ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་ལ་རྟོག་ཞིབ་གནང་བ་དང་འབྲེལ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2019-01-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ་1ཚེས་16ནས་ཚེས་18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་སུ་རྟོག་ཞིབ་གནང་བ་དང་འབྲེལ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།
ཟླ་1ཚེས་16ནས་ཚེས་18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་སུ་རྟོག་ཞིབ་གནང་བ་དང་འབྲེལ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཟླ་1ཚེས་16ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་འཆར་འགོད་འགྲེམས་སྟོན་ལྟེ་གནས་སུ་ཁུལ་གསར་གྱི་སྤྱིའི་འཆར་འགོད་དང་། སྲིད་ཇུས་མ་ལག འཛུགས་སྐྲུན་གནས་ཚུལ་བཅས་ཀྱི་ངོ་སྤྲོད་ནན་ཏན་ངང་གསན་བཞིན་པ།
           ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་སུ་རྟོག་ཞིབ་གནང་བ་དང་འབྲེལ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་སྤྱི་ཡོངས་ཀྱི་མཐོ་ཚད་དང་དེ་བས་རྒྱང་རིང་གི་ཐོག་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལས་དོན་ལ་ངོས་འཛིན་དང་ལས་དོན་ཡག་པོ་བསྒྲུབ་རྒྱུར་བསམ་བློ་བཏང་སྟེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཟབ་ཏུ་གཏོང་བ་དང་། ལོ་རྒྱུས་ཀྱི་ངང་རྒྱུད་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཏན་ཏིག་ངང་སྒྲུབ་པ་དང་། འགན་འཁུར་ཕོད་པ། གསར་གཏོད་བྱེད་ཕོད་པ། བྱེད་མཁས་ལ་བྱས་རྗེས་ཐོན་པ་བཅས་ཀྱི་སྒོ་ནས་ནུས་ཤུགས་གང་ཡོད་ཀྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཧོ་པེ་ཞུང་ཨན་ཁུལ་གསར་ལ་རྟོག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་དང་པེ་ཅིང་གྲོང་ཁྱེར་གྱི་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།
           དགུན་དུས་ཧྭ་པེ་ས་གཞི་ཆེ་མོར་གྲང་ངར་ཆེ་ལ་ཆུ་བོར་དར་ཆགས་ཤིང་། ཟླ་1ཚེས་16ནས་ཚེས་18ཉིན་བར། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་ཧྥུང་དང་ཧྲེང་ཀྲང་ཞུས་ཆིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ཀྲུང་དང་ཧྲེ་ཀྲང་ཀྲང་གོ་ཆིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་དང་ཧྲེ་ཀྲང་ཁྲེན་ཅེ་ཉིང་བཅས་ཀྱི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དང་། ཐེན་ཅིན། པེ་ཅིང་བཅས་སུ་ཕེབས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
           ཚེས་16ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དང་ཐོག་ཧོ་པེ་ཞུང་ཨན་ཁུལ་གསར་འཆར་འགོད་འགྲེམས་སྟོན་ལྟེ་གནས་སུ་ཕེབས་ཏེ་ཁུལ་གསར་གྱི་སྤྱིའི་འཆར་འགོད་དང་། སྲིད་ཇུས་མ་ལག