ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་གནང་བ་མ་ཟད་རིག་རྩལ་འཁྲབ་སྟོན་ལ་གཟིགས་གནང་བ།

སྤེལ་དུས 2019-06-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། དབང་འདུས། བསྟན་འཛིན་འཇམ་དཔལ།
              སྤྱི་ཚེས་༥ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་ལྷན་དུ་མོ་སི་ཁོའི་ཟློས་གར་ཁང་ནང་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་གནང་བ་མ་ཟད་རིག་རྩལ་འཁྲབ་སྟོན་ལ་གཟིགས་གནང་ཡོད།
              ས་སྲོས་མཚམས་སུ་མོ་སི་ཁོ་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ཟློས་གར་ཁང་ནང་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད། 
              ས་གནས་དེ་གའི་དུས་ཚོད་ཆུ་ཚོད་༢༠དང་སྐར་མ་༤༥ཐོག ཞི་ཅིན་ཕིང་དང་ཕུ་ཅིང་ལྷན་དུ་ཚོགས་རའི་ནང་ཕེབས་པ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ནས་ཡར་ལངས་ཏེ་དགའ་བསུ་ཞུས་ཡོད།
              ཕུ་ཅིང་གིས་ཐོག་མར་ཤིས་ཚིག་གསུངས་གནང་ཡོད། ཁོང་གིས། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠སོང་ཚུན། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བས་སྤྱིར་བཏང་མིན་པའི་གོང་འཕེལ་གྱི་ལོ་རྒྱུས་ལམ་བུ་བརྒྱུད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ད་ཆ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་ལ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ནི་ཨུ་རུ་སུའི་ཉོ་ཚོང་རོགས་པ་ཆེ་ཤོས་དེ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ནུས་ཁུངས་དང་། མཁའ་འགྲུལ་མཁའ་སྐྱོད། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་ཟའི་འབྲས་བུ་ཐོབ་ཡོད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རོགས་ལས་དམ་ཟབ་བྱས་པས་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་། ཀུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ། མིའི་རིགས་ལ་འཕྲད་པའི་འགྲན་རྩོད་གསར་པ་དང་འཇིགས་སྐུལ་གསར་པར་ཁ་གཏད་གཅོག་པ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨུ་རུ་སུ་དང་ཀྲུང་གོས་འཛམ་གླིང་སྣེ་མང་ཅན་ལ་འགྱུར་རྒྱུར་མཉམ་དུ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་བྱེད་པ། འདྲ་མཉམ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་དེ་རིང་མཉམ་འབྲེལ་གསལ་བསྒྲགས་ལ་མཉམ་དུ་མིང་རྟགས་བཀོད་པ་མ་ཟད་དེ་ཁྱབ་སྤེལ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བརྗིད་ཆེའི་དམིགས་འབེན་སྔར་ལས་ལྷག་པ་བཏོན་ཡོད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་ཆེད་མཉམ་དུ་འབད་བརྩོན་བྱ་འདོད་ཡོད་ཅེས་བསྟན་ཡོད།
              སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་འགོ་བརྗོད་དུ་ལག་གདང་སྦྲེལ་ཏེ་འབད་བརྩོན་དང་། དཔུང་པ་མཉམ་གཤིབ་ངང་མདུན་དུ་སྐྱོད། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་འཁོད་པའི་ཤིས་ཚིག་གསུངས་གནང་བ་རེད།
              ཞི་ཅིན་ཕིང་གིས། དེ་རིང་། ང་ཚོས་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཟབ་རྒྱས་ཞུས་པ་དང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་མཚམས་འདིར་བསུ་བ་ཞུས་ཡོད། ང་ཚོས་དཀའ་སྤྱད་ཚད་མེད་ཀྱི་རྒྱལ་སྲུང་དམག་འཁྲུག་དང་ལྗར་འགོག་དམག་འཁྲུག་རིང་། ཀྲུང་གོ་དང་སུ་ལན་དམག་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་པ་དང་། ཐུན་མོང་ཐོག་ཧྥ་ཤི་སིའི་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ། ཤ་ཁྲག་ལ་བརྟེན་ནས་གཏོར་ཐབས་བྲལ་བའི་དམག་འཐབ་ཀྱི་བརྩེ་སེམས་གཏོད་པ་བརྗེད་མི་སྲིད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་གཉིས་པར། སུ་ལན་གྱིས་ཁས་ལེན་བྱས་པ་མ་ཟད་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། ཀྲུང་གོ་གསར་པའི་འཛུགས་སྐྲུན་ཉམས་པ་སླར་གསོ་བྱེད་པའི་ལོ་ཟླའི་ནང་། སུ་ལན་གྱི་རིགས་གཅིག་མཁས་པ་མང་པོས་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ཀྲུང་གོ་གསར་པའི་བཟོ་ལས་ཅན་གྱི་རྨང་གཞི་འདིང་རྒྱུར་རོགས་རམ་བྱས་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་གཏམ་བཟང་གཏོད་ཡོད། དུས་རབས་21པར་སླེབས་པ་དང་། ཕྱོགས་གཉིས་པོས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བར་རིམ་སྤར་བྱས་པས། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་མིག་དཔེ་གཏོད་ཡོད་ཅེས་གསུངས་པ་དང་།
