ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་ཏེ་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ།

སྤེལ་དུས 2018-11-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          སྤྱི་ཟླ་བཅུ་པའི་ཚེས་༣༡ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་གནང་སྟེ་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་ཞིབ་འཇུག་དང་མིག་སྔའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
          གྲོས་ཚོགས་ཐོག་ལོ་འདི་ཤར་ཚུན། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་གཞི་གནས་རྒྱུན་འཁྱོངས་བྱས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ། སྤུས་ཚད་མཐོ་པོས་གོང་འཕེལ་གཏོང་བའི་བླང་བྱ་དོན་འཁྱོལ་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱས་པ། ཉེན་ཁ་ཚབས་ཆེན་འགོག་སེལ་དང་། གནད་འཕིགས་དབུལ་སྒྲོལ། འབག་བཙོག་འགོག་བཅོས་བཅས་འགག་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་བ་བཅས་བྱས་པས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་མངོན་འགྱུར་བྱུང་ཡོད། ནམ་དུས་དང་པོ་ནས་གསུམ་པ་བར་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པ་དང་། བརྟན་ཐོག་ཡར་བརྩོན་བྱུང་བ། ལུགས་མཐུན་བར་ཁམས་ནང་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་ཉེ་བའི་ལོའི་ནང་ཆུ་ཚད་ཅུང་མཐོ་པོར་སླེབས་པ། ཕྱིར་གཏོང་ནང་འདྲེན་འཕར་སྣོན་མགྱོགས་པོ་བྱུང་བ། ཕྱི་དངུལ་བེད་སྤྱོད་བྱེད་ཚད་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ། སྟོན་འབྲུར་ལོ་ལེགས་བྱུང་བ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་རྩ་བའི་ཆ་ནས་དུས་མཚུངས་ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་ཐུབ་ཚད་ལོ་ཧྲིལ་པོའི་དམིགས་འབེན་སྔ་སྣུར་དུ་ལེགས་གྲུབ་ཐུབ་པ། དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སྒྱུར་བྱུང་བ། དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་པ། དངུལ་རྩའི་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ། ཁྲོམ་རའི་སེམས་ཤུགས་འཕེལ་བ་བཅས་བྱུང་ཡོད་པའི་ངོས་འཛིན་གནང་བ་དང་།
          གྲོས་ཚོགས་ཐོག་མིག་སྔའི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ཁྲོད་འགྱུར་བ་ཡོད་པ་དང་། དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ཅུང་ཆེ་རུ་སོང་བ། ཁེ་ལས་ཁག་གཅིག་གི་ལས་གཉེར་དཀའ་ངལ་ཅུང་མང་བ། ཡུན་རིང་ཕུང་གསོག་ཐེབས་པའི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཅུང་ཟད་མངོན་ཡོད་པས། དོན་དེར་མཐོང་ཆེན་པོ་བྱེད་དགོས་པ་དང་། སྔོན་མཐོང་རང་བཞིན་ཤུགས་ཆེར་གཏོང་བ། ཁ་གཏད་སྲིད་ཇུས་དུས་ཐོག་ཏུ་བཟུང་དགོས་ཞེས་བསྟན་པ་དང་།
          གྲོས་ཚོགས་ཐོག་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ནི་ཡུན་རིང་དང་དུས་ཐུང་། ནང་ཁུལ་དང་ཕྱི་ཕྱོགས་སོགས་རྒྱུ་རྐྱེན་གྱིས་མཉམ་དུ་ནུས་པ་ཐོན་པའི་མཇུག་འབྲས་ཡིན། རང་རྒྱལ་གྱི་དཔལ་འབྱོར་ད་ཆ་འཕར་སྣོན་མགྱོགས་པོ་འགྲོ་བ་ནས་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་བའི་དུས་མཚམས་ལ་བརྗེ་སྒྱུར་བྱེད་བཞིན་ཡོད་པ་དང་། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལའང་འགྱུར་བ་གཏིང་ཟབ་བྱུང་ཞིང་། སྲིད་ཇུས་ཀྱི་ཕན་འབྲས་ཁག་གཅིག་སྔར་ལས་ལྷག་པ་འདོན་སྤེལ་བྱེད་དགོས་ཀྱི་ཡོད་ཅེས་བསྟན་པ་དང་།
          གྲོས་ཚོགས་ཐོག་དཔལ་འབྱོར་འཁོར་རྒྱུག་ལ་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ལྷག་པའི་མདུན་དུ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་གཞི་གནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཐག་གཅོད་བྱེད་དགོས། རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་ཡག་པོ་བྱེད་པ། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། ཕྱི་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཁོར་ཡུག་འགྱུར་བར་ཁ་གཏད་ཡག་པོ་གཅོག་པ་བཅས་བྱས་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུར་འགན་ལེན་བྱེད་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་གཉིས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དབང་བའི་ལམ་ལུགས་མང་པོའི་དཔལ་འབྱོར་མཉམ་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་ཁྲོད་འཕྲད་པའི་དཀའ་ངལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། མ་རྩའི་ཁྲོམ་རའི་སྒྱུར་བཅོས་ལ་གཞིགས་པ་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། མ་རྩའི་ཁྲོམ་ར་ཡུན་རིང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་དངུལ་མུ་མཐུད་ནུས་ལྡན་སྒོ་ནས་བེད་སྤྱོད་གཏོང་བ་དང་། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྤྱོད་ཚུལ་ལེགས་སྒྱུར་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། བཏོན་ཟིན་པའི་སྲིད་ཇུས་བྱ་ཐབས་ཁག་གིས་ནུས་པ་གང་མགྱོགས་ཐོན་པ་བྱེད་དགོས་པའི་ནན་བཏོན་གནང་བ་དང་།
          གྲོས་ཚོགས་ཐོག་ལོ་མཇུག་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་གཉེར་རྒྱུར་དམ་འཛིན་ཡག་པོ་བྱེད་པ། དགུན་དུས་དམངས་ཀྱི་འཚོ་བའི་འགན་སྲུང་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། ལྷག་པར་དུ་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་རྒྱུར་འགན་ལེན་དང་། ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུར་འགན་ལེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། རང་བྱུང་གནོད་འཚེའི་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།