ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

སྤེལ་དུས 2018-11-02 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འགོ་འཛིན་མཛད་དེ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གཅིག་ཉིན་གྱི་སྔ་དྲོར་འགོ་འཛིན་མཛད་ནས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་དབང་ལམ་ལུགས་གཙོ་གཞི་ཡིན་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་མང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡང་ཡིན། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་བཟུང་བའི་གོ་གནས་དང་ཐོན་པའི་ནུས་པ་འགྱུར་མེད་པ་དང་། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་པ། ཁྲིད་སྟོན་བྱེད་པ་བཅས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་འགྱུར་མེད་ལ། ང་ཚོས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཐད་ཁོར་ཡུག་བཟང་པོ་བསྐྲུན་པ་དང་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པར་འབད་བརྩོན་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་འགྱུར་མེད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་དེར་མཐུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པའི་ཁྲོད་དུ། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་དར་རྒྱས་སུ་འགྲོ་དགོས་པ་ལས་ཉམས་ཞན་དུ་འགྲོ་མི་རུང་བར་མ་ཟད། སྔར་ལས་ཁོད་ཡངས་པའི་གར་སྟེགས་སྟེང་སྐྱོད་དགོས་ཟེར།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
          བཞུགས་མོལ་ཚོགས་འདུའི་སྟེང་། ཁེ་ལས་པ་བཅུས་སྔ་གཞུག་ཏུ་གཏམ་བཤད་ནས། གནས་བབ་གསར་པའི་འོག་ཏུ་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་བསམ་འཆར་དང་གྲོས་གཞི་བཏོན།
          ཚང་མས་གཏམ་བཤད་པར་ཉན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཧ་ཅང་གལ་ཆེན་གནང་། ཁོང་གིས་བསྟན་དོན། ལོ་ངོ་བཞི་བཅུའི་རིང་ལ། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ནི་རང་རྒྱལ་གྱི་འཕེལ་རྒྱས་ཐད་མེད་དུ་མི་རུང་བའི་སྟོབས་ཤུགས་སུ་གྱུར་པ་དང་། ལས་སྐྲུན་ལས་ཞུགས་ཀྱི་ཁྱབ་ཁོངས་གཙོ་བོ་དང་། ལག་རྩལ་གསར་གཏོད་ཀྱི་སྲོག་ཤིང་གལ་ཆེན། རྒྱལ་ཁབ་ཁྲལ་བསྡུའི་འབྱུང་ཁུངས་གལ་ཆེན་བཅས་སུ་གྱུར་ནས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་། སྲིད་གཞུང་གི་འགན་ནུས་བརྗེ་སྤོར། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས། རྒྱལ་སྤྱིའི་ཁྲོམ་ར་གསར་སྤེལ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
          ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རིམ་ཁྲོད་དུ། དམངས་གཉེར་དཔལ་འབྱོར་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་བཟང་པོ་བསྐྲུན་པ་དང་། དམངས་གཉེར་དཔལ་འབྱོར་ལ་འཕེལ་རྒྱས་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་རོགས་བྱས་ཏེ། གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་ནས། དམངས་གཉེར་དཔལ་འབྱོར་གྱི་གསར་སྐྲུན་འབྱུང་ཁུངས་ཆེས་ཆེར་རྒྱས་པར་བྱེད་དགོས་པ་དང་། དམངས་གཉེར་དཔལ་འབྱོར་གྱི་གསར་གཏོད་གསོན་ཤུགས་དྲག་ཏུ་བརྡོལ་བར་བྱེད་དགོས། དེང་སྐབས་ཕྱོགས་དྲུག་གི་ཐད་ནས་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་དགོས་ཏེ། གཅིག ཁེ་ལས་ཀྱི་ཁྲལ་དངུལ་ཁུར་པོ་ཇེ་ཡང་དུ་གཏོང་དགོས། གཉིས། དམངས་གཉེར་ཁེ་ལས་ཀྱིས་དངུལ་བསྡུ་བར་དཀའ་ཁག་ཆེ་བ་དང་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་དགོས། གསུམ། འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་དགོས། བཞི། སྲིད་ཇུས་ལག་བསྟར་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ལྔ། འཛའ་གཙང་གི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་དགོས། དྲུག ཁེ་ལས་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
          ཞི་ཅིན་ཕིང་གིས་རྒྱ་ཆེའི་དམངས་གཉེར་དཔ་འབྱོར་མི་སྣས་རང་སྟེང་གི་སློབ་སྦྱོང་དང་རང་སྟེང་གི་སློབ་གསོ། རང་སྟེང་གི་གོང་འཕེལ་བཅས་ལ་ཤུགས་སྣོན་པ་དང་། རང་སྟེང་གི་སྤྱི་ཚོགས་སྣང་བརྙན་ལ་གཅེས་སྤྲས་བྱས་ཏེ། རྒྱལ་གཅེས་ལས་བརྩོན་དང་། ཁྲིམས་བརྩི་ཚོང་གཉེར། ལས་སྐྲུན་གསར་གཏོད། སྤྱི་ཚོགས་དྲིན་གཟོ་བཅས་ཀྱི་མིག་དཔེ་བྱེད་དགོས་ཞེས་ནན་གྱིས་བསྟན།