ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་བ་མ་ཟད་སྐབས་ཉི་ཤུ་རྩ་གསུམ་པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པའི་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2019-06-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྒྱལ་པོ། དབང་འདུས།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ2019ལོའི་ཟླ་6པའི་ཚེས5ཉིན་ནས་ཚེས7ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད། སྐབས་ཉི་ཤུ་རྩ་གསུམ་པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པ་རེད།
             ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ70འཁོར་བའི་དུས་སྐབས་དང་། འཛམ་གླིང་ལ་ཉེ་བའི་ལོ་བརྒྱའི་ནང་མཐོང་དཀོན་པའི་འགྱུར་ལྡོག་འགྲོ་བའི་སྐབས་འདིར། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ད་ཐེངས་ཨུ་རུ་སུར་འཚམས་འདྲི་གནང་བ་དེ་ནི་སྔར་ཤུལ་རྒྱུན་འཛིན་དང་། མ་འོངས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། ཤུགས་རྐྱེན་ཆེན་པོ་ལྡན་པ་ཞིག་རེད། ཐེངས་འདིའི་འཚམས་འདྲིས་བཏང་བའི་བརྡ་རྟགས་ནི། ཀྲུང་གོ་དང་ཨུ་རུ་སུས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་དང་རོགས་ལས་བྱེད་ཚད་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་མཐུན་ནི་འགྱུར་བ་མེད་པ་ཞིག་དང་། ཀྲུང་གོས་འབོད་སྐུལ་བྱེད་པའི་གཉིས་ཕན་མཉམ་རྒྱལ་གྱི་ཆོད་སེམས་ནི་སྲ་བརྟན་འགྱུར་མེད་ཅིག་ཡིན་ཞིང་། དེར་རླུང་འཚུབ་དྲག་ཆར་གྱིས་གཡོ་འགུལ་གཏོང་མི་ཐུབ་པ་དང་། དེས་རྒྱལ་ཁབ་ཆེན་མོའི་འབྲེལ་བ་བརྟན་དུ་བཏང་བ་དང་། འཛམ་གླིང་ཧྲིལ་པོའི་གོང་འཕེལ་ལ་གསོན་ཤུགས་གསར་སྣོན་བྱས་པ། རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ནུས་ཁ་སྣོན་བྱས་པ་བཅས་རེད།
             ཉིན་གསུམ་ཡང་མ་ཟིན་པའི་དུས་ཚོད་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་མོ་སེ་ཁོ་དང་ཧྲེང་པི་ཏེ་པའོ་ཁག་གཉིས་ལ་ཕེབས་པ་དང་། བྱེད་སྒོ་ཁག20མ་ཟིན་ཙམ་ལ་ཞུགས་ཤིང་། དེ་དག་ཆབ་དཔལ་རིག་གསུམ་དང་། ཕྱོགས་གཉིས་དང་ཕྱོགས་མང་དང་འབྲེལ་བ་ཡོད་པ་དང་། མཛའ་བཤེས་གླེང་རེས་དང་། གྲོས་མཐུན་གཅིག་སྡུད། མཉམ་ལས་ལ་སྐུལ་འདེད་བཅས་གནང་བས། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།
             རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྤེལ་རེས་ཟབ་མོ་དང་འཐབ་ཇུས་སྣེ་ཁྲིད་ཀྱི་རྐྱེན་ལས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཉེ་བའི་ལོ་ཤས་ནང་གོང་འཕེལ་ཆེན་པོ་ཕྱིན་ནས། ལོ་རྒྱུས་ཐོག་འབྲེལ་བ་ཡག་ཤོས་ལ་སླེབས་ཡོད། འཚམས་འདྲིའི་སྐབས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕན་ཚུན་ཚད་མཐོ་པོའི་ཡིད་ཆེས་བྱེད་པ་དང་། མཛའ་བརྩེ་ཐུགས་སྣང་གཤིན་པོའི་རྣམ་པའི་ཁྲོད། ཕྱོགས་གཉིས་འབྲེལ་བ་དང་རྒྱལ་སྤྱིའི་དུས་བབ་ཀྱི་གནས་བབ་ཧྲིལ་པོའི་རང་བཞིན་དང་། ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གང་ལེགས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་དཔང་པོར་གྱུར་བའི་མོ་སེ་ཁོའི་ཟློས་གར་ཁང་ཆེན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུ་ཅིང་རྣམ་གཉིས་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ལོ་རྒྱུས་ལ་ཕྱིར་དྲན་དང་ཉམས་མྱོང་ལ་ཕྱོགས་སྡོམ་དང་། མ་འོངས་པར་ཁ་ཕྱོགས་ནས་འཆར་འགོད་དཔེ་རིས་འབྲི་བཞེངས་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་རྟགས་བཀོད་ནས། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་དུས་བསྟུན་ཡར་རྒྱས་ཡོང་བ་དང་། སྤུས་རིམ་འཕར་སྣོན་ཡོང་བ་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་དང་། གང་དེ་ཐེངས་འདིའི་འཚམས་འདྲིའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་སུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཐབ་ཇུས་ཀྱི་གཟིགས་སྟངས་དང་སྤྱི་ཡོངས་ཀྱི་གཟིགས་ཕྱོགས་ཐོག་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གནས་ཐིག་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་གནང་ནས། ཕན་ཚུན་བར་གྱི་ཡིད་ཆེས་དེ་རྨང་རྡོར་བཟུང་ཐོག ཕན་ཚུན་བར་གྱི་འཐབ་ཇུས་ཀྱི་གཞི་རྟེན་བརྟན་པོ་འཛུགས་པ་དང་། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས། ལག་གདང་དཔུང་སྦྲེལ་གྱིས་མཉམ་དར་ཡོང་བ་བྱེད་པ། དམངས་སེམས་ཀྱི་འབྲེལ་གཏུགས་ལ་སྐུལ་འདེད་ཀྱིས། མི་རབས་ནས་མི་རབས་བར་གྱི་མཛའ་འབྲེལ་གྱི་རྨང་གཞི་བརྟན་དུ་གཏོང་བ། འགན་སེམས་དང་བྱེད་སེམས་དེ་བས་ཆེ་བའི་ཐོག་ནས། འཛམ་གླིང་གི་ཞི་བདེ་ལྷིང་འཇགས་ལ་སྲུང་སྐྱོབ་བཅས་བྱ་དགོས་ཞེས་ནན་སྟོན་གནང་བ་དང་། དགོངས་ཚུལ་གལ་ཆེན་དེ་དག་ལ་ཙུང་ཐུང་ཕུ་ཅིང་ནས་ཡོངས་སུ་མོས་མཐུན་གནང་ཡོད་པ་རེད།
             མིག་སྔར་འཛམ་གླིང་གི་གནས་སྟངས་ལ་འགྱུར་བ་མགྱོགས་པོ་འགྲོ་བ་དང་། ཕྱོགས་རྐྱང་དབང་ཤེད་ཀྱི་བྱ་སྤྱོད་གང་སར་ཐོན་པས། ཀྲུང་གོ་དང་ཨུ་རུ་སུར་འཕྲད་པའི་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་ཐུན་མོང་གི་འགྲན་རྩོད་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། འཛམ་གླིང་གི་གནས་བབ་ཧྲིལ་པོར་གཞིགས་ནས། འདས་མ་ད་གསུམ་གང་ཞིག་ཡིན་རུང་། ཀྲུང་ཨུ་གཉིས་ནི་གཏན་འཇགས་ཀྱི་ཁྱིམ་མཚེས་དང་། ཁ་ཕྲལ་ཐབས་མེད་པའི་རོགས་པ་ངོ་མ་ཡིན། ཕྱོགས་གཉིས་པོས་ཁྱིམ་མཚེས་རོགས་པར་འཛིན་པ་དང་། སོ་སྲུང་རོགས་རེས་བྱས་ཐོག དེ་བས་དམ་པ་དང་། དེ་བས་བརྟན་པའི་ཐོག་ནས་མཉམ་དུ་ལང་དགོས་ཞེས་ནན་སྟོན་གནང་ཡོད། ཙུང་ཐུང་ཕུ་ཅིང་གིས། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་འགྱུར་མང་ཡིན་པས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་བརྟན་དུ་དང་ཟབ་ཏུ་གཏོང་དགོས་པ་དང་། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས། ང་ཚོས་ཐོབ་ཟིན་པའི་གྲུབ་འབྲས་ལ་ཡིད་ཚིམ་ནས་སྡོད་རྒྱུ་མེད། ད་དུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་དེ་བས་ཡག་པོ་ཡོང་བ་བྱ་དགོས་ཞེས་གསུངས་ཡོད། ཕྱོགས་གཉིས་པོས་མ་གྲོས་གཅིག་མཐུན་ངང་། ཕན་ཚུན་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཟབ་གཏོང་དང་། འཐབ་ཇུས་འབྲེལ་གཏུགས་ལ་ཤུགས་སྣོན། ཕན་ཚུན་བར་གྱི་རོགས་རེས་ལ་ཤུགས་སྣོན་བཅས་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་དམ་དུ་འཛིན་པ་དང་། འདྲ་མཉམ་དྲང་བདེན་རྒྱུན་འཁྱོངས་དང་། འགན་སེམས་དང་བདེན་འཛིན་རྒྱུན་འཁྱོངས་ཀྱིས། འགན་སེམས་ཆེ་ཞིང་བདེན་པའི་རྒྱབ་ལངས་མངོན་པར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱ་རྒྱུའི་མོས་མཐུན་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་དགོངས་འཆར་བརྗེ་རེས་གནང་བ་མ་ཟད། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་རྟགས་བཀོད་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་བདེ་འཇགས་ཁྱབ་ཁོངས་ནང་མཉམ་དུ་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། ས་ཁུལ་གྱི་བདེ་འཇགས་གནད་དོན་ཐད་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བའི་གཅིག་མཐུན་གསུང་སྒྲ་བསྒྲགས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་དམིགས་བསལ་རང་བཞིན་དང་། འཐབ་ཇུས་རང་བཞིན། གོ་ལའི་རང་བཞིན་བཅས་མངོན་པར་གནང་ཡོད། 
             ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུ་ཅིང་དང་ཙུང་ལི་མེ་ཏེ་ཝེ་ཅི་ཧྥུ་དང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སུའི་དངོས་སྒྲུབ་མཉམ་ལས་ལ་ཁྱོན་ཡོངས་ནས་འཆར་འགོད་གནང་བ་དང་། མཐོ་རིམ་འཆར་འགོད་གནང་བ་མ་ཟད། ཞིབ་ཕྲའི་བཀོད་སྒྲིག་གནང་ནས། གསར་སྤེལ་གསར་གཏོད་དང་། གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་ལ་གཞིགས་ཏེ། རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་དང་། ཁེ་ཕན་མཉམ་འདྲེས་གཏིང་ཟབ། དམངས་སེམས་དང་དམངས་འདོད་མཉམ་བསྲེས་ཟབ་མོ་བཅས་ལ་སྔར་བས་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་མུ་མཐུད་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་བྱ་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་འགོ་དང་ཡོ་རོབ་དང་ཨེ་ཤེ་ཡ་ཆེན་མོའི་རོགས་པའི་འབྲེལ་བའི་གྲོས་འགོར་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་གཞི་གཅིག་ཅན་དང་ས་ཁོངས་དཔལ་འབྱོར་མཉམ་འདྲེས་གོང་འཕེལ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཕྱོགས་གཉིས་པོས་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་མོར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་དང་། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ། ས་ཁུལ་དཔལ་འབྱོར་གྱི་བཟང་ཆ་གསབ་རེས་བཅས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་དང་འབོར་ཚད་མང་དུ་འགྲོ་བ་བྱ་རྒྱུ་དང་། ཕྱོགས་གཉིས་ཉོ་ཚོང་གི་རིན་ཐང་ཨ་སྒོར་དུང་ཕྱུར་2000ལ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
             ད་ལོའི་སྤྱི་ཟླ་4པར་ཆིང་ཧྭ་སློབ་ཆེན་གྱིས་ཙུང་ཐུང་ཕུ་ཅིང་ལ་མཚན་འཛིན་འབུམ་རམས་པའི་སློབ་གནས་གནང་བར་དཔང་པོ་གནང་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་ཨུ་རུ་སུར་འཚམས་འདྲི་གནང་རིང་ཙུང་ཐུང་ཕུ་ཅིང་གི་མ་ཡུམ་སློབ་གྲྭ་ཧྲེང་པི་ཏེ་པའོ་རྒྱལ་བཙུགས་སློབ་ཆེན་གྱིས་གནང་བའི་མཚན་འཛིན་འབུམ་རམས་པའི་སློབ་གནས་དང་ལེན་ཞུས་ཡོད་པས། ཀྲུང་གོ་དང་ཨུ་རུ་སུའི་གཙོ་བདག་བར་གྱི་འགྲོ་འོང་དང་མི་ཆོས་རིག་གནས་སློབ་གསོའི་སྤེལ་རེས་ཀྱི་གཏམ་བཟང་གཏོད་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཐུན་མོང་ཐོག་དཔལ་འབྱོར་ཉོ་ཚོང་དང་ནུས་པའི་འབྱུང་ཁུངས། ཚན་རྩལ། མཁའ་སྐྱོད། ཞིང་ལས། སློབ་གསོ་སོགས་རྒྱ་ཆེའི་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་30ཙམ་ལ་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད་པས། ཕྱོགས་ཡོངས་དང་བང་རིམ་ཟབ་པ། ཁྱབ་ཁོངས་མང་བ་བཅས་ཀྱི་ཀྲུང་གོ་དང་ཨུ་རུ་སུའི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་ཆགས་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་བསྐྲུན་རྒྱུ་རེད།
             ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ནི་ཕྱོགས་ཁག་གིས་མཉམ་དུ་འཛམ་གླིང་དཔལ་འབྱོར་གོང་འཕེལ་གླེང་བའི་སྟེགས་བུ་གལ་ཆེན་ཞིག་རེད། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་གཏོད་པ་ཞེས་པ་དེ་ཡིན་པས། དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། རྒྱུན་མཐུད་གོང་འཕེལ་ནི་མིག་སྔའི་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན་ལ། ཕྱོགས་ཁག་གི་ཁེ་ཕན་ཆེ་ཤོས་མཉམ་མཐུན་བྱེད་ས་དང་མཉམ་ལས་བྱེད་གནས་ཡག་ཤོས་ཤིག་ཀྱང་ཡིན་ཞེས་གསུངས་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ནང་གཏན་འཁེལ་བྱས་པའི་དཔལ་འབྱོར་འཕར་སྣོན་དང་སྤྱི་ཚོགས་གོང་འཕེལ། ཁོར་ཡུག་སྲུང་སྐྱོབ་བཅས་ལས་འགན་ཆེ་བ་གསུམ་ལ་གཞིགས་ནས། མ་ལག་ལྡན་པའི་ངང་རྒྱལ་སྤྱིའི་གོང་འཕེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་དང་དགོངས་ཚུལ་རྒྱས་བཤད་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནི་གཟིགས་རྒྱང་རིང་བ་དང་། གཡོ་ཟོལ་མེད་ལ་ཆོད་སེམས་བརྟན་པ་ཞིག་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོ་དང་འཛམ་གླིང་ཧྲིལ་པོའི་རྒྱུན་མཐུད་གོང་འཕེལ་གྱི་མདུན་ལྗོངས་ལ་བཅངས་པའི་སེམས་ཤུགས་ཇེ་ཆེར་བཏང་ཡོད། ཕྱོགས་ཁག་གིས་ཡོངས་ཁྱབ་ཐོག ཀྲུང་གོས་རང་རྒྱལ་ཁབ་སྔོན་ལ་འཇོག་པའི་སྒེར་སེམས་ཆེ་བའི་མཚན་ཉིད་རིག་པ་ལག་བསྟར་མི་བྱེད་པ་དང་། གཞན་ཕམ་རང་རྒྱལ་གྱི་མཐུན་ཐབས་མེད་པའི་གནས་ལུགས་ལག་བསྟར་མི་བྱེད་པར། རང་ཉིད་གོང་འཕེལ་དེ་འཛམ་གླིང་ཧྲིལ་པོའི་གོང་འཕེལ་ཁྲོད་འཇོག་པ་དང་། རྒྱལ་ཁབ་ཁག་དང་མཉམ་འགུལ་ཡག་པོ་བྱེད་པའི་ཁྲོད་ཀུན་ཕན་མཉམ་རྒྱལ་ཡོང་ཐབས་བྱེད་ཀྱི་ཡོད་པས། འཛམ་གླིང་དཔལ་འབྱོར་ལ་ཁྲོམ་ར་ཟམ་མི་ཆད་པ་མཁོ་འདོན་བྱས་པ་མ་ཟད། སྒུལ་ཤུགས་སྣོན་པ་དང་གོ་སྐབས་སྐྲུན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།