འཛུགས་སྐྲུན་གནས་ཚུལ་བཅས་ཀྱི་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། གསར་སྤེལ་ཁུལ་གྱི་གྲོང་ཁྱེར་འཆར་འགོད་བསྡུ་རུབ་ཀྱི་གྲུབ་འབྲས་དཔེ་དབྱིབས་དང་སྐྲུན་ཉེར་ཡོད་པའི་ལས་གྲྭ་གལ་ཆེན་དང་གཙོ་གནད་རྣམ་གྲངས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་ཞུང་ཨན་ཁུལ་གསར་བསྐྲུན་རྒྱུ་དེ་ནི་སྟོང་ལོའི་ཇུས་ཆེན་ཞིག་རེད། ཁུལ་གསར་དེར་དང་ཐོག་འཆར་འགོད་དང་འཛུགས་སྐྲུན་ཐད་འདུ་ཤེས་གསར་པ་ཡོད་དགོས་ལ། སྔོན་མཐོང་རང་བཞིན་དང་སྣེ་ཁྲིད་རང་བཞིན་མངོན་པར་བྱེད་དགོས། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད། ཅིན་ཞུང་གྲོང་འབྲེལ་ལྕགས་ལམ་ཞུང་ཨན་བབས་ཚུགས་ཀྱི་འཛུགས་སྐྲུན་ལས་ཡུལ་གྱི་ལས་བཟོར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུས་པ་དང་ཁྱེད་ཚོ་ནི་ཞུང་ཨན་ཁུལ་གསར་སྐྲུན་མཁན་གྱི་གདོང་ལེན་པ་རེད་ཅེས་བསྔགས་བརྗོད་གནང་བ་དང་འབྲེལ། ཁོང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་དང་། བདེ་འཇགས་ལ་ཡིད་གཟབ། སྤུས་ཚད་འགན་ལེན་བཅས་བྱས་ཏེ་དུས་བཀག་ལྟར་ལས་འགན་བསྒྲུབ་རྒྱུའི་མངགས་བཅོལ་གནང་བ་དང་སྦྲགས། ཁོང་ཚོ་བརྒྱུད་རྒྱལ་ཡོངས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ངལ་རྩོལ་པ་ཚོར་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
           ཚེས་17ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཐེན་ཅིན་ནན་ཁའེ་སློབ་ཆེན་དུ་རྟོག་ཞིབ་གནང་ཞིང་། 1919ལོར་བཙུགས་པའི་ནན་ཁའེ་སློབ་ཆེན་ནི་རྒྱལ་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་པའི་གྲགས་ཅན་སློབ་གྲྭ་ཞིག་རེད། ཞི་ཅིན་ཕིང་གིས་སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་ནས་ནན་ཁའེ་སློབ་ཆེན་གྱི་ལོ་རྒྱུས་འབྱུང་ཁུངས་དང་། རིག་ཚན་འཛུགས་སྐྱོང་། ཤེས་ལྡན་མི་སྣའི་དཔུང་ཁག ཚན་ཞིབ་གསར་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་སློབ་གྲྭ་ནི་ཀུན་སྤྱོད་འཛུགས་སྐྱོང་གིས་མི་གསོ་སྐྱོང་བྱེད་སའི་གནས་ཤིག་རེད། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར། དང་ཐོག་སློབ་མའི་རྒྱལ་གཅེས་སྤྲོ་སེམས་སྐྱེད་སྲིང་བྱེད་དགོས། མཐོ་སློབ་ཏང་རྩ་འཛུགས་ཀྱིས་སློབ་གྲྭའི་ཏང་འཛུགས་སྐྱོང་གི་ལས་དོན་དང་བསམ་བློ་ཆབ་སྲིད་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སློབ་གཉེར་སློབ་སྐྱོང་གི་རྩ་བའི་རྨང་གཞིར་བརྩི་དགོས་ཞེས་གསུངས་པ་རེད།
           དེ་རྗེས། ཞི་ཅིན་ཕིང་ཐེན་ཅིན་ཧོ་ཕིང་ཆུས་ཤིན་ཤིང་སྲང་ལམ་ཁྲའོ་དབྱང་ལི་སྡེ་ཁུལ་དུ་ཕེབས་ཤིང་། ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་ཕྱོགས་བསྡུས་གཞུང་དོན་ཚོམས་ཆེན་དུ་ཕེབས་ནས་སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་དང་། གཞི་རིམ་ཏང་འཛུགས་སྐྱོང་། དམངས་ཕན་ཞབས་ཞུ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཐེན་ཅིན་གྲུ་ཁ་ནས་ཞལ་གྱེས་ཏེ། ཞི་ཅིན་ཕིང་ཐེན་ཅིན་པིན་ཧེ་ཡི་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་དུ་ཕེབས་ཤིང་། མཐུན་སྦྱོར་གསར་གཏོད་འགྲེམས་སྟོན་ལྟེ་གནས་སུ། ཞི་ཅིན་ཕིང་གིས“ཐེན་ཧོ”རིམ་གྲས་ཀྱི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་དང་། ཧྥེ་ཐེང་སྙིང་ལྕགས། ཆི་ལིན་བཀོལ་སྤྱོད་མ་ལག