ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2019-06-05 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེ་རྒྱུ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་འབྲེལ་བ་ཡོད་པ་དང་། ཐོན་ཁུངས་གྲོན་ཆུང་ངང་བེད་སྤྱོད་བྱེད་པ་དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེ་རྒྱུ་ཁྱབ་གདལ་གཏོང་བའི་འགག་རྩ་ནི་ཚན་རིག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་པ། གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་པ། མུ་མཐུད་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་ལས་དོན་ཏན་ཏིག་ངང་བསྒྲུབས་པ་དང་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་དགོས། སློབ་གསོ་ཁྲིད་སྟོན་གྱི་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་གད་སྙིགས་རིགས་དབྱེའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་ཐུབ་པ་བྱས་ཏེ་ནུས་ལྡན་གྱི་སྐུལ་འདེད་དང་ཁྲིད་སྟོན་བརྒྱུད་མི་སྔར་ལས་མང་བ་བྱ་སྤྱོད་སྤེལ་དུ་བཅུག་ནས་གད་སྙིགས་རིགས་དབྱེའི་གོམས་གཤིས་བཟང་པོ་འཇགས་པ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་མི་ཚང་མ་ཞུགས་ནས་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་མཉམ་དུ་འབད་འཐབ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཆེད་མཉམ་དུ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། 2016ལོའི་ཟླ་12པར་ཁོང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གད་སྙིགས་རིགས་དབྱེ་ཡོངས་ཁྱབ་ངང་ཁྱབ་གདལ་གཏོང་བའི་ལམ་ལུགས་ལ་ཞིབ་འཇུག་གནང་ཞིང་། ཁོང་གིས་གད་སྙིགས་རིགས་དབྱེ་ནས་འཇོག་པ་དང་། རིགས་དབྱེ་ནས་བསྡུ་རུབ། རིགས་དབྱེ་ནས་སྐྱེལ་འདྲེན། རིགས་དབྱེ་ནས་ཐག་གཅོད་སོགས་གད་སྙིགས་ཐག་གཅོད་ཀྱི་མ་ལག་གང་མགྱོགས་བཙུགས་ནས་ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གིས་སྐུལ་མ་གཏོང་བ། དམངས་ཡོངས་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས། ཡུལ་བབ་དང་བསྟུན་པ་བཅས་ཀྱི་གད་སྙིགས་རིགས་དབྱེའི་ལམ་ལུགས་ཤིག་ཆགས་པ་བྱས་ཏེ་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་ཁྱོན་ཆེ་རུ་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གིས་ད་དུང་ཡུལ་དངོས་སུ་ཐེངས་མང་ཕེབས་ནས་གཞི་རིམ་གྱི་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ལས་དོན་དེའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད་པ་རེད།
            ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གད་སྙིགས་རིགས་དབྱེའི་ལམ་ལུགས་ལ་སྐུལ་མ་མགྱོགས་པོ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གད་སྙིགས་རིགས་དབྱེའི་ལས་དོན་དེ་གནས་ནས་ཁྱོན་བར་དང་། རིམ་བཞིན་སྤེལ་འགོ་འཛུགས་པ། ཕན་འབྲས་རགས་ཙམ་ཐོན་པ་བཅས་བྱུང་ནས་གཙོ་གནད་གྲོང་ཁྱེར་46ལ་སྔོན་ལ་ཚོད་ལྟ་བྱས་ནས་གད་སྙིགས་རིགས་དབྱེ་ཁྱབ་གདལ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། 2019ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དུ་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་གཙོ་གནད་གྲོང་ཁྱེར་46ལ་གད་སྙིགས་རིགས་དབྱེ་ཐག་གཅོད་ཀྱི་མ་ལག་གཞི་རྩའི་ཆར་བཙུགས་ཟིན་པ་བྱ་རྒྱུ་དང་2025ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དུ་གད་སྙིགས་རིགས་དབྱེ་ཐག་གཅོད་ཀྱི་མ་ལག་གཞི་རྩའི་ཆར་བསྐྲུན་ཟིན་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།