ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

2019ལོའི་ཟླ་1པོ་ནས་བཟུང་གཏན་འབེབས་གསར་པ་ཁག་གཅིག་ལག་བསྟར་བྱ་རྒྱུ།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། གཡུ་སྒྲོན་གྱིས་བསྒྲིགས།
          རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་སིལ་ཚོང་ནང་འདྲེན་སྲིད་ཇུས་གསར་པའི་ནང་ཚོང་ཟོག་གི་བཅད་གྲངས་མང་དུ་གཏོང་རྒྱུ།
          2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་སིལ་ཚོང་ནང་འདྲེན་གྱི་ཁྲལ་བསྡུའི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ་དང་། སྲིད་ཇུས་དེས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་ཚོང་ཟོག་བཅད་གྲངས་མང་དུ་གཏོང་རྒྱུ་དང་གསལ་ཐོའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ།
          སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་གསར་པ་ལས་ཁྲལ་འཇལ་མཁན་ལ་དཔྱ་ཁྲལ་ཆག་ཡང་གི་ཕན་པ་དེ་བས་མང་བ་ཐོབ་རྒྱུ།
          གསར་དུ་བཟོ་བཅོས་བརྒྱབ་པའི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལས་ཁྲལ་འཇལ་མཁན་ལ་དཔྱ་ཁྲལ་ཆག་ཡང་གི་ཕན་པ་དེ་བས་མང་བ་ཐོབ་རྒྱུ་རེད། སྲིད་ཇུས་གསར་པ་དེ་2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ།
          གློག་རྡུལ་ལག་ཁྱེར་གྱིས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ།
          2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གློག་རྡུལ་ལག་ཁྱེར་གྱི་རྒྱལ་ཁབ་ཚད་གཞི་ཁག་6དངོས་སུ་ལག་བསྟར་བྱ་རྒྱུ། སྐབས་དེ་དུས་སྲིད་དོན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་ཞབས་ཞུ་དེ་བས་ལོངས་སུ་སྤྱོད་ཐུབ་རྒྱུ་མ་ཟད། མི་སེར་གྱིས་བྱ་བ་བསྒྲུབ་རྒྱུར་ཡང་སྟབས་བདེ་རུ་འགྲོ་རྒྱུ་རེད།
          ས་རྒྱུ་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱིས་མང་ཚོགས་ཚོ་བློ་བདེ་པོའི་སྒོ་ནས་བཟའ་བཏུང་དང་གནས་སྡོད་ཐུབ་རྒྱུ།
          རང་རྒྱལ་གྱིས་ཆེད་དོན་བཅའ་ཁྲིམས་ཐོག་མར་བཟོས་ནས་ས་རྒྱུ་སྦགས་བཙོག་འགོག་བཅོས་ཚད་ལྡན་དུ་གཏོང་རྒྱུ། བཅའ་ཁྲིམས་དེ་2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཏེ་མང་ཚོགས་ཚོ་བློ་བདེའི་སྒོ་ནས་བཟའ་བཏུང་དང་གནས་སྡོད་ཐུབ་རྒྱུ་ཡིན་པ།
          ས་ཞིང་འགན་གཙང་བཅའ་ཁྲིམས་ལ་བརྟེན་ནས་ཞིང་པའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།
          2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལག་བསྟར་བྱ་རྒྱུའི་གསར་དུ་བཟོ་བཅོས་བརྒྱབ་པའི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་ནང་དབང་གསུམ་ལོགས་འཛུགས་དང་ཡུན་རིང་མི་འགྱུར་བའི་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཡོད་ལ། ཞིང་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཡང་ཤུགས་སྣོན་བརྒྱབ་ཡོད།