ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་མོ་སི་ཁོར་ཕེབས་འབྱོར་ཟིན་ནས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

སྤེལ་དུས 2019-06-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            སྤྱི་ཚེས་༥ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་མོ་སི་ཁོར་ཕེབས་འབྱོར་ཟིན་ནས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད།
            ས་གནས་དེ་གའི་དུས་ཚོད་ཉིན་དགུང་གི་ཆུ་ཚོད་༡༢པར། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མོ་སི་ཁོའི་ཁེ་ཧྥུ་ནུ་ཁེ་འོ་ཆེད་གཏོང་གནམ་ཐང་དུ་འབྱོར་ཡོད། ཞི་ཅིན་ཕིང་གནམ་གྲུ་ནས་ཕྱིར་ཕེབས་སྐབས་ཨུ་རུ་སུ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུའི་སྐས་འཛེགས་འགྲམ་དུ་བཅར་ནས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད། 
            ཨུ་རུ་སུའི་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནམ་ཐང་དུ་བསུ་བ་ཞུ་བའི་མཛད་སྒོ་གཉེར་ཡོད། དམག་དཔུང་གི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཞིང་། ཞི་ཅིན་ཕིང་གིས་ཨུ་རུ་སུའི་དམག་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་དང་དེའི་རུ་སྒྲིག་རྣམ་པར་གཟིགས་ཞིབ་གནང་ཡོད།
            ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་གནང་སྟེ་ཨུ་རུ་སུའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་༧༠འཁོར་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་ལ་སླེབས་པ་དང་། ད་ཆའི་འཛམ་གླིང་ཐོག་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་བར་འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་དཔེ་མཚོན་ལ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་ཞིང་བརྟན་པ་དང་། མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྒྲིག་གཞི་ཆ་ཚང་བ། རྒྱལ་སྤྱིའི་བྱ་དོན་ནང་རོགས་ལས་དམ་ཟབ་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་ནན་གསུངས་གནང་བ་དང་།
            ཞི་ཅིན་ཕིང་གིས། ལོ་ངོ་བདུན་ཅུའི་འགྱུར་བ་མང་བའི་ཚོད་བགམ་བརྒྱུད་མྱོང་བས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྔར་བས་བྱང་ཆུབ་པ་དང་བརྟན་པོ་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་ཐོབ་ཡོད། འཚམས་འདྲི་ཞུ་རིང་། ང་རང་ནས་ཙུང་ཐུང་ཕུ་ཅིང་དང་མཉམ་དུ་ཕྱོགས་གཉིས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་མཉམ་དུ་འཆར་འགོད་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོམ་ཞེང་ཆེན་པོས་དུས་རབས་གསར་པར་སླེབས་པ་དང་། ཆུ་ཚད་སྔར་བས་མཐོ་བ་དང་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
            ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་བཞུགས་ཏེ་ཕེབས་འབྱོར་ཟིན་ཡོད། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལི་ཧུའེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
            འཚམས་འདྲི་གནང་རིང་། ཞི་ཅིན་ཕིང་གིས་ད་དུང་ཧྲེང་པི་དེ་པའོ་རུ་སྐབས་༢༣པའི་ཧྲེང་པི་དེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་གནང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།