ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤེལ་དུས 2019-01-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་སྐོང་ཚོགས་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་བསྟར་བ། སྲིད་གཞུང་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་རྒྱུན་ཆད་མེད་པར་སྐུལ་འདེད་ཟབ་མོ་གཏོང་རྒྱུ་དང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཐད་ལ་བཀོད་སྒྲིག་གནང་བ་རེད།
             གྲོས་ཚོགས་ཐོག སྐབས་གསར་པའི་སྲིད་གཞུང་གིས་འགན་ནུས་འཁུར་བ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྲིད་གཞུང་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གང་ལེགས་ལེན་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་། འདུ་ཤེས་བཞི་བརྟན་པོར་འཛུགས་པ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་ཀྱིས་སྲིད་གཞུང་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྔར་བས་དམ་འཛིན་ནན་པོ་བྱེད་དགོས་ཞེས་བཏོན་ཡོད།
             དེ་ཡང་གཅིག་ནས་ཏང་གིས་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་དགོས་པ་དང་། རང་རྟོགས་ངང་བསམ་བློ་ཆབ་སྲིད་དང་བྱ་སྤྱོད་ཐད་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་བློ་ཐག་རྦད་བཅད་དང་། ཇི་མ་ཇི་བཞིན། ཞིབ་ཕྲ་ཁ་གསལ་གྱིས་དོན་འཁྱོལ་བྱེད་དགོས་པ་དང་། གཉིས་ནས་ལྷུག་གཏོང་དོ་དམ་ཞབས་ཞུ་སོགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། དྲང་བདེན་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་དང་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་སྐུལ་སློང་གང་ལེགས་ཀྱིས་ཁེ་ཕན་འཚོལ་བ་དང་རུལ་སུངས་སུ་འགྱུར་བའི་ས་རྒྱུ་མེད་པར་བཟོ་དགོས་པ། གསུམ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་པ་དང་དགོས་མེད་དང་མང་དྲགས་པའི་ཡིག་ཆ་དང་ཚོགས་འདུའི་རིགས་བཅོས་སྐྱོང་བྱེད་དགོས་པ། བཞི་ནས་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་རྒྱུར་སྣེ་ཁྲིད་བྱེད་དགོས། སྲིད་གཞུང་གི་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་དང་གཞུང་གསུམ་འགྲོ་གྲོན་ཉུང་འཕྲི་བྱེད་དགོས། ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་ཕན་འབྲས་མཐོ་རུ་གཏོང་དགོས་པ། ལྔ་ནས་ལས་སྒྲུབ་མི་བྱེད་པ་དང་དོན་ཐོག་མི་འཁྱོལ་བའི་རིགས་དག་ཐེར་བཅོས་སྐྱོང་བྱེད་དགོས། འགན་དཀྲི་བདའ་འདེད་སྒྲིག་གཞི་འཐུས་ཚང་དང་སྐུལ་སློང་གིས་བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་དང་མང་ཚོགས་ལ་ཕན་ཁེ་ཐོབ་པའི་ཕན་ཡོད་ནུས་ལྡན་བྱེད་ཐབས་འདོན་དགོས་པ། དྲུག་ནས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གཙོ་གཟུགས་འགན་དཀྲི་ལག་ལེན་བསྟར་དགོས། སྲིད་གཞུང་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུད་ཀྱིས་དོ་དམ་དངོས་བྱེད་པ་དང་། དོ་དམ་ནན་པོ་བྱེད་པ། དོ་དམ་བྱེད་ཕོད་པ་དང་དོ་དམ་ནན་པོ་བྱེད་ནུས་པ། ཡུན་རིང་དོ་དམ་བྱེད་པ་དང་ཡུན་རིང་ནན་པོ་བྱེད་ཐུབ་པ་བཅས་བྱེད་དགོས་པ་བཅས་ཡིན།
             གྲོས་ཚོགས་ཐོག་དུས་དང་འཚམས་སྐབས་ད་ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་གཙང་སྐྱོང་ལས་དོན་གྲོས་ཚོགས་སྐོང་ཚོགས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཧན་ཀྲེང་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧོ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཤའོ་ཅེ། ཀྲའོ་ཁེ་ཀྲེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།