ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ཚན་རིག་སྒྲིག་འཛུགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་པའི་ཚོགས་ཆེན་དང་། རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་གཏོད་ཀྱི་རྒྱལ་སྤྱིའི་ཞིབ་གྲོས་སྐབས་གཉིས་པར་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་བ།

སྤེལ་དུས 2018-11-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༤ཉིན་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ཚན་རིག་སྒྲིག་འཛུགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་པའི་ཚོགས་ཆེན་དང་། རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་གཏོད་ཀྱི་རྒྱལ་སྤྱིའི་ཞིབ་གྲོས་སྐབས་གཉིས་པ་དེ་པེ་ཅིན་དུ་སྐོང་ཚོགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བཀུར་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་རྒྱ་ཁབ་ངང་དགའ་བསུ་འཐོབ་ཡོད། འབྲེལ་ཡོད་རྒྱལ་ཁབ་དང་ཚན་རྩལ་མཉམ་ལས་བྱེད་རྒྱུ་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། དམངས་འཚོ་ལེགས་བཅོས་དང་གོང་འཕེལ་ལ་སྐུལ་འདེད། ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་བཞིན་ཡོད། རྒྱལ་ཁབ་ཁག་གི་ཚན་རིག་ལས་རིགས་ནས་དཔུང་པ་མཉམ་གཤིབ་དང་ཐུན་མོང་འབད་འཐབ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ཚན་རིག་སྒྲིག་འཛུགས་མཉམ་བྲེལ་གྱི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། ཚན་རྩལ་གསར་གཏོད་སྲིད་ཇུས་དང་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཐོག གལ་ཆེའི་ཚན་རྩལ་མཉམ་ལས་སྤེལ་ནས་གསར་གཏོད་དང་བྱ་གཞག་གསར་སྐྲུན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དང་། ཚན་རྩལ་གསར་གཏོད་བྱེད་ནུས་རིམ་སྤར་གྱིས་དམངས་སེམས་སྦྲེལ་མཐུད་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་སྦགས་མེད་ལམ་བུ་དང་གསར་གཏོད་ལམ་བུ་སྐྲུན་རྒྱུར་པར་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།