              ཞི་ཅིན་ཕིང་གིས། ལོ་ངོ་བདུན་ཅུའི་འགྱུར་བ་དང་ཚོད་བགམ་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་སྔར་བས་བྱང་ཆུབ་པ་དང་བརྟན་པོར་འགྱུར་ཡོད། ང་རང་དང་ཙུང་ཐུང་ཕུ་ཅིང་གིས་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་བཏང་ནས། ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བ་དང་། གོང་འཕེལ་དེ་བས་ཆེ་བའི་དུས་རབས་གསར་པ་གཏོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅེས་ནན་བཤད་གནང་བ་དང་།
              ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་ཀྱིས་རྨང་གཞི་བྱེད་པ་དང་། ཕན་ཚུན་འཐབ་ཇུས་བརྟེན་ས་བརྟན་པོ་འཛུགས་པ། ཕ་རོལ་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བའི་འཐབ་ཇུས་ཁ་ཕྱོགས་དམ་འཛིན་བརྟན་པོ་བྱེད་དགོས། ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཁེ་ཕན་གྱི་འབྲེལ་ཐག་དམ་དུ་གཏོང་བ། མུ་མཐུད་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཡོ་རབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་བཅས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས། དམངས་སེམས་མཉམ་མཐུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་དང་ས་གནས་ཁག་གིས་སྤེལ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐུལ་མ་བཏང་ནས། ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་བརྒྱུད་སྤྲོད་ཡག་པོ་བྱེད་དགོས། འགན་འཁྲི་སྔར་ལས་ལྷག་པ་འཁུར་ནས་ལས་དོན་བསྒྲུབ་པ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མ་ཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་དེ་བས་དར་རྒྱས་བརྟན་ལྷིང་དང་གཞུང་དྲང་དྲང་བདེན་གྱི་འཛམ་གླིང་སྐྲུན་པ་བཅས་བྱས་ཏེ། མཉམ་དུ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་དགོས་ཞེས་བསྟན་གནང་ཡོད་པ་རེད།
              ཞི་ཅིན་ཕིང་གིས། འདས་པ་དང་། ད་ལྟ། མ་འོངས་གང་ཞིག་ཡིན་ནའང་། ཀྲུང་གོ་དང་ཨུ་རུ་སུ་ནི་གནས་སྤོ་བྱ་ཐབས་བྲལ་བའི་གྲོང་པ་ཡག་པོ་དང་། ཁ་ཕྲལ་ཐབས་བྲལ་བའི་རོགས་པ་ངོ་མ་ཡིན་པ་ལོ་ངོ་བདུན་ཅུའི་ལོ་རྒྱུས་ཉམས་མྱོང་ལས་གསལ་བཤད་གང་ལེགས་བྱས་ཡོད། ང་ཚོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་། དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་པ་དང་། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བའི་འབྱུང་འགྱུར་ཡག་པོ་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་གསུངས་གནང་བ་དང་།
              ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་གསུང་བཤད་ལ་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།
              དེ་རྗེས། ཞི་ཅིན་ཕིང་གིས་ཕུ་ཅིང་དང་ལྷན་དུ་༼དགའ་སྤྲོའི་སྤེལ་རེས་ཀྱི་ཀྲུང་གོ་དང་ཨུ་རུ་སུ་༽ཞེས་པའི་མི་ཆོས་རིག་གནས་སྤེལ་རེས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོའི་བརྙན་ཐུང་ལ་གཟིགས་པ་མ་ཟད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་སྒྱུ་རྩལ་མཁས་པས་མཉམ་འབྲེལ་ཐོག་རིག་རྩལ་འཁྲབ་སྟོན་བྱས་པར་གཟིགས་ཡོད་པ་རེད།
              འཁྲབ་སྟོན་ནི་ཨུ་རུ་སུའི་དམངས་གཞས་༼ཡངས་པའི་སྲང་ལམ་དང་བསྟུན་ནས་བསྐྱོད་༽ཅེས་པའི་ཁྲོད་འགོ་ཚུགས་ཡོད། ༼རྟེན་འབྲེལ་ཞུ་བའི་འགོ་ཚུགས་གླུ་གཞས་༽ནང་ཕུན་སུམ་ཚོགས་པའི་ཀྲུང་གོའི་མི་རིགས་འབུད་དཀྲོལ་རོལ་ཆས་བཀྲ་ཤིས་ལ་རྟེན་འབྲེལ་བཟང་བའི་དུས་སྟོན་གྱི་རྣམ་པ་གང་ལེགས་མངོན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་སྒྱུ་རྩལ་མཁས་པས་མཉམ་དཀྲོལ་བྱས་པའི་ཀྲུང་གོའི་རོལ་དབྱངས་༼བ་སྤུ་མེ་ཏོག་༽ཅེས་པ་དང་ཨུ་རུ་སུའི་རོལ་དབྱངས་༼མེ་ཏོག་ཧུང་མེ་རྣམ་པར་བཞད་༽ཅེས་པའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་བསྔགས་བརྗོད་ཞུས་ཡོད། ༼ཤར་ཕྱོགས་ཀྱི་སྨོན་འདུན་༽ཞེས་པའི་ཐོག་ནས་གོ་དོན་གཏིང་ཟབ་པའི་རོལ་དབྱངས་རྣམ་པ་ཞིག་གྲུབ་ཡོད། འཁྲབ་སྟོན་ནི་ཨུ་རུ་སུའི་མི་རིགས་རོལ་དབྱངས་༼ཁཱ་ལིན་ཁཱ་༽ཞེས་པའི་ཁྲོད་མཇུག་འགྲིལ་ཡོད།
              ཀྲུང་གོ་དང་ཨུ་རུ་སུའི་ལས་རིགས་ཁག་གི་མི་སྣ་༡༦༠༠ཙམ་ཞུགས་ཡོད།
              དྲན་གསོའི་ཚོགས་ཆེན་མ་འཚོག་གོང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་མཛད་ཡོད།
              ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་བཅས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།