་ཁེ་ལས་ཨེ་ཅིབ་ལ་དངུལ་གཏོང་ལས་སྤེལ་བྱེད་དུ་འགྲོ་བར་སྐུལ་མ་གཏོང་རྒྱུ་མ་ཟད། ཀྲུང་གོའི་སྤྱི་དམངས་ཨེ་ཅིབ་ལ་ཡུལ་སྐོར་དུ་འགྲོ་བར་མུ་མཐུད་སྐུལ་མ་གཏོང་རྒྱུ་ཡིན། ཨེ་ཅིབ་ནི་དབུས་ཤར་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གལ་ཆེན་ཡིན་ལ། ཀྲུང་གོས་ཨེ་ཅིབ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།
          སའེ་ཞི་ཡིས་བསྟན་དོན། ཨེ་ཅིབ་དང་ཀྲུང་གོ་གཉི་གར་དུས་ཡུན་རིང་བོའི་ལོ་རྒྱུས་རིག་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་མཛའ་མཐུན་ལྡན་ཞིང་འབྲེལ་བ་ཟབ་ལ། མཉམ་ལས་ཟབ་མོ་བྱེད་བཞིན་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་བར་དུ་རིག་གནས་གྲོས་མོལ་སྤེལ་བའི་རྨང་གཞིའི་སྟེང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཨེ་ཅིབ་ཀྱིས་ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་བ་དང་ཕྱི་འབྲེལ་གྱི་དམིགས་བསལ་གོ་གནས་སུ་བཞག་སྟེ། ཨེ་ཅིབ་ཀྱི་མི་རིགས་བསྐྱར་དར་ཕུགས་འདུན་དེ་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་དང་སྦྲེལ་མཐུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ཧུར་ཐག་གིས་མངོན་འགྱུར་བྱེད་འདོད་ཡོད། ཨེ་ཅིབ་ནི་ཆེས་སྔོན་ལ་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། གྲོས་གཞི་དེས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གསར་དུ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པའི་རེ་བ་བཅངས་ཡོད་པར་མ་ཟད་དེར་ཡིད་ཆེས་ཀྱིས་ཁེངས་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོར་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བ་གོ་སྐབས་སུ་བརྩིས་ནས། ཨ་ཧྥེ་རི་ཁ་གླིང་ནས་ཀྲུང་གོའི་བར་དུ་ཕྱོགས་གསུམ་གྱི་མཉམ་ལས་སྤེལ་བར་གྲོས་སྡུར་བྱེད་འདོད་ཡོད་ཟེར།
          མཱ་ཏི་པུའུ་ལེ་དང་གྲོས་མོལ་མཛད་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ཨེ་ཅིབ་ནི་ཆེས་སྔ་མོར་ཀྲུང་གོའི་བར་དུ་འབྲེལ་བ་བཙུགས་པའི་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཡིན། ལོ་དྲུག་ཅུ་ལྷག་གི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་དུ་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་སོང་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨེ་ཅིབ་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། ཐོན་ནུས་མཉམ་ལས་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་སོང་ནས། དགེ་མཚན་ལྡན་ཞིང་དངོས་གཉེར་ཡིན་པའི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཀྲུང་གོས་ཙུང་ཐུང་སའེ་ཞི་ཡིས་བཏོན་པའི་སུའུ་དབྱི་ཧྲི་བར་ཁྱམས་གསར་སྤེལ་འཆར་གཞི་ལ་མཐོང་ཆེན་བྱེད་བཞིན་པ་དང་། དེའི་ཐད་ནས་ཨེ་ཅིབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། མི་འགྱང་བར་ཧྲང་ཧེ་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོ་ནི་ཀྲུང་གོས་མུ་མཐུད་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་བྱེད་ཐབས་ཞིབ་མོ་ཞིག་ཡིན། ང་ཚོས་ཨེ་ཅིབ་ཕྱོགས་ཀྱིས་གོ་སྐབས་དེ་བེད་སྤྱོད་ལེགས་པོ་བྱས་ཏེ། ཨེ་ཅིབ་ཀྱི་ཕུལ་བྱུང་ཁེ་ལས་དང་ཐོན་རྫས་ཀྲུང་གོར་འདྲེན་པ་དང་། ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་བསྐྱེད་རྒྱུ་མ་ཟད། ཀྲུང་གོ་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་དངོས་འབེབས་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།
          མཱ་ཏི་པུའུ་ལེ་ཡིས་བསྟན་དོན། ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཟབ་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད། ཨེ་ཅིབ་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་གཟེངས་བསྟོད་ཆེན་པོ་བྱེད་བཞིན་པར་མ་ཟད་ཧུར་ཐག་གིས་དེའི་ཁྲོད་དུ་ཟབ་ཞུགས་བྱེད་བཞིན་ཡོད་ལ། མཉམ་སྐྲུན་གྱི་འཕེལ་རིམ་ཁྲོད་ནས་ཀྲུང་གོའི་བར་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཨེ་ཅིབ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཁྲོད་དུ་ཟབ་ཞུགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ང་ཚོས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོར་ཞུགས་པའི་གོ་སྐབས་དམ་དུ་བཟུང་ནས། ཕྱོགས་གཉིས་ཀྱི་འབྱོར་འཚོང་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཟེར།
          གྲོས་མོལ་གྱི་རྗེས་སུ། ཝང་ཆི་ཧྲན་གྱིས་མཱ་ཏི་པུའུ་ལེ་གཉིས་ཀྱིས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཞིང་ལས་དང་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།