ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་རོ་མར་ཕེབས་འབྱོར་ཟིན་ནས་དབྱི་ཊ་ལི་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

སྤེལ་དུས 2019-03-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱ་མཚོ།
             སྤྱི་ཚེས་༢༡ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རོ་མར་ཕེབས་འབྱོར་ཟིན་ནས་དབྱི་ཊ་ལི་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད།
             ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་དབྱི་ཊ་ལིའི་མཁའ་ཁོངས་སུ་འབྱོར་སྐབས་དབྱི་ཊ་ལིའི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་ཀྱིས་ཕེབས་བསུ་ཞུས་ཡོད། ས་གནས་དེ་གའི་དུས་ཚོད་དགོང་དྲོའི་ཆུ་ཚོད་༦དང་སྐར་མ་༣༠ཐོག ཆེད་གཏོང་གནམ་གྲུ་རོ་མའི་ཨུ་མི་ཆི་ནོ་གནམ་ཐང་དུ་འབྱོར་ཡོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་དལ་པོའི་ངང་གནམ་གྲུའི་སྒོ་ནས་དོན་ཕེབས་པ་དང་། གུས་ལུགས་དམག་གིས་གུས་འདུད་ཞུས་ཡོད། དབྱི་ཊ་ལིའི་ཞིང་ལས་དང་ཡུལ་སྐོར་པུའི་པུའུ་ཀྲང་སོགས་མཐོ་རིམ་དཔོན་རིགས་ནས་གནམ་གྲུའི་སྐས་འཛེགས་འགྲམ་དུ་ཕེབས་ནས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ས་གདན་དམར་པོའི་ཐོག་ནས་ཕེབས་ཤིང་། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ནས་གུས་ལུགས་མཚོན་པར་བྱས་ཡོད།
             ཞི་ཅིན་ཕིང་གིས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་གནང་སྟེ་དབྱི་ཊ་ལི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་དབྱི་ཊ་ལིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་༤༩སོང་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བས་དུས་ཚོད་དང་རྒྱལ་སྤྱིའི་འགྱུར་བ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཡོད་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་དབྱི་ཊ་ལིའི་མཛའ་གྲོགས་དང་མཉམ་ལས་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་ནས་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ། གོང་འཕེལ་གྱི་དུས་མཚམས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་བར་གྱི་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་བའི་དཔེ་མཚོན་ལ་གྱུར་ཡོད། ཀྲུང་གོ་དང་དབྱི་ཊ་ལིའི་དངོས་གཉེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་པ་དང་། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཕུན་སུམ་ཚོགས་པས་ཕན་ཚུན་བར་གྱི་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད་ཅེས་དང་།
             ཞི་ཅིན་ཕིང་གིས། ང་རང་ནས་ཙུང་ཐུང་མ་ཐ་ལའེ་ལ་དང་ཙུང་ལི་ཁུང་ཐེ་སོགས་དབྱི་ཊ་ལིའི་འགོ་ཁྲིད་པ་དང་གྲོས་མོལ་དང་མཇལ་འཛོམས་ཞུས་ཏེ་ཀྲུང་གོ་དང་དབྱི་ཊ་ལིའི་འབྲེལ་བའི་འབྱུང་འགྱུར་འཆར་འགོད་བཟོ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་དབྱི་ཊ་ལིའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་ཞེས་གསུངས་གནང་ཡོད་པ་རེད།
             ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥོང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་བཞུགས་ཏེ་ཕེབས་འབྱོར་ཟིན་ཡོད།
             དབྱི་ཊ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལི་རུའེ་ཡུའེ་ཡང་གནམ་གྲུ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
             དབྱི་ཊ་ལིར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་ད་དུང་མོ་ན་ཀོ་དང་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།