མི་ཐབས་རིག་ནུས་གློག་གཏོང་བཀོལ་སྤྱོད་འཕྲུལ་མི། མི་མེད་གནམ་གྲུའི་རིག་ནུས་ཚོད་འཛིན་མ་ལག་སོགས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་རང་བརྟེན་གསར་གཏོད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒུལ་ནུས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཆ་རྐྱེན་གསར་གཏོད་དང་ཁོར་ཡུག་བཏོད་ནས་ཕྱོགས་ཁག་གི་གསར་གཏོད་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ནས་གསར་གཏོད་ཀྱི་ཕུགས་བསམ་ལྡན་པའི་མི་ཚང་མ་སེམས་རྣལ་དུ་ཕབ་ནས་གསར་གཏོད་ཐུབ་པ་དང་གསར་གཏོད་ཀྱི་གསོན་ཤུགས་ཚང་མ་མཉམ་དུ་སྐུལ་འཕེལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཚེས་18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པར་ཕེབས་པ་དང་འབྲེལ་ལམ་བར་དུ“གྲོང་ཁྱེར་སྔོ་ལྗང”གི་ཤིང་འཛུགས་ནགས་བཟོ་བྱེད་ཁུལ་དུ་ གཟིགས་ཞིབ་གནང་བ་རེད། གྲོང་ཨུད་གཞུང་ལས་ཐོག་བརྩེགས་ཁང་ཆེན་གྱི་ཐོག་སོ་གཙོ་བོ་ནང་། ཞི་ཅིན་ཕིང་གིས་འཆར་འགོད་དཔེ་དབྱིབས་དང་འགྲེམས་པང་ལ་གཟིགས་ནས་ལྟེ་གནས་ཕལ་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་འཆར་འགོད་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པ་བསྐྲུན་པའི་ཐད་འཆར་འགོད་སྔོན་ལ་འཇོག་པ་དང་སྤུས་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད། གཅིག་ནས“འགག་གནད”དམ་འཛིན་ནན་པོ་བྱས་ཏེ་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་གསེད་བཀྲོལ་བྱེད་དགོས། གཉིས་ནས་ལོ་རྒྱུས་ཀྱི་ངང་རྒྱུད་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་ལ་ཚད་གཞི་མཐོ་པོས་ཞུང་ཨན་ཁུལ་གསར་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་པེ་ཅིང་གི་གྲོང་ཁྱེར་རིམ་པའི་ལས་ཁུངས་སྤོ་རྒྱུ་གོ་སྐབས་སུ་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བཞི་ནས་སྒྱུར་བཅོས་གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་འདོན་སྤེལ་བྱེད་དགོས། ལྔ་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་མཉམ་སྐྲུན་མཉམ་འགོག་མཉམ་བཅོས་བཅས་ལ་ཤུགས་སྣོན་རྒྱག་དགོས། དྲུག་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། མི་སེར་གྱིས་དོ་ཁུར་བྱེད་པ་དང་བདེ་རྩར་ཐུག་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་སྨན་བཅོས་ཀྱི་ཐོན་ཁུངས་བཀོད་སྒྲིག་བཟང་སྒྲིག་བྱེད་དགོས་པ་བཅས་བླང་བྱ་ཁག་དྲུག་བཏོན་གནང་བ་རེད།
           ཚོགས་འདུ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གློག་སྐས་ནས་ཐོག་སོ་དང་པོའི་ཚོམས་ཆེན་དུ་ཕེབས་སྐབས་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་མི་སྣ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་བ་དང་བརྩེ་སེམས་ཟབ་མོས་ཁྱེད་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པར་གསེད་བཀྲོལ་དང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པ་བསྐྲུན་རྒྱུ་དེ་ནི་པེ་ཅིང་གྲོང་ཁྱེར་བསྐྲུན་པ་དང་རྒྱལ་ས་བཙུགས་ཚུན་གྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད་ལ། དུས་རབས་གསར་པར་པེ་ཅིང་འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་རེད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་དོན་ཆེན་དེ་ཡག་པོ་སྒྲུབ་དགོས། ཚང་མས་གཞུང་ལས་ཁུལ་གསར་གྱི་རྣམ་པ་གསར་རྐྱང་ལ་བརྟེན་ནས་ལས་དོན་ཁག་ལ་བྱས་རྗེས་གསར་པ་དེ་བས་ཆེ་བ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་ཚང་མ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་དང་། ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།