ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

སྤེལ་དུས 2018-11-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་སྐོར་གྱི་གླེང་ཐེངས་དྲུག་པ།
          “བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60སོང་ཚུན་ཐོབ་པའི་གྲུབ་འབྲས་ནི་ཏང་གི་འགོ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད”བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཤིན་ཏུ་གལ་འགངས་ཆེ་བའི་རང་བཞིན་མངོན་གསལ་དོད་པོས་ནན་བཤད་གནང་ནས་ང་ཚོས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མྱུར་གཏོང་དང་། སློབ་གསོ་སློབ་ཁྲིད་ཆུ་ཚད་མཐོར་གཏོང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ཀྱི་ཐད་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། 
          ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་ནི་སློབ་གསོ་ཡག་པོ་གཉེར་བའི་གཞི་རྩའི་འགན་ལེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པའི་ཆེས་རྩ་བ་ནི་ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་པས་ཡིན། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པའི་ཉམས་མྱོང་རྩ་ཆེ་ཤོས་དང་གལ་འགངས་ཆེ་ཤོས་ཤིག་ཡིན་ལ་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་དེའང་ཡིན་པས་སློབ་གསོའི་བྱ་གཞག་ལ་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་ལམ་བུ་ཇི་འདྲ་ཞིག་ཏུ་བསྐྱོད་པའི་གནད་དོན་དང་འབྲེལ་བ་ཡོད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་རིམ་ཁག་ཏང་ཨུད་ཀྱིས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་དེ་ཉིད་ཉིན་རེའི་གྲོས་རིམ་ནང་འཇུག་པ་དང་། ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སློབ་གསོར་རྒྱུས་ལོན་དང་། སློབ་གསོར་སེམས་ཁུར། སློབ་གསོར་ཞིབ་འཇུག་བཅས་བྱེད་པ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དེ་ཉིད་དཔེ་ཁྲིད་མི་སྐྱོང་དང་སློབ་གཉེར་སློབ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་རྩ་འཛུགས་ཀྱི་མ་ལག་དང་། ལམ་ལུགས་ཀྱི་མ་ལག ལས་ཀའི་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་འགོ་ཁྲིད་གཞུང་ཕྱོགས་ཀྱི་མཐིལ་དང་འཕྲེད་ཕྱོགས་ཀྱི་མཐའ་ལ་ཁྱབ་པའི་ལས་ཀའི་རྣམ་པ་ཞིག་གྲུབ་པ་བཅས་བྱས་ཏེ་ཏང་གི་སློབ་གསོའི་མཛད་ཕྱོགས་སློབ་གྲྭའི་ལས་ཀའི་གང་ས་ཅི་ཐད་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། 
          བྱ་གཞག་ནི་མིས་བཏོད་པ་ཞིག་ཡིན། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ཡང་དག་པའི་རྩ་འཛུགས་ཀྱི་ལམ་ཕྱོགས་ལ་བརྟེན་ནས་འགན་ལེན་བྱེད་དགོས། མི་སྣ་སྤྱོད་པའི་སྟོན་ཕྱོགས་ཡང་དག་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། གཤིས་སྤྱོད་བཟང་བ། ལས་སྒོ་བྱང་ཆུབ་པ། ཡར་རྒྱས་ལྷུར་ལེན་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་སློབ་གྲྭའི་འགོ་ཁྲིད་ཀྱི་ལས་གནས་ཐོག་བསྐོས་ཏེ་སློབ་གྲྭའི་འགོ་ཁྲིད་ཚན་ཁག་དེ་ཉིད་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། འགོ་ཁྲིད་བྱེད་མཁས་པ། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་སྲ་ཞིང་བརྟན་པའི་མཉམ་སྡེབ་ཞིག་ཏུ་གཏོད་དགོས། བསམ་བློ་ཆབ་སྲིད་ལས་དོན་དེ་ཉིད་སློབ་གྲྭའི་ལས་དོན་ཁག་གི་སྲོག་རྩར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཕུལ་བྱུང་དགེ་རྒན་སྔར་བས་མང་བ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་གནས་ཐོག་བཀོད་སྒྲིག་བྱས་ནས་ཆབ་སྲིད་ཐད་ཁྲིད་སྟོན་ཡང་དག་དང་། ཆེད་ལས་ཐད་གསོ་སྐྱོང་ནུས་ལྡན། འཚོ་བའི་ཐད་སེམས་རྩ་འཁོལ་པོས་སེམས་ཁུར་བཅས་ཀྱིས་བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་སྒྲུབ་ཤེས་པའི་ཆབ་སྲིད་ལས་དོན་དཔུང་ཁག་ཅིག་གསོ་སྐྱོང་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཁོང་ཚོར་གནས་བབ་དང་། ཐོབ་ཆ། གཟི་བརྗིད་བཅས་ཡོད་པའི་སྒོ་ནས་བསམ་བློ་ཆབ་སྲིད་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་མི་སྒེར་ལ་འཁྱོལ་ཐུབ་པ་བྱེད་དགོས། 
          ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་རྫོགས་དང་དམག་འཐབ་ནུས་པའི་རྨང་གཞི་ཡིན་པས་དུས་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུར་སྐད་ཅིག་ཙམ་ཡང་ལྷོད་གཡེང་གཏོང་མི་རུང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུར་དམིགས་པ། ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁུར་ལམ་ལུགས་ལག་བསྟར་ཡག་པོ་བྱ་རྒྱུར་དམིགས་པ། གཞི་རིམ་ལ་དམ་འཛིན་ཡག་པོ་དང་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་པ་བཅས་བྱས་ཏེ་སློབ་གསོའི་འཕེལ་ཕྱོགས་དང་རང་རྟོགས་ངང་འཚམ་པར་བྱེད་པ་དང་། དཔེ་ཁྲིད་མི་སྐྱོང་གི་ཆོས་ཉིད་ལ་བརྩི་སྲུང་དང་སློབ་མའི་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་། སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད། ལས་དོན་སྒྲུབ་སྟངས་ལེགས་གཏོང་བཅས་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་དེ་ཉིད་དགེ་སློབ་ཀྱི་སྙིང་ཉེ་ཤོས་དང་བློས་འཁེལ་ཤོས་ཀྱི་རྩ་འཛུགས་ཀྱི་རྟེན་ས་ཞིག་ཏུ་བསྐྲུན་པ་དང་། དཔེ་ཁྲིད་མི་སྐྱོང་དང་། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བཅས་ཀྱི་སློབ་གྲྭའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་ནས་སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལ་སྔར་བས་གསོན་ཤུགས་ལྡན་པ་དང་ནམ་ཡང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལྡན་པ་བྱས་ནས། རྒྱ་ཆེའི་དགེ་སློབ་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་གོང་བུར་སྒྲིལ་ཐུབ་པ་བྱེད་དགོས། 
          ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ངེས་པར་དུ་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་དང་སློབ་གསོ་སློབ་ཁྲིད་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་གི་མ་ལག་འཛུགས་སྐྱོང་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་གྲྭའི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་ལྟ་འདོམས་བྱ་ཤུགས་ཆེ་རུ་གཏོང་བ་དང་ཏང་ཡོན་གྱི་རྒྱུན་གཏན་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། སྤྱོད་གཙང་སློབ་གསོ་དང་སྲིད་གཙང་རིག་གནས་སློབ་གྲྭར་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྲིད་གཙང་རིག་གནས་བྱེད་སྒོ་སྣ་མང་སྤེལ་ནས་སྤྱོད་གཙང་གཞུང་དྲང་དང་། དཀའ་སྤྱད་བབ་ཆགས། སྤྱོད་བཟང་གིས་ཕྱུག་པ་བཅས་ཀྱི་དཔེ་ཁྲིད་མི་སྐྱོང་གི་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས།