ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁག་སོ་སོར་ཁེན་ནི་ཡའི་ཙུང་ཐུང་དང་ཝེ་ཐེ་ནམ་གྱི་ཙུང་ལི། ལོ་སེའི་ཙུང་ལི་བཅས་དང་མཇལ་འཛོམས་གནང་བ།

སྤེལ་དུས 2018-11-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          སྤྱི་ཚེས་༤ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་དུ་ཁག་སོ་སོར་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་དང་ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཧྥུ། ལོ་སེའི་ཙུང་ལི་ཐོང་ལུན་བཅས་དང་མཇལ་འཛོམས་གནང་ཡོད།
          ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ད་ལོའི་སྤྱི་ཟླ་༩པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་རིང་། ང་རང་དང་་བློ་མཐུན་ཙུང་ཐུང་ནས་ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད། ཕྱོགས་གཉིས་པོས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཁེན་ནི་ཡའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བར་འཕེལ་རིམ་གསར་པ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་དང་གོང་འཕེལ་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མུ་མཐུད་ནས་ཕན་ཚུན་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་གལ་ཆེའི་དོ་འཁུར་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། བློ་མཐུན་ཙུང་ཐུང་ནས་ཀྲུང་གོར་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་ཞུགས་པར་ཕེབས་པར་ང་རང་ནས་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་ཁེན་ནི་ཡ་ཕྱོགས་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་པ་དང་། ཁེན་ནི་ཡའི་ཐོན་རྫས་ནང་འདྲེལ་བྱེད་ཚད་རྒྱ་ཆེར་གཏོང་འདོད་ཡོད། ཁེན་ནི་ཡས་ཐུགས་འཁུར་བྱེད་པའི་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཐད། ཀྲུང་གོས་ཁེན་ནི་ཡ་དང་མཉམ་དུ་ལག་བསྟར་བྱེད་ཆོག་པའི་ཞིབ་འཇུག་ཡག་པོ་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཁེན་ནི་ཡར་ཚོང་གཉེར་བྱེད་ཆེད་ཁེན་ནི་ཡ་ཕྱོགས་ནས་ཁོར་ཡུག་བཟང་པོ་སྐྲུན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱབ་ནས། ཐུན་མོང་ཐོག་ཕྱོགས་མང་མ་ལག་དང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
          ཁེན་ཡ་ཐས། ཀྲུང་གོར་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་ཞུགས་པར་དགའ་ཚོར་ཆེན་པོ་བྱུང་། གོ་སྐབས་དེ་བརྒྱུད་ནས་ཁེན་ནི་ཡ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཁེན་ནི་ཡ་ཕྱོགས་ནས་ཀྲུང་གོས་རང་འགུལ་ངང་ཁྲོམ་ར་སྒོ་དབྱེ་བྱེད་པའི་བྱ་ཐབས་གལ་ཆེན་བཟུང་བ་མ་ཟད། ཨ་ཧྥེ་རི་ཁ་གླིང་དེ་ཉིད་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་པའི་ཁ་ཕྱོགས་གལ་ཆེན་ལ་བརྩི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གོང་འཕེལ་ནི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པའི་སྐོར་གྱི་འདོད་ཚུལ་ལ་ཡིད་མཐུན་ཞུ་གི་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་གྲོས་འགོ་བཏོན་གནང་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ལ་མཐོང་ཆེན་བྱ་རྒྱུ་བཏོན་གནང་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་གལ་ཆེའི་ལེགས་སྐྱེས་ཕུལ་བ་ཞིག་ཡིན། ཁེན་ནི་ཡའི་ཕྱོགས་ནས་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ནས་ཁེན་ནི་ཡར་མ་འཇོག་བྱེད་ཆེད་ཆ་རྐྱེན་བཟང་པོ་སྐྲུན་འདོད་ཡོད། ཁེན་ནི་ཡས་ཀྲུང་གོ་དང་མཉམ་དུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་ཟམ་མི་ཆད་པ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
          ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཧྥུ་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་བར་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོ་སྒྱུར་བཅོས་གོང་འཕེལ་གྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཐོག་ལ་གཞིགས་ཏེ། མ་འོངས་གསར་གཏོད་བྱེད་པ་དང་འཕེལ་ཕྱོགས་དང་བསྟུན་ནས་མདུན་སྐྱོད་བྱེད་པ། ཕྱོགས་གཉིས་འབྲེལ་བའི་རྣམ་པ་གསར་པ་ཟམ་མི་ཆད་པ་གཏོད་པ་བཅས་བྱས་ནས། མདུན་སྐྱོད་ལམ་བུའི་ཐོག་མཉམ་དུ་གོང་འཕེལ་ཡོང་རེ་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཝེ་ཏེ་ནམ་གྱིས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་འགྲོ་འོང་དམ་ཟབ་བྱེད་པའི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱུད་གཅིག་ལམ་གཅིག་དང་བར་ཁྱམས་གཉིས་དང་བསྐོར་བ་གཅིག་གི་འབྲེལ་མཐུད་ལ་སྐུལ་འདེད་ཇེ་མགྱོགས་གཏོང་རྒྱུ་དང་སྔོན་ལ་འཇོག་རྒྱུའི་མཉམ་ལས་ཀྱི་ཁྱབ་ཁོངས་སྔ་ཙམ་གཏན་འཁེལ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཝེ་ཏེ་ནམ་གྱི་རྣམ་གྲངས་ཆེན་མོའི་མཉམ་ལས་ནང་ཐེ་ཞུགས་བྱེད་པར་བསྐྱོད་རྒྱུའི་སྐུལ་མ་བཏང་ནས་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཝེ་ཏེ་ནམ་ནི་སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་མགྲོན་པོ་གཙོ་བོའི་རྒྱལ་ཁབ་ཡིན་ལ། ཨ་ཤེ་ཡ་ཤར་ལྷོའི་ཁུལ་དུ་ཡོད་པའི་ཀྲུང་གོའི་ཉོ་ཚོང་རོགས་པ་ཆེ་ཤོས་ཀྱང་ཡིན། ཀྲུང་གོའི་ཕྱོགས་ནས་ཝེ་ཏེ་ནམ་ཕྱོགས་ཀྱི་བྲིན་ཚོང་བྱ་རྒྱུར་འཚམས་པ་དང་དགོས་མཁོ་དང་མཐུན་པའི་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཉམ་ལས་བྱ་རྒྱུ་དེ་དམངས་ཀྱི་འཚོ་བའི་ཁྱབ་ཁོངས་ནང་ཕྱོགས་ལྷུང་མང་ཙམ་བྱས་ནས། རྒྱལ་ཁབ་གཉིས་པོའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུའི་མི་རབས་ཀྱི་མཛའ་གྲོགས་བརྩེ་བ་རྒྱུན་མཐུད་ངང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ནས། མཚོ་ཐོག་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་དང་མཚོ་ཐོག་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
          རོན་ཁྲུན་ཧྥུས། མིག་སྔའི་དུས་བབ་འོག ཝེ་ཏེ་ནམ་གྱི་ཏང་དང་སྲིད་གཞུང་གིས་ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་དང་བཟང་པོ་བཞིའི་དགོངས་དོན་གྱི་མཛུབ་ཁྲིད་འོག ཀྲུང་གོའི་བར་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལྷག་པར་དུ་བར་ཁྱམས་གཉིས་དང་བསྐོར་བ་གཅིག་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་འབྲེལ་མཐུད་བྱེད་པ་བཅས་བྱས་ནས། ས་ཁོངས་ཀྱི་མཉམ་འབྲེལ་མཉམ་མཐུད་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། ཝེ་ཏེ་ནམ་ཕྱོགས་ནས་གོ་སྐབས་འདི་དམ་འཛིན་བྱས་ཏེ། ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཝེ་ཏེ་ནམ་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དང་རྩ་དོན་ལ་གཞིགས་ནས། མཚོ་ཐོག་གནད་དོན་ཐག་གཅོད་འོས་འཚམས་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
          ལོ་སིའི་ཙུང་ལི་ཐུང་ལུན་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས་ཐུང་ལུན་གྱིས་ཀྲུང་གོར་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་པར་ཕེབས་པར་དགའ་བསུ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལོ་སིའི་འབྲེལ་བ་ནི་མིག་སྔར་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་ལ་གནས་ཡོད། ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་བར་ལོ་ཕྱེད་ནང་ལོ་རྒྱུས་རང་བཞིན་གྱི་ཕན་ཚུན་འཚམས་འདྲི་ཞུས་ཏེ། ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་གོ་དང་ལོ་སིའི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད་པ་དང་། ཕྱོགས་གཉིས་འབྲེལ་བ་ཡུན་རིང་གོང་འཕེལ་ཡོང་རྒྱུའི་ཐད་ཁ་ཕྱོགས་གསལ་བཏོན་བྱས་ཡོད། ཕྱོགས་གཉིས་པོས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། དུས་བབ་གསར་པ་དང་འགྲན་རྩོད་གསར་པར་ཁ་གཏད་གཅོག་སྐབས། ཀྲུང་གོ་དང་ལོ་སིས་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དངོས་སྒྲུབ་མཉམ་ལས་ཀྱི་ལེགས་གྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་ཀྲུང་གོ་དང་ལོ་སིའི་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་ཐེབས་རྒྱུར་འགན་སྲུང་བྱེད་དགོས་ཤིང་། དམངས་འཚོ་དང་གནོད་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དུས་སང་གི་ཀྲུང་གོ་དང་ལོ་སིའི་ཡུལ་སྐོར་ལོ་ཡག་པོ་གཉེར་དགོས། ལག་གདང་སྦྲེལ་ནས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
          ཐུང་ལུན་གྱིས། སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་སྤྱི་ཟླ་༡༡པར་ལོ་སིར་ལེགས་གྲུབ་ལྡན་པའི་ངང་འཚམས་འདྲི་གནང་བ་དེས་ལོ་སི་དང་ཀྲུང་གོའི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁྱེད་ཀྱིས་འཚམས་འདྲི་གནང་རིང་གྲོས་འཆམ་བྱུང་བའི་གྲུབ་འབྲས་གལ་ཆེན་དང་དེ་བཞིན་ལོ་སི་དང་ཀྲུང་གོའི་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ད་ལྟ་བརྟན་པོའི་ངང་ལག་བསྟར་བྱེད་བཞིན་ཡོད། ལོ་སི་ཕྱོགས་ལ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ནང་ནང་ཕན་པ་དངོས་ཐོབ་ཡོད་པས། ཀྲུང་གོའི་ཕྱོགས་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་སིས་ཀྲུང་གོ་དང་མཉམ་དུ། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་བར་གྲོས་འཆམ་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་བརྟན་དུ་གཏོང་བ། མཐུན་སྦྱོར་རམས་འདེགས་ལ་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ནམ་ཡང་ཁྱིམ་མཚེས་ཡག་པོ་དང་གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་པ་ཡག་པོ་བཅས